2022ལོའི་ཟླ6པའི་ཚེས18ཉིན། ངས་རྡོ་རྗེ་ཡི་ལག་ཏུ་སྒོ་ཁྲི10བསྐྱིས་པར་མ་ཟད་ཟླ་རེའི་སྐྱེད་ཀ་བརྒྱ་ཆའི་གཅིག་དང་བསྐྱིས་སྒོར་དུས་ཡུན་ལོ་གཅིག་ཡིན་པའི་ཁ་ཆད་བཞག་རྗེས།
རྡོ་རྗེ་ཡིས་དངུལ་ཁང་བརྒྱུད་དེ་ངའི་བྱང་བུའི་སྟེང་སྒོར་ཁྲི10བསྐུར་ཞིང་ངེད་གཉིས་ཀྱིས་བསྐྱིས་ཡིག་ཀྱང་ཁ་མལ་ནས་གསལ་པོར་བྲིས། བསྐྱིར་སྒོར་དུས་ཡུན་ལོངས་རྗེས། ངས་དུས་ལྟར་རྡོ་རྗེ་ལ་བསྐྱིར་སྒོར་དང་སྐྱེད་ཀ་སྟེར་མ་ཐུབ་པའི་ཁར་ཁོས་ཐེངས་གང་མང་ལ་བཏང་ཡོང་བའི་ཁ་པར་གཅིག་ཀྱང་དང་ལེན་མ་བྱས། དེར་བརྟེན། རྡོ་རྗེ་ཐབས་ཟད་དེ་ང་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་བསྐྱིས་སྒོར་དུས་ལྟར་སྟེར་དགོས་པའི་རེ་བ་བཏོན་པ་དང་། དེར་མ་ཟད་ཁོས་ཁྲིམས་ཁང་ལ་བཏོན་པའི་འདོད་ཚུལ་བདེན་དཔང་བྱ་ཆེད། དཔང་རྟགས་ལ་བསྐྱིས་ཡིག་དང་དངུལ་ཁང་གི་རྩིས་སྒྱུར་ཟིན་ཐོའི་དཔང་འཛིན་བཅས་སྤྲད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རྡོ་རྗེ་ཡིས་བཏོན་པའི་བདེན་དཔང་དེ་དག་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་འཐོབ་བམ།
རྡོ་རྗེ་ཡིས་སྤྲད་པའི་བསྐྱིས་ཡིག་དང་དངུལ་ཁང་གི་རྩིས་སྒྱུར་ཟིན་ཐོའི་དཔང་འཛིན་བཅས་ཀྱི་ཡོང་ཁུངས་ནི་ཁྲིམས་དང་མཐུན་པར་མ་ཟད་དོན་དངོས་དང་ཡང་མཐུན་པའི་ཁར། བདེན་པ་བདེན་ཐུབ་དང་ཐད་ཀར་གྱོད་གཞི་དང་འབྲེལ་བ་ཡོད་པས་ཡིད་རྟོན་བྱས་ཆོག་སྟབས། ཁྱོད་དང་རྡོ་རྗེ་གཉིས་ཀྱི་བར་དུ་བསྐྱིར་སྒོར་འབྲེལ་བ་གྲུབ་ཡོད།
རྡོ་རྗེ་ཡིས་བཏོན་པའི་འདོད་ཚུལ་སྒོར10དང་དེའི་སྐྱེད་ཀ་ནི《གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན196པ་དང་མཐུན་པ་སྟེ།
བསྐྱིས་སྒོར་གཏོང་ལེན་གྱི་གན་རྒྱ་ནི་སྒོར་བསྐྱི་མཁན་གྱིས་སྒོར་གཏོང་མཁན་གྱི་ལག་ནས་སྒོར་བསྐྱིས་པ་དང་བསྐྱིར་སྒོར་དུས་ཡུན་ལོངས་རྗེས་བསྐྱིར་སྒོར་ཕྱིར་སྟེར་དགོས་པར་མ་ཟད་སྐྱེད་ཀའང་སྟེར་དགོས་པའི་གན་རྒྱ་ཞིག་ཡིན། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་ཁྲོད་བསྐྱིས་སྒོར་གཏོང་ལེན་གྱི་གྱོད་དོན་འདྲི་གཅོད་བྱེད་པའི་བཅའ་ཁྲིམས་སྤྱད་འཐུས་ཀྱི་གནད་དོན་འགའི་སྐོར་གྱི་གཏན་འཁེལ》གྱི་དོན་ཚན26པའི་གཏན་འཁེལ་ལྟར་ན། “བསྐྱིས་སྒོར་གཏོང་ལེན་མཁན་ཕྱོགས་གཉིས་ཀས་ཁ་ཆད་བྱས་པའི་སྐྱེད་ཀའི་ཚད་དེ་ལོ་རེའི་སྐྱེད་ཀའི་ཚད་ཀྱི་བརྒྱ་ཆའི24ལས་བརྒལ་མེད་པ་དང་།
བསྐྱིས་སྒོར་གཏོང་མཁན་གྱིས་བསྐྱིས་སྒོར་ལེན་མཁན་ལ་ཁ་ཆད་བྱས་པའི་སྐྱེད་ཀའི་ཚད་ལྟར་སྐྱེད་ཀ་སྟེར་རྒྱུའི་རེ་བ་ཞུས་པ་དག་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས”ཞེས་བཀོད་ཡོད།བསྐྱིས་སྒོར་གཏོང་ལེན་མཁན་ཕྱོགས་གཉིས་ཀས་ཁ་ཆད་བྱས་པའི་སྐྱེད་ཀའི་ཚད་དེ་ལོ་རེའི་སྐྱེད་ཀའི་ཚད་ཀྱི་བརྒྱ་ཆའི36ལས་བརྒལ་བའི་ཆ་ཤས་དེའི་སྐྱེད་ཀའི་ཁ་ཆད་ལ་ནུས་པ་མེད། སྒོར་བསྐྱི་མཁན་གྱིས་སྒོར་གཏོང་མཁན་ལ་སྤྲད་ཟིན་པའི་ལོ་རེའི་སྐྱེད་ཀའི་ཚད་ཀྱི་བརྒྱ་ཆའི36ལས་བརྒལ་བའི་ཆ་ཤས་དེའི་སྐྱེད་ཀ་ཕྱིར་སྟེར་རྒྱུའི་རེ་བ་ཞུས་པ་དག་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས། ལོ་རེའི་སྐྱེད་ཀའི་ཚད་བརྒྱ་ཆའི36ལས་བརྒལ་བ་དེ་ཚད་མཐོའི་སྐྱེད་ཀ་ཡིན་པར་ངོས་འཛིན་དགོས།གོང་གི་གྱོད་དོན་འདིར་གཞིགས་ན། ཁྱོད་ཀྱིས་རྡོ་རྗེ་ལ་བསྐྱིས་པའི་སྒོར་ཁྲི10དང་དེའི་སྐྱེད་ཀ23000སྟེར་དགོས་ཤིང་། རྡོ་རྗེ་ཡི་དེ་ལས་གཞན་པའི་ཞུ་གཏུག་རེ་བར་ཁྲིམས་ཁང་གི་རྒྱབ་སྐྱོར་མི་ཐོབ།