ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བཟའ་འཐོར་བྱས་ཟིན་པའི་བྱིས་པས་སློབ་ཆེན་འགྲིམས་སྐབས་ཡང་བསྐྱར་གསོ་རྟེན་བསླང་ཆོག་གམ།

སྤེལ་དུས 2018-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།
གྱོད་དཔེ།
             ཉི་མ་རྒྱལ་མཚན་གྱི་ཕ་མ་གཉིས་བཟའ་འཐོར་བྱས་ཏེ་ཁོ་རང་ཨ་མའི་དྲོད་ཁོལ་གྱི་ཀློང་ནས་འཚར་ལོངས་བྱུང་ཞིང་། མི་ལོ་བཅོ་བརྒྱད་ལ་འབུད་རག་བར་དུ་ཨ་ཕས་ཟླ་རེར་སྒོར་སྟོང་རེ་ཁོ་ལ་གསོ་རྟེན་དུ་བྱིན་པ་ཡིན། ད་ལོར་ཁོ་རང་མི་ལོ་ཉི་ཤུར་བུད་ཅིང་ཞིང་ཆེན་མི་རིགས་སློབ་ཆེན་འགྲིམ་བཞིན་ཡོད། ལོ་འགའི་ཡར་སྔོན་དུ་ཨ་མ་བཟོ་གྲྭ་ལས་ཕྱིར་བུད་དེ་ལས་ཤོར་ངལ་རྩོལ་པ་ཞིག་ཡིན་པ་མ་ཟད། མོ་ནད་ཅིག་ཕོག་སྟེ་རང་ཡུལ་དུ་སྨན་གསོ་བྱེད་ཀྱིན་ཡོད། ད་ནི་སློབ་ཆེན་གྱི་སློབ་ཡོན་དཀའ་ཞིང་སློབ་མའི་འཚོ་བའི་འགྲོ་གྲོན་ཤིན་ཏུ་ལྕི་བས། ཁོས་རྫོང་མི་རིགས་སློབ་འབྲིང་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་ཨ་ཕར་ཡང་བསྐྱར་འཚོ་བའི་གསོ་རྟེན་བསླང་ཆོག་གམ།
ཁྲིམས་བཤད།
             རང་རྒྱལ་གྱི《ཆེས་མཐོ་མི་དམངས་ཁྲིམས་གི་བཟའ་འཐོར་གྱོད་དོན་ཞིབ་གཅོད་བྱེད་དུས་བྱིས་པ་གསོ་འགན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ཞེས་པའི་ནང་དུ་འདི་ལྟར་གཏན་ཁེལ་བྱས་ཡོད་དེ། འཚོ་བར་རང་མགོ་མི་ཐོན་པའམ་ནར་མ་སོན་པའི་བྱིས་པར་གཤམ་གྱི་གནས་ཚུལ་ཁྱད་པར་ཅན་ལྡན་ན། ཕ་མར་གསོ་རྟེན་ནུས་པ་ཡོད་པ་ཡིན་ན་སྔར་བཞིན་བྱིས་པར་དགོས་ངེས་ཀྱི་གསོ་རྟེན་སྤྲོད་དགོས་སོ།
             གཅིག ངལ་རྩོལ་གྱི་ནུས་པ་ཤོར་བའམ་ཡང་ན་ཡོངས་སུ་ཤོར་མེད་ཀྱང་ཁོའི་ཡོང་སྒོ་ཁོ་ནར་བརྟེན་ནས་འཚོ་བ་སྐྱོང་མི་ཐུབ་པ། གཉིས། སློབ་གྲྭ་འགྲིམས་མུས་སུ་ཡོད་པ། གསུམ། འཚོ་བར་རང་མགོ་ཐོན་བྱེད་ཀྱི་ཆ་རྐྱེན་དང་ནུས་པ་ཅི་ཡང་མེད་པ་བཅས་ཀྱི་སྐབས་སུ་ཕ་མར་ཡང་བསྐྱར་གསོ་རྟེན་བསླང་ཆོག་སྟེ། སློབ་གྲོགས་ཉི་མ་རྒྱལ་མཚན་ནི་སློབ་ཆེན་འགྲིམ་བཞིན་ཡོད་ལ། ཁོའི་ཨ་མ་ཡང་ལས་ཤོར་མི་སྣ་ཞིག་ཡིན་པའི་ཁར་ནད་པ་ཞིག་རེད། ཁོའི་ཨ་ཕར་མཚོན་ན། ཁོ་མི་ལོ་བཅོ་བརྒྱད་ལ་འབུད་རག་བར་དུ་ཁོ་ལ་གསོ་རྟེན་བྱིན་ཡོད་ནའང་། ཁོ་རང་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་དང་གཏན་འཇགས་ཀྱི་ཡོང་འབབ་ཡོད་པས་བུ་ཆུང་གི་དངོས་ཡོད་འཚོ་གནས་ལ་གཞིགས་ནས་ཁོ་ལ་ཡང་བསྐྱར་གསོ་རྟེན་འོས་འཚམས་རེ་སྟེར་དགོས་སོ།