ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱེད་ཐབས།

སྤེལ་དུས 2018-01-25 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་།
          དོན་ཚན་དང་པོ།  རང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་གི་བོད་རྒྱ་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་བཟོ་བ། སྤྱི་ཚོགས་ཚོང་རའི་ནང་གི་བོད་རྒྱ་ཡིག་མཉམ་སྤྱོད་བྱེད་པ་ཚད་ལྡན་ཅན་དུ་སྐུལ་འདེད་བཅས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》།《 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག》།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》བཅས་ཀྱི་གཏན་ཁེལ་གཞི་བྱས་ཏེ། རང་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།
          དོན་ཚན་གཉིས་པ།  བྱེད་ཐབས་འདི་ཁུལ་དང་ཁུལ་ཁོངས་གཏོགས་ཀྱི་ཏང་སྲིད་ལས་ཁུངས། མི་དམངས་ཚོགས་པ། ཁེ་ལས་དང་ལས་དོན་ལས་ཁུངས། ཞིང་ཆེན་གྱི་ཁུལ་དུ་སྡོད་པའི་ལས་ཁུངས། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་བཅས་ཀྱིས་སྤྱོད་པར་འཚམ་ལ། རང་སྐྱོང་རྫོང་དང་མི་རིགས་ཡུལ་ཚོའི་དག་གིས་འདིར་ཟུར་ལྟ་བྱས་ནས་ལག་བསྟར་བྱེད་དགོས།
          དོན་ཚན་གསུམ་པ། བྱེད་ཐབས་འདིའི་ནང་གི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་ཞེས་པ་ནི་སྤྱི་ཚོགས་སྤྱི་དམངས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་ལ་གོ་དགོས། དེའི་ནང་།
          གཅིག ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ། དྲག་ཆས་སྟོབས་ཤུགས། ཁེ་ལས་དང་ལས་དོན་ལས་ཁུངས་བཅས་ཀྱི་སྒོ་བྱང་། གཞུང་ཐམ། གཞུང་ཡིག་གི་དབུ་བྱང་། དཔངས་ཡིག ཚོགས་འདུའི་རྟགས་བྱང་། རས་བྱང་སོགས་ཀྱི་བོད་ཡིག་སྤྱོད་ཡིག
          གཉིས། རྒྱང་སྒྲོག་བརྙན་འཕྲིན་དང་གཙོ་རྒྱུགས་དྲྭ་ཚིགས། ཚགས་པར། དུས་དེབ། དཔེ་དེབ། སྒྲ་བརྙན་ཐོན་རྫས་སོགས་པར་སྐྲུན་བྱ་བའི་བོད་ཡིག་སྤྱོད་ཡིག
          གསུམ། རང་བྱུང་ས་ཁམས་ཀྱི་མིང་དང་སྲིད་འཛིན་དབྱེ་མཚམས་ཀྱི་ས་མིང་། གཞིས་པའི་ས་གནས་ཀྱི་མིང་། སྤྱི་བའི་འདུ་གནས་སོགས་གཞན་པའི་དོན་ལྡན་ས་མིང་གི་བོད་ཡིག་སྤྱོད་ཡིག
          བཞི། རིགས་སྣ་ཚོགས་ཀྱི་རིག་གནས་ཐད་ཀྱི་བྱ་འགུལ་ཆེ་གྲས་དང་ལུས་རྩལ། གནས་སྐོར། དུས་སྟོན་སོགས་བྱ་འགུལ་གྱི་བོད་ཡིག་སྤྱོད་ཡིག
          ལྔ། གནས་སྐོར་མཚོན་རྟགས་དང་མཛེས་ལྗོངས་རྟགས་མཚན་ཀྱི་བོད་ཡིག་སྤྱོད་ཡིག
          དྲུག རང་ས་གནས་ཀྱི་ཁྱད་ཐོན་ཚོང་རྫས་ཀྱི་མིང་དང་ཚོང་རྟགས། ཕྱི་ཐུམ། གསལ་བཤད་སོགས་ཀྱི་བོད་ཡིག་སྤྱོད་ཡིག
          བདུན། གྲོང་རྡལ་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་མིང་རྟགས་ཀྱི་བོད་ཡིག་སྤྱོད་ཡིག
          བརྒྱད། ཕྱི་རོལ་གྱི་གློག་རྡུལ་འཆར་ངོས་དང་ཕྱི་རོལ་གྱི་སྤྱི་ཕན་རང་བཞིན་གྱི་འགྲེམས་བརྡ། དངུལ་འཛིན་སྣ་ཚོགས་སོགས་སྤྱི་ཚོགས་ཡོངས་ལ་ཤེས་བར་བྱེད་པ་མ་ཟད། ཡི་གེ་ཡིས་མཚོན་པའི་བོད་ཡིག་སྤྱོད་ཡིག
          དགུ། གཞན་པའི་ཐུན་མོང་རང་བཞིན་དང་མཚོན་དོན་རང་བཞིན་ལྡན་པའི་བོད་ཡིག་སྤྱོད་ཡིག
          དོན་ཚན་བཞི་བ། རང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་ནང་དུ། གཤམ་གྱི་སྤྱི་ཚོགས་སྤྱོད་ཡིག་དག་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀ་མཉམ་སྤྱོད་བྱེད་དགོས།
          གཅིག རིགས་སྣ་ཚོགས་ཀྱི་གྲོས་ཚོགས་དང་། རིག་གནས་དང་ལུས་རྩལ། གནས་སྐོར། དུས་སྟོན་སོགས་བྱ་འགུལ་ཆེ་གྲས་ཀྱི་ཕྱི་ནང་གི་འགྲེམས་བརྡ་དང་ཡིག་བྱང་། ཚོགས་འདུའི་རྟགས་བྱང་། རས་བྱང་སོགས།
          གཉིས། ཏང་སྲིད་ལས་ཁུངས་དང་བཅའ་སྡོད་དམག་དཔུང་།མི་དམངས་ཚོགས་པ། ཞིང་ཆེན་གྱི་ཁུལ་དུ་སྡོད་པའི་ལས་ཁུངས། དངུལ་རྩ། བརྡ་འཕྲིན། སྦྲག་སྲིད། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་མིང་། ཚགས་པར་དང་དུས་དེབ་ཀྱི་མིང་། གཞུང་ཐམ། རྣོ་ཐེལ གཞུང་ཡིག་གི་ཁ་བྱང་། ཡིག་བྱང་། དཔངས་ཡིག བྱ་དགའི་བྱང་བུ། གོས་དར། ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་མིང་དཔར་ཡོད་པའི་ཡིག་ཤུབས་དང་ཡིག་ཤོག་སོགས།
          གསུམ། རླངས་འཁོར་ས་ཚིགས་ཀྱི་མིང་དང་རླངས་འཁོར་གྱི་གཏོང་རིམ། དུས་ཚོད་རེའུ་མིག འགྲིམ་འགྲུལ་མཚོན་རྟགས། རླངས་འཁོར་གྱི་སྒོ་བྱང་སོགས།
          བཞི། སྲང་ལམ་གྱི་མིང་དང་ལམ་རྟགས། ཚོང་ཁང་གི་སྒོ་བྱང་། སྤྱི་བའི་འདུ་གནས་ཀྱི་སྒྲིག་ཆས་ཀྱི་མིང་། ས་རྟགས། ཁུལ་ནང་ཁུལ་ཁེ་ལས་ཀྱི་ཐོན་རྫས། ཚོང་རྟགས། རིན་གོང་རེའུ་མིག་སོགས།
          ལྔ། རིམ་པ་སོ་སོའི་ལས་ཁུངས་ཀྱིས་འགྲེམ་བསྒྲགས་སམ་ཡང་ན་མར་བགྲམ་པའི་དམངས་ཡོངས་དང་ལས་བཟོ་བ་ཡོངས་ཀྱིས་ཤེས་དགོས་པ་དང་ཡང་ན་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་སྒྲིག་སྲོལ་དང་བསྒྲགས་ཡིག གལ་ཆེའི་ཡིག་ཆ། དྲིལ་སྒྲོག་དཔྱད་ཡིག་སོགས།
          དྲུག སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲིམས་སྦྱོར་ཡི་གེ་དང་བསྒྲགས་ཡིག ཁྲིམས་གཅོད་ཡི་གེ གཞན་པའི་ཁྲིམས་ལུགས་གཞུང་ཡིག་དང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ལས་ཁུངས་ཀྱི་འབྲེལ་ཡོད་དོན་རྐྱེན་འགན་ཁུར་གཏན་འཁེལ་ཡི་གེ་སོགས་དོ་བདག་པའི་དགོས་མཁོ་ལྟར་སྤྱོད་དགོས་པའི་བོད་རྒྱའི་ཡིག་རིགས་གཉིས།
          བདུན། སྡོད་དམངས་ཐོབ་ཐང་འཛིན་ཡིག་དང་ཁྱིམ་ཐོ། ཚོང་གཉེར་ལག་རྟགས། ཁྲལ་དོན་ཐོ་འགོད་འཛིན་ཡིག ཁ་ལོ་པའི་འཛིན་ཡིག ཁང་བདག་དཔང་ཡིགས་ཁོངས་བེད་སྤྱོད་དཔང་ཡིག བདེ་ཐང་འཛིན་ཡིག ལས་རྐང་དཔང་ཡིག་སོགས་དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས་བརྒྱུད་རིམ་ལྟར་རིམ་བཞིན་བོད་རྒྱ་ཡིག་རིགས་གཉིས་ཀ་མཉམ་སྤྱོད་བྱེད་དགོས།
          བརྒྱད། བོད་རྒྱ་ཡིག་རིགས་གཉིས་ཀ་མཉམ་སྤྱོད་བྱེད་དགོས་པའི་སྤྱི་ཚོགས་སྤྱོད་ཡིག་གཞན་དག
          དོན་ཚན་ལྔ་བ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་བོད་ཡིག་བྱ་བའི་དོ་དམ་སྡེ་ཁག་གིས་རང་མངའ་ཁོངས་ཀྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་བྱ་བར་མཛུབ་སྟོན་བྱེད་དགོས།  མི་སྣ་ངེས་གཏན་གྱིས་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་བྱ་བ་དང་ཞིབ་བཤེར་སོགས་བྱེ་བྲག་གི་བྱ་བ་འགན་ཁུར་བ་མ་ཟད། བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་གི་དོ་དམ་དང་ལྟ་ཞིབ། ལྟ་སྐུལ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། རིམ་པ་སོ་སོའི་སློབ་གསོ་དང་། འཕྲོད་བསྟེན། རིག་གནས། དམངས་སྲིད། ཚོང་ར་ལྟ་དོམ། སྤྱི་བདེ། འགྲིམ་འགྲུལ། རྒྱལ་ཁོངས། གནས་སྐོར། ཁྲལ་དོན། གྲོང་ཁྱེར་དོ་དམ། མཛེས་ལྗོངས་དོ་དམ། ས་འགུལ། མཁོ་བསྟུན་གཞུང་ལས་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་གི་འགན་འཁྲི་ལྟར་གཤམ་གྱི་བོད་ཡིག་སྤྱི་ཚོགས་སྤྱོད་ཡིག་དོ་དམ་ལ་འགན་ལེན་བྱེད་དགོས།
          གཅིག ཏང་སྲིད་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་དང་བྱ་བཞག་ལས་ཁུངས་ཀྱི་མིང་། གཞུང་ཡིག་གི་དབུ་བྱང་། ཡིག་ཤུབས། དཔང་ཡིག བསྒྲགས་ཡིག དྲིལ་བསྒྲགས་དཔྱད་ཡིག ཚོགས་འདུའི་རྟགས་བྱང་། རས་བྱང་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་རང་ལས་ཁུངས་ནས་མི་སྣ་དང་འགན་ཁུར་ཚན་ཁག་ངེས་གཏན་བྱས་ཏེ་འགན་ལེན་དོ་དམ་བྱེད་དགོས།
          གཉིས། ཚགས་པར་དང་དཔེ་དེབ། སྒྲ་བརྙན་ཐོན་རྫས་སོགས་ཀྱི་པར་སྐྲུན་བྱ་བའི་བོད་ཡིག་སྤྱོད་ཡིག་དེ་རྒྱང་བརྙན་སྡེ་ཁག་དང་གསར་འགྱུར་པར་སྐྲུན་སྡེ་ཁག་གིས་དོ་དམ་འགན་ལེན་བྱེད་དགོས།
          གསུམ། རང་བྱུང་ས་ཁམས་ཀྱི་མིང་དང་སྲིད་འཛིན་དབྱེ་མཚམས་ཀྱི་མིང་།སྡོད་དམངས་ས་གནས་ཀྱི་མིང་། གཞན་པའི་མིང་དོན་ལྡན་པའི་ས་མིང་གི་བོད་ཡིག་སྤྱོད་ཡིག་དེ་དམངས་སྲིད་སྡེ་ཁག་གི་དོ་དམ་འགན་ལེན་བྱེད་པ་མ་ཟད། འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་ཁེལ་གཞི་བྱས་ཏེ་འགྱུར་ཡིག་དང་འབྲི་སྲོལ་གཏན་ཁེལ་བྱེད་དགོས།
          བཞི། འགྲིམ་འགྲུལ་ལམ་བྱང་དང་རླངས་འཁོར་ས་ཚིགས་སོགས་ཀྱི་མཚོན་རྟགས།  འཕྲུལ་སྒུལ་འཁོར་ལོའི་སྒོ་བྱང་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་འགྲིམ་འགྲུལ་སྡེ་ཁག་དང་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་དོ་དམ་འགན་ལེན་བྱེད་དགོས།
          ལྔ། གནས་སྐོར་མཛེས་ལྗོངས་ས་ཁུལ་ནང་ཁུལ་གྱི་ཕྱོགས་སྟོན་མཚོན་བྱང་།གསལ་འདེབས་རྟགས་བྱང་།པ་སེ་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་གནས་སྐོར་སྡེ་ཁག་གི་དོ་དམ་འགན་ལེན་བྱེད་དགོས།
          དྲུག གྲོང་རྡལ་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་མིང་བྱང་དང་ཁེ་ལས་ལས་ཁུངས་ཀྱི་མིང་། ཚོང་རྫས་ཀྱི་མིང་། ཚོང་རྟགས། ཕྱི་ཐུམ།གསལ་བྱེད་ཡི་གེ་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་ཚོར་ར་ལྟ་དོམ་སྡེ་ཁག་གིས་དོ་དམ་འགན་ལེན་བྱ་དགོས། གྲོང་རྡལ་དུ་བཙུགས་ཡོད་པའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་སོགས་ཀྱིས་ཚོང་ར་ལྟ་དོམ་སྡེ་ཁག་ནས་བཟོ་ཚོང་མིང་ཐོའི་ཞིབ་མཆན་བླངས་རྗེས། ཚོང་གཉེར་བྱེད་མཁན་གྱིས《བཟོ་ཚོང་མིང་ཐོའི་ཞིབ་མཆན་བརྡ་སྦྱོར》བླངས་རྗེས་ས་གནས་དེ་གའི་བོད་ཡིག་གཞུང་ལས་ཁང་དུ་སོང་ནས་ཡིག་བསྒྱུར་བྱེད་པ་དང་བཟོ་ཚོང་མིང་ཐོ་ཡང་བསྐྱར་ཐོ་འགོད་བྱེད་དགོས། སྒོ་བྱང་སོགས་བཟོ་སྒྲིག་བྱེད་མཁན་གྱིས་ངེས་པར་དུ་ཚད་ལྡན་ངང་རྒྱ་བོད་ཤན་སྦྱར་གྱི་ཡི་གེ་སྤྱོད་དགོས།
          བདུན། ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས་དང་བྱ་བཞག་ལས་ཁུངས་ཀྱི་གཞུང་ཐམ། སྡོད་དམངས་ཐོབ་ཐང་འཛིན་ཡིག ཁྱིམ་ཐོ་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་སྤྱི་བདེ་སྡེ་ཁག་གིས་དོ་དམ་འགན་ལེན་བྱེད་དགོས།
          བརྒྱད། གྲོས་ཚོགས་ཆེ་གྲས་དང་བྱེད་སྒོ་གལ་ཆེན་སོགས་ཀྱི་རྟགས་བྱང་གི་བོད་ཡིག་སྤྱོད་ཡིག་དེ་གཙོ་གཉེར་ལས་ཁུངས་ཀྱི་འགན་ལེན་བྱེད་དགོས། ཁུལ་དང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཡིག་བསྒྱུར་དང་ལྟ་རྟོག་བྱ་བར་འགན་ལེན་བྱེད་དགོས།
          དགུ རང་ས་གནས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་བསླབ་གཞི་དང་རམ་འདེགས་ཀློག་དེབ་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་སློབ་གསོ་སྡེ་ཁག་གིས་དོ་དམ་འགན་ལེན་བྱེད་དགོས།
          བཅུ། གྲོང་རྡལ་གྱི་རྒྱན་སྤྲོས་རང་བཞིན་གྱི་སྒོ་བྱང་དང་སྤྱི་ཕན་རང་བཞིན་གྱི་འགྲེམས་བརྡ། འཛུགས་སྐྲུན་དངོས་བོའི་མཚོན་རྟགས། ཁང་བདག་དཔང་ཡིག་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་འཛུགས་སྐྲུན་ལས་ཁུངས་དང་གྲོང་རྡལ་ལྟ་དོམ་སྡེ་ཁག་གིས་འགན་ལེན་དོ་དམ་བྱེད་དགོས།
          བཅུ་གཅིག འཆར་གཞི་དང་འཛུགས་སྐྲུན། འཆར་འགོད་སྡེ་ཁག་བཅས་ཀྱིས་འཛུགས་སྐྲུན་ཇུས་འགོད་རི་མོ་དང་དཔེ་རིས་བཅས་ཞིབ་བཤེར་གཏན་འབེབས་བྱེད་སྐབས།ངེས་པར་དུ་བོད་ཡིག་བཀོལ་སྤྱོད་ཀྱི་གནད་དོན་ལ་བསམ་བློ་གཏོང་དགོས།
          བཅུ་གཉིས། ས་དབང་སྤྱོད་ཡིག་དཔང་ཡིག་དང་གཏེར་ཁ་སྔོག་འདོན་དཔང་ཡིག་སོགས་ཀྱི་བོད་ཡིག་སྤྱོད་ཡིག་དེ་རྒྱལ་ཁོངས་ནུས་ཁུངས་སྡེ་ཁག་གིས་དོ་དམ་འགན་ལེན་བྱེད་དགོས།
          བཅུ་གསུམ། རང་སྐྱོང་ཁུལ་ནང་ཁུལ་གྱི་ཆུ་ཁུངས་གཙོ་བོ་དང་ཆུ་བོ། མཚེའུ་ཆེ་ཆུང་སོགས་ཀྱི་མིང་གི་བོད་ཡིག་སྤྱོད་ཡིག་དེ་ཆུ་བེད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་རམ་འདེགས་བྱས་ཏེ་འགན་འཁྲིའི་ཁྱབ་ཁོངས་ལྟར་དོ་དམ་འགན་ལེན་བྱེད་དགོས།
          དོན་ཚན་དྲུག་པ། བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ནི་གཤམ་གྱི་ཚད་གཞི་དང་མཐུན་དགོས།
གཅིག བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གི་ཡིག་བསྒྱུར་ངེས་པར་དུ་ཡང་དག་འཁྲུལ་མེད་ཡིན་དགོས།
          གཉིས། ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ།ཁེ་ལས། ལས་དོན་ལས་ཁུངས་སོགས་ཀྱི་མིང་དང་སྒོ་བྱང་། གཞུང་ཐམ། གཞུང་ཡིག་གི་དབུ་བྱང་།  ཡིག་ཤུབས། དཔང་ཡིག  ཚོགས་འདུའི་རྟགས་བྱང་། ཚོང་ཟོག་གི་མིང་སོགས་ལ་བོད་ཡིག་བཀོད་དུས།ཡིག་མཁན་གྱི་ལག་བྲིས་ཕུད་པའི་གཞན་ངེས་པར་དུ་བོད་ཡིག་གི་དབུ་ཅན་འབྲི་དགོས།
          གསུམ། བོད་ཡིག་འབྲི་བ་དང་དཔར་བ།བརྐོ་བ། བྱུགས་པ་སོགས་ངེས་པར་དུ་ཚད་ལྡན་དང་ཡང་དག་ཡིན་དགོས་ཤིང་། བྱང་ངོས་གྲལ་དག་དང་འོས་འཚམ། མཛེས་པ་ཡིན་དགོས། ཡིག་ནོར་དང་ཡིག་ཆད། གཞན་པའི་རང་སྐྱོང་ཁུལ་གྱི་སྣང་བརྙན་ལ་ངན་ཤུགས་ཐེབས་པའི་ནོར་འཁྲུལ་འབྱུང་བ་གཏན་འགོག་བྱེད་དགོས།
          བཞི། བོད་རྒྱ་ཡིག་རིགས་གཉིས་ཀྱི་བཟོ་བྱེད་རྒྱུ་སྤུས་གཅིག་མཚུངས་ཡིན་དགོས་ལ།ཆེ་ཆུང་ཚད་གཞིའང་འོསམཐུན་ཡིན་དགོས།
          ལྔ། བོད་རྒྱ་ཡིག་རིགས་གཉིས་མཉམ་འབྲི་བྱེད་སྐབས་གཤམ་གྱི་སྒྲིག་སྲོལ་ལྟར་བསྒྲིགས་དགོས།བོད་རྒྱ་ཡིག་རིགས་གཉིས་ཀ་སོ་སོ་ཡིག་བྱང་རེ་རེའི་སྟེང་འབྲི་སྐབས། བོད་ཡིག་ཡིག་བྱང་གཡས་སུ་འགེལ་བ་དང་རྒྱ་ཡིག་ཡིག་བྱང་གཡོན་དུ་འགེལ་བ། ཡང་ན་བོད་ཡིག་ཡིག་བྱང་གོང་དུ་འགེལ་བ་དང་རྒྱ་ཡིག་ཡིག་བྱང་ཞོལ་ཏུ་འགེལ་བ། ཡིག་རིགས་གཉིས་མཉམ་དུ་འཕྲེད་འབྲི་བྱེད་སྐབས་བོད་ཡིག་གོང་དུ་འཇོག་པ་དང་རྒྱ་ཡིག་ཞོལ་ཏུ་འཇོག་པ། ཡང་ན་བོད་ཡིག་སྔུན་དང་རྒྱ་ཡིག་གཞུག་ཏུ་འཇོག་དགོས། མཉམ་དུ་ཐུར་རུ་འབྲི་སྐབས་བོད་ཡིག་གཡས་དང་རྒྱ་ཡིག་གཡོན་དུ་འཇོག་པ།ཟླུམ་དབྱིབས་ལྟར་འབྲི་སྐབས་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་བོད་ཡིག་ཕྱི་སྐོར་དུ་འཇོག་པ་དང་རྒྱ་ཡིག་ནང་སྐོར་དུ་འཇོག་པ། ཡང་ན་བོད་ཡིག་གཡས་ཕྱོགས་ཀྱི་ཟླུམ་ཕྱེད་ དང་རྒྱ་ཡིག་གཡོན་ཕྱོགས་ཀྱི་ཟླུམ་ཕྱེད་དུ་འཇོག་དགོས། ཕྱི་རྒྱལ་གྱི་ཡིག་རིགས་སམ་ཡང་ན་གྲངས་ཉུང་མི་རིགས་གཞན་པའི་ཡི་གེ་དང་མཉམ་དུ་འབྲི་སྐབས།བོད་ཡིག་དང་རྒྱ་ཡིག དེ་ནས་ཕྱི་ཡིག་གམ་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་གོ་རིམ་ལྟར་སྒྲིག་དགོས།
          དོན་ཚན་བདུན་པ། བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ལོ་ཙཱ་དང་འབྲི་བ། པར་བཟོ། བྱུགས་པ། སྒྲིག་བཟོ་སོགས་ལས་གཉེར་བྱེད་པའི་ཁེ་ལས་དང་ལས་དོན་ལས་ཁུངས།སྒེར་གཉེར་བཟོ་ཚོང་དུད་ཁྱིམ་བཅས་ལ་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་བའི་ལས་བཟོ་བ་ཡོད་ཚེ། ད་གཟོད་བྱ་བ་དངོས་ལག་ལེན་བྱས་ཆོག ཡིན་ཡང་གཟབ་ནན་གྱིས་བྱེད་ཐབས་འདིའི་གཏན་ཁེལ་ལྟར་སྒྲིག་བཟོ་བྱེད་དགོས། སྒྲིག་བཟོ་པའི་བྱ་བའི་ལག་ལེན་ལས་བཟོས་པའི་གྱོང་གུད་དེ། རིན་གོང་ལྟར་སྐྱིན་ཚབ་རྒྱག་དགོས།
          དོན་ཚན་བརྒྱད་པ། གཞུང་ཐམ་བརྐོ་བཟོ་བྱེད་སྐབས།ས་གནས་དེ་གའི་བོད་སྐད་ཡིག་བྱ་བའི་སྡེ་ཁག་གི་ཞུ་དག་ཆོག་མཆན་མེད་ན། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་འགྲོ་ལུགས་མི་སྒྲུབ། རིགས་སྣ་ཚོགས་ཀྱི་སྨྱན་བྱེད་ཀྱིས་བོད་ཡིག་བཀོལ་སྤྱོད་ཚད་ལྡན་མིན་པའི་སྤྱི་ཚོགས་ཚོང་རའི་བྱ་འགུལ་གྱི་བརྙན་གཟུགས་དེ།དྲིལ་སྒྲོག་དང་གསར་འགོད་མི་བྱེད། ཚོང་ར་ལྟ་དོམ་སྡེ་ཁག་གིས་གཉེར་སྐྱོང་འཛིན་ཡིག་ལས་སྒྲུབ་བྱེད་སྐབས།ངེས་པར་དུ་ནན་ཏན་གྱིས་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་ཀྱི་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས།སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་མིང་དང་ཁེ་ལས་ཀྱི་མིང་དེར་བོད་ཡིག་གི་འགྱུར་ཡིག་བཞག་མེད་པར།བོད་ཡིག་གི་འགྱུར་ཡིག་མཁོ་འདོན་བྱས་ཚེ། ད་གཟོད་ཐོ་འགོད་བྱས་ཆོག  རིགས་སྣ་ཚོགས་ཀྱི་པར་སྐྲུན་བཟོ་གྲྭ་དང་འགྲེམས་བརྡ་ཀུང་སིས་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་བྱས་མེད་པའི་དྲིལ་སྒྲོག་དཔྱད་ཡིག་དང་འགྲེམས་བརྡ་སྣ་ཚོགས་པར་སྐྲུན་དང་སྒྲིག་སྦྱོར་མི་བྱེད།
          དོན་ཚན་དགུ་བ། རིམ་པ་སོ་སོའི་སྲིད་གཞུང་གིས་ས་གནས་དེ་གའི་སྤྱི་བདེ་དང་ཚོང་ར་ལྟ་དོམ། གྲོང་ཁྱེར་དོ་དམ། བོད་སྐད་ཡིག་གཞུང་ལས་ཁང་སོགས་ལས་ཁུངས་རྩ་འཛུགས་བྱས་ནས་མཉམ་འབྲེལ་ཁྲིམས་སྤེལ་ཞིབ་བཤེར་ཚན་ཁག་བཙུགས་ཏེ། སྤྱི་ཚོགས་ཚོང་རའི་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་བྱེད་པའི་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱེད་པ་མ་ཟད། དེ་རྒྱུན་ལྡན་རང་བཞིན་དང་ཚད་ལྡན་རང་བཞིན་ཅན་དུ་གཏོང་དགོས།
          དོན་ཚན་བཅུ་བ། བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་དོ་དམ་བྱ་བ་དེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་དམིགས་འབེན་དཔྱད་ཞིབ་ཀྱི་དོན་ཚན་ནང་འཇོག་པ་དང་། དཔྱད་ཞིབ་བྱ་བའི་ཁྲོད་གཏན་ཁེལ་ལྟར་ལག་བསྟར་མི་བྱེད་པར། སློབ་གསོ་གཏོང་བ་དང་དུས་བཅད་དག་ཐེར་གྱི་བཀའ་བརྡ་གཏོང་དགོས། སྔར་བཞིན་ལག་བསྟར་མི་བྱེད་པར་ལས་ཁུངས་དེ་ག་དང་མི་སྒེར་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས།བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་དཔྱད་འདེམས་ཐོབ་ཐང་མེད་པར་བཟོ་རྒྱུ། གོང་གི་མཚན་སྙན་དེ་གཉིས་ཐོབ་ཡོད་པའི་ལས་ཁུངས་དང་མི་སྒེར་ལ། མཚན་སྙན་གནང་མཁན་ལས་ཁུངས་ལ་གྲོས་འདེབས་ཀྱིས་མཚན་སྙན་ཕྱིར་ལེན་པ་མ་ཟད། ཁུལ་ཡོངས་ཀྱི་མངའ་ཁོངས་ནས་སྐྱོན་བརྗོད་ཁྱབ་བསྒྲགས་བྱེད་རྒྱུ། ཞིང་ཆེན་གྱི་ཁུལ་དུ་སྡོད་པའི་ལས་ཁུངས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་བྱས་མེད་ཚེ།ལོ་མཇུག་ཏུ་ས་གནས་འཛུགས་སྐྲུན་བྱ་བའི་བྱས་རྗེས་དགའ་རྟགས་ཀྱི་དཔྱད་འདེམས་ཐོབ་ཐང་མེད་པར་བཟོ་བ་མ་ཟད། དེའི་གོང་རིམ་སྡེ་ཁག་ལ་སྙན་ཞུ་བྱེད་རྒྱུ།
          དོན་ཚན་བཅུ་གཅིག བོད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་གཙོ་བདག་སྡེ་ཁག་གི་ལས་བྱེད་མི་སྣས་ལས་འགན་སྣང་མེད་དང་འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པར། དེའི་སྲིད་འཛིན་གཙོ་བདག་སྡེ་ཁག་གིས་སྒྲིག་ལམ་སྒྲིག་སྲོལ་ལྟར་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེན་ཡིན་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ།
          དོན་ཚན་བཅུ་གཉིས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་ལས་འགན་ལྟར། ཕན་ཚུན་མཐུན་སྦྱོར་མཉན་འབྲེལ་བྱས་ཏེ། ཐུན་མོང་གིས་སྤྱི་ཚོགས་ཚོང་རའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་མཉམ་བཀོལ་བྱ་བའི་དྲིལ་སྒྲོག་ཟབ་སྦྱོང་དང་ལྟ་སྐུལ་བྱ་བ་ལེགས་པོར་བསྒྲུབ་དགོས། སུས་གཙོ་བདག་དང་སུས་འགན་འཁུར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་གྱིས་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་བསྟར་བྱེད་རྒྱུ། སྡེ་ཁག་ཕན་ཚུན་བར་འགན་འཁྲི་ཡོལ་བ་དང་ལས་འགན་སྣང་མེད་བྱེད་པར་འབྲེལ་ཡོད་འགན་ཁུར་མི་སྣའི་འགན་ཁུར་རྩད་གཅོད་བྱེད་རྒྱུ། བསམ་བཞིན་དུ་གེག་རྒྱ་བཟོ་བ་དང་ཁྲིམས་སྤེལ་མི་སྣའི་གཞུང་དོན་སྒྲུབ་པར་བར་ཆད་བཟོ་མཁན་ལ་ཁྲིམས་ལྟར་འགན་ཁུར་མི་སྣའི་འགན་ཁུར་རྩད་གཅོད་བྱེད་རྒྱུ།
          དོན་ཚན་བཅུ་གསུམ། བྱེད་ཐབས་འདི་ལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་འགྲེལ་བཤད་བྱེད་དགོས།