ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བགྲེས་སོང་རྒན་པོར་སྙོར་སྐྱོང་མ་ཐོབ་ན་ཇི་ལྟར་བྱ།

སྤེལ་དུས 2018-04-12 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།
གྱོད་དཔེ།
          ཨ་ཁུ་དགེ་ལེགས་ནི་ཞིང་སྡེ་ན་འཚོ་བ་རོལ་བཞིན་པའི་ལོ་བརྒྱད་ཅུར་སོན་པའི་རྒན་པོ་ཞིག་ཡིན་ལ། ལོ་འགའི་ཡར་སྔོན་དུ་ཁོའི་བཟའ་ཟླ་དང་བྱིས་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཞུར་ཚར་བས་ལོ་འདི་འགའི་རིང་ལ་སྡུག་གི་ཁུར་བོ་རི་རབ་འདྲ་བ་ཞིག་འཁུར་བཞིན་ཉིན་མཚན་རེ་རེ་ཕར་བསྐྱལ། ད་ལྟ་ཁོའི་ལུས་སྟོབས་ཧ་ཅང་ཞན་པའི་ཁར་འཚོ་བའི་ཕྱོགས་ལའང་དཀའ་ཁག་ཆེན་པོ་འདུག ཕྱིས་སུ། སྡེ་བའི་སློབ་ཆུང་གི་དགེ་རྒན་ཞིག་གིས་གསོ་སྐྱོར་འོག་རྒན་པོས་སྙོར་སྐྱོང་གྲོས་མཐུན་གན་རྒྱ་ཞིག་བཞག་ལ། གན་རྒྱའི་ཡི་གེ་ནང་དུ། ཁོ་ཤི་རྗེས་ཁོའི་ཁང་བ་གྱན་ལྔ་ཡོད་པ་དེ་འཚོ་བ་དང་དཔལ་འབྱོར་ཐད་རང་ལ་རོགས་སྐྱོར་བྱེད་མཁན་དེར་སྟེར་རྒྱུ་ཡིན་ཞེས་བྲིས་ཡོད། གནས་ཚུལ་དེ་ཐོས་རྗེས་དགེ་ལེགས་ཀྱི་ཚ་བོ་ཚ་མོ་དང་དེ་ཚོའི་བུ་བུ་མོ་སོགས་འཚང་ཁ་ཤིག་ཤིག་གིས་ཁོ་ཚང་ལ་ཡོང་སྟེ་སྙོར་སྐྱོང་བྱེད་རྒྱུའི་རེ་བ་བཏོན། དེ་བས། ཁོ་ཚོ་ཚང་མ་རྒན་པོ་དགེ་ལེགས་ཀྱི་སྙོར་སྐྱོང་མཁན་བྱས་ཆོག་གམ།
ཁྲིམས་བཤད།
          《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་པའི་གཏན་ཁེལ་ལྟར་ན། གསོ་སྐྱོང་གི་ནུས་པ་ཡོད་པའི་སྤོ་བོ་དང་རྨོ་མོ། ཕ་མ་ཚེ་ལས་འདས་ཟིན་པའམ་ཡང་ན་ཕ་མ་མེད་པའི་བྱིས་པ་གསོ་སྐྱོང་བྱེད་པའི་འོས་འགན་ཡོད་ལ། སྙོར་སྐྱོང་གི་ནུས་པ་ཡོད་པའི་ཚ་བ་ཚ་མོ་ལ་བྱིས་པ་འདས་ཟིན་པའམ་ཡང་ན་བྱིས་པར་སྙོར་སྐྱོང་གི་ནུས་པ་མེད་པའི་སྤོ་བོ་དང་རྨོ་མོ་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད་ཅེས་གསལ་བོར་བསྟན་ཡོད། ཚ་བོ་ཚ་མོ་སོགས་ཀྱིས་རང་གི་ལོ་ན་བགྲེས་པའི་སྤོ་བོའི་བྱིས་པ་རྣམས་ཚེ་ལས་འདས་ཟིན་པའི་གནས་ཚུལ་འོག དུས་རྒྱུན་ཁོའི་འཚོ་བ་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་བདག་སྐྱོང་དང་ལྟ་རྟོག་ཅི་ཡང་མ་བྱས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། དེ་བས། རྒན་པོ་དགེ་ལེགས་ཀྱིས་རང་ཉིད་ཀྱི་ཁང་བ་གྱན་ལྔ་བོ་དེ་མ་བྱིན་ན་ཡང་ཚ་བོ་ཚ་མོ་རྣམས་རྒན་པོ་སྙོར་སྐྱོང་བྱེད་མཁན་ཡིན་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ནོ།  
          གོང་གི་གྱོད་དོན་འདིར་གཞིགས་ཚེ། ཨ་ཁུ་དགེ་ལེགས་ཀྱི་ཚ་བོ་ཚ་མོ་རྣམས་ལ་མཚོན་ན་ཁོའི་ཁྲིམས་མཐུན་གྱི་ཤུལ་འཛིན་པ་དང་ལྟ་སྐྱོང་པ་ཡིན་པས་ཁོ་ཚོ་ཚང་མར་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡོད། རྒན་པོ་རང་ལ་དབང་བའི་ཁང་བ་གྱན་ལྔ་བོ་ནི་རྒན་པོ་རང་ཉིད་ཀྱི་རྒྱུ་ནོར་ཡིན་པས། མི་སུ་ཞིག་ལ་སྟེར་རྒྱུའི་དབང་ཆ་རྒན་པོ་རང་ཉིད་ལ་ཡོད་དོ།  །