2023ལོར། ངས་ཁྱིམ་ཚང་གི་ལྟོ་རྒྱབ་ཆེད་དུ། དབྱར་རྩྭ་དགུན་འབུ་ཡོད་པའི་རྩྭ་ས་ཞིག་གླ་འདོད་པའི་འཆར་གཞི་འཐེན་སྒང་ལ། རྡོ་རྗེ་ཡིས་མ་གཞི་ཕྱུགས་འཚོ་ས་རྐྱང་རྐྱང་ཡིན་ཞིང་དབྱར་རྩྭ་ཨེན་ཙམ་ཡང་མི་སྐྱེ་པའི་མུའུ2000ལྷག་ཡོད་པའི་ཁོ་ཚང་གི་རྩྭ་སའི་སྟེང་། ང་ལ་དབྱར་རྩྭ་མོད་པོ་སྐྱེ་རབས་ཀྱི་རྫུན་བཤད་ནས་རྩྭ་ས་གླ་རུ་བཅུག་རྗེས།ངེད་གཉིས་ཀྱིས་ཕན་ཚུན་བར་གན་རྒྱ་བཞག་པར་མ་ཟད་ངས་གླ་རིན་སྒོར་ཁྲི50ཁ་མལ་ནས་ཁོ་ལ་སྤྲད།འདིེར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རྡོ་རྗེ་ཡིས་ང་ལ་འདི་ལྟར་མགོ་སྐོར་བཏང་ན་ཇི་ལྟར་ཐག་གཅད་དགོས།
རྡོ་རྗེ་ཡིས་རང་ཁྱིམ་གྱི་རྩྭ་སའི་སྟེང་དབྱར་རྩྭ་དགུན་འབུ་མི་སྐྱེས་པ་ཤེས་བཞིན་དུ། ཁྱོད་ལ་ཁོ་ཚང་གི་རྩྭ་ས་ནི་དབྱར་རྩྭ་དགུན་འབུ་ཡོད་པའི་རྩྭ་སའི་ཁོངས་སུ་གཏོགས་པའི་རྫུན་བཤད་དེ་དབྱར་རྩྭ་ཡོད་པའི་ངོས་འཛིན་ནོར་འཁྲུལ་བྱུང་དུ་བཅུག་ནས་རྩྭ་སའི་གླ་གཏོང་གན་རྒྱ་བཞག་པ་དང་གླ་སྒོར་ཁྲི50བླངས་པས། རྡོ་རྗེ་ཡི་བྱ་སྤྱོད་རྒྱུ་ནོར་གཡོ་ལེན་བྱས་པའི་ནག་ཉེས་བཟོས་པར་དོགས་གཞི་ཡོད།
རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན226པའི་གཏན་འཁེལ་ལྟར་ན། “གཞུང་སྒེར་གྱི་རྒྱུ་ནོར་འབོར་ཆེན་གཡོ་ལེན་བྱས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་བཅས་ཀྱི་ཉེས་ཆད་མཉམ་དུ་གཅད་རྒྱུའམ་དངུལ་ཆད་གཅིག་རྐྱང་བྱས་ནས་གཅད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ3ནས་ལོ10མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་གནས་ཚུལ་ཧ་ཅང་ཚབས་ཆེན་གཞན་དག་ཡོད་རིགས་ལ་དུས་བཀག་བཙོན་འཇུག་ལོ10ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་མཉམ་དུ་གཅད་རྒྱུའམ་རྒྱུ་ནོར་གཞུང་བཞེས་གཏང་རྒྱུ། བཅའ་ཁྲིམས་འདི་ལས་གཏན་འཁེལ་གཞན་ཡོད་ན་དེ་ལྟར་གཏན་འཁེལ་བྱ་རྒྱུ”ཞེས་བཀོད་ཡོད།