ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་པ།
སྤེལ་དུས 2018-04-25
ཡོང་ཁུངས། བོད་ལྗོངས་ཁྲིམས་ལུགས་ཚགས་པར།
རྩོམ་པ་པོ། དམ་ཆོས་མི་ཕམ་གྱིས་བསྒྱུར།
འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་ནས་བཟུང་། ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཟོག་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད།
ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཟོག་འདྲེན་རླངས་འཁོར་དོ་དམ་ལས་དོན་དང་འཁོར་སྐྱོད་ཁྱད་ཆོས་ལ་དབྱེ་ཞིབ་ནན་ཏན་བྱས་རྗེས། རྒྱལ་ལམ་109ཡི་བྱང་ལམ་གྱི་སྤྱི་ལེ་3342དང་ལྷོ་ལམ་གྱི་སྤྱི་ལེ་3518མཚམས་སུ་ཞིབ་བཤེར་ས་ཚིགས་བཙུགས་ནས་ཟོག་འདྲེན་རླངས་འཁོར་ལ་འཁོར་རྟགས་དང་ལག་ཁྱེར་མེད་པ་དང་། ཐེག་ཚད་ལས་བརྒལ་བ། མྱུར་ཚད་ལས་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་དང་ཆབས་ཅིག ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དང“ཡོངས་བསྒྲགས་གཉིས་དང་དྲན་སྐུལ་གཅིག”གི་ལས་དོན་ཡག་པོ་བསྒྲུབས་པ་རེད།
གོང་གི་པར་ནི་མི་དམངས་ཉེན་རྟོག་པས་འཁོར་རིགས་བདེ་འཇགས་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།