དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཚོང་གཉེར་པས་ཚོང་རྫས་འཚོང་སྐབས་འགན་འཁྲི་གང་དག་འཁུར་དགོས།

སྤེལ་དུས 2020-03-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          1.ཚོང་གཉེར་པའི་རྒྱུན་ལྡན་ལྟར་ཚོང་རྫས་བཀོལ་སྤྱོད་དང་ཞབས་ཞུ་དང་ལེན་བྱེད་པའི་གནས་ཚུལ་འོག་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་ལ་ངེས་པར་ལྡན་དགོས་པའི་སྤུས་ཀ་དང་བྱེད་ནུས། སྤྱོད་ཡུལ། གོ་ཆོད་དུས་ཡུན་སོགས་ཁག་ཐེག་བྱ་དགོས་མོད། འོན་ཀྱང་། འཛད་སྤྱོད་པས་ཚོང་རྫས་དེ་ཉོ་བའམ་ཡང་ན་ཞབས་ཞུ་དང་ལེན་མ་བྱས་གོང་དེར་སྐྱོན་ཆ་ཡོད་པ་ཤེས་དགོས་པ་མ་ཟད། སྐྱོན་ཆ་དེ་བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་ཁེལ་དང་འགལ་མེད་པ་ཕུད་དགོས། 
          2.ཚོང་གཉེར་པས་བརྡ་ཁྱབ་དང་ཐོན་རྫས་ཀྱི་གསལ་བཤད་ཡི་གེ་དངོས་དཔེ་སོགས་ཀྱི་རྣམ་པ་སྤྱད་དེ་ཚོང་རྫས་དང་ཞབས་ཞུའི་སྤུས་ཀའི་གནས་ཚུལ་ལ་འགྲེམ་སྟོན་བྱེད་པར་རང་ཉིད་ཀྱིས་འདོན་སྤྲོད་བྱས་པའི་ཚོང་རྫས་སམ་ཞབས་ཞུའི་དོན་དངོས་སྤུས་ཀ་དང་འགྲེམ་སྟོན་བྱས་པའི་སྤུས་ཀ་གཉིས་གཅིག་མཐུན་ཡིན་པར་ཁག་ཐེག་བྱ་དགོས། 
          3.ཚོང་གཉེར་པས་འདོན་སྤྲོད་བྱེད་ཀྱིན་པིའ་འཕྲུལ་སྒུལ་འཁོར་ལོ་དང་རྩིས་འཁོར། བརྙན་འཕྲིན་འཕྲུལ་ཆས། འཁྱགས་སྒམ། འཁྱགས་བཟོ་འཕྲུལ་ཆས། གོས་འཁྲུད་ཆས་སོགས་ཀྱི་སྤྱོད་ཡུན་རིང་བའི་ཚོང་རྫས་སམ་སྡོད་ཁང་མཛེས་སྤྲས་སོགས་ཀྱི་ཞབས་ཞུ་ལ། འཛད་སྤྱོད་པས་ཚོང་རྫས་སམ་ཞབས་ཞུ་དང་ལེན་བྱས་པའི་ཉིན་དེ་ནས་བཟུང་སྟེ་ཟླ6གི་ནང་སྐྱོན་ཆ་ཡོད་པ་ཤེས་ཏེ་རྩོད་གཞི་བྱུང་ན། ཚོང་གཉེར་པས་འབྲེལ་ཡོད་སྐྱོན་ཆའི་བདེན་དཔང་འདོན་པའི་འགན་འཁྲི་འཁུར་དགོས། །

རྩོམ་སྒྲིག་པ། བདེ་སྒྲོལ།