དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཡོ་བསྲང་བྱ་ཡུལ་བརྩེ་སེམས་མངོན། རྟུལ་ཕོད་སྟོབས་ཀྱིས་རིམས་དགྲར་འཐབ།

སྤེལ་དུས 2020-03-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འཇང་འབྲུག
          ད་སྐབས་ཏོག་གསར་ནད་དུག་གིས་བསྐྱེད་པའི་གློ་ནད་ཀྱིས་རྒྱལ་ཁབ་ཧྲིལ་བོར་འཇིགས་སྣང་སྐུལ་ཞིང་། གློ་ཚད་ཀྱི་གནས་བབ་ཧ་ཅང་ཛ་དྲག་ཡིན། དུ་བ་མེད་པའི་རིམས་འགོག་དམག་འཁྲུག་འདི་ཁྲོད་དུ། དམིགས་བསལ་གྱི་འཐབ་མོ་བ་འདི་འདྲ་ཞིག་ཡོད་དེ། ཁོ་ཚོས་ལྟད་མོ་བ་མི་བྱེད་ལ། མ་ཤེས་ཁུལ་ཡང་མི་བྱེད་པར། རང་འགུལ་གྱིས་གཡུལ་འཁྲུག་ཏུ་ཞུགས་ནས་བརྩེ་བ་ཆེན་པོས་གཡུལ་འགོག་བྱས་ལ། རྣམ་དག་སེམས་ཀྱི་ནུས་མཐུ་ལས་རིམས་འགོག་ལ་རྒྱལ་ཁ་ལེན་པར་སྟོབས་ཤུགས་ཕུལ། ཁོ་ཚོ་ནི་ཐང་མགོ་ཁྲིམས་འཛིན་ཁང་གི་སྡེ་ཁུལ་ཡོ་བསྲང་མི་སྣ་རེད་འདུག
          ཟླ2པའི་ཚེས25ཉིན། ཐང་མགོ་གྲོང་རྡལ་རིམས་འགོག་བྱ་བའི་དང་བླངས་པ་ལ་སྒོར1500གྱི་ཞལ་འདེབས་ཤིག་ཐོབ་པ་དང་། དེ་ནི་མི་སྒེར་གྱིས་ཕུལ་བའི་ཞལ་འདེབས་ལས་གྲངས་འབོར་མང་ཤས་ཡིནའདུག ཞལ་འདེབས་འབུལ་མཁན་ནི་ཐང་མགོ་ཁྲིམས་འཛིན་ཁང་གི་ཡོ་བསྲང་བྱ་ཡུལ་སྟག་ག་གེ་མོ་རེད། ཁོ་ལ་མཚོན་ན་ཡོ་བསྲང་གི་དུས་སྐབས་སུ་ཡིན་ཡང་ནན་ཏན་གྱིས་སློབ་སྦྱོང་དང་། རང་འགུལ་གྱིས་སྤྱི་ཚོགས་དགེ་ཕན་གྱི་བྱེད་སྒོ་ཡོད་ཚད་ལ་ཞུགས་པ་དང་། རིམས་ནད་འགོ་བརྩམས་མ་ཐག་ནས་བཟུང་ཁོས་རིམས་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ལ། སེམས་པ་རིམས་ཀྱིས་གཙེས་པའི་སེམས་ཅན་དང་འབྲེལ་ཏེ། རིམས་ནད་ཀྱི་འགྱུར་ལྡོག་ལ་དོ་ཁུར་དང་། རང་འགུལ་གྱིས་རིམས་འགོག་ལ་ཞུགས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ་རང་ནུས་འབུལ་བའི་སྟ་གོན་བྱས། 

          ཐང་མགོ་ཁྲིམས་འཛིན་ཁང་གི་ལས་བྱེད་པའི་རིམས་འགོག་དྲིལ་སྒྲོག་གི་བརྡ་འབྱོར་མ་ཐག སྟག་ག་གེ་མོས་རིམས་འགོག་ལ་ཞལ་འདེབས་ཇི་ལྟར་འབུལ་དགོས་ཚུལ་དྲིས་པ་དང་། གཏོང་ཕོད་ཀྱི་ལག་ཟུང་བརྐྱངས་ནས་ཞལ་འདེབས་ཕུལ། གཞན་ད་དུང་ཐང་མགོ་ཁྲིམས་འཛིན་ཁང་གི་ཡོ་བསྲང་བྱ་ཡུལ་རིག་ག་གེ་མོས་ཀྱང་། རིམས་འགོག་ཏང་བླངས་པ་བསྡུ་བའི་བརྡ་གོ་མ་ཐག་རང་འགུལ་གྱིས་དང་བླངས་པའི་གྲས་སུ་ཞུགས་ནས། རང་གི་ནུས་ཤུགས་ཡོད་ཚད་རིམས་འགོག་བྱ་བར་ཕུལ་ཏེ་ལས་བྱེད་པར་རོགས་བྱས་ནས་རིམས་ནད་དང་འབྲེལ་བའི་ཆ་འཕྲིན་བསྡུ་ལེན་དང་། ཁྱིམ་ཚང་རེ་རེར་ཞིབ་བཤེར། རིམས་འགོག་དུས་ཀྱི་སྤྱི་ཚོགས་སྒྲིག་རིམ་ལ་སྲུང་སྐྱོབ་བཅས་བྱེད་རོགས་བྱས་ནས། རིམས་འགོག་ལ་རང་གི་ནུས་ཤུགས་བཏོན། 

           རིག་ག་གེ་མོས་བཤད་རྒྱུར། ལོ་ཆུང་དུས་སུ་བསམ་མ་ཤེས་པར་སྐྱོན་ཆ་བཟོས་པ་རེད། ད་སྐབས་སྤྱི་ཚོགས་ལ་ཕན་ཐོགས་པའི་རེ་བ་ཆེན་པོ་བཅིངས་ཡོད། ཡོང་བསྲང་བྱས་པ་བརྒྱུད་ནས་རང་ཉིད་ཀྱི་བསམ་བློ་ལ་ཡར་བསྐྱེད་ཆེན་པོ་བྱུང་བ་དང་། བྱ་སྤྱོད་ལ་བསྒྱུར་བཅོས་གང་ལེགས་བྱས་ནས། ད་ནི་ཁྲིམས་བརྩི་ལུགས་སྲུང་བྱེད་ནུས་པའི་སྤྱི་དམངས་བཟང་བོ་ཞིག་ཏུ་འགྱུར་བའི་གདེངས་ཚོད་ཡོད་ཟེར། ཁོས་ད་དུང་ཐང་མགོ་ཁྲིམ་འཛིན་མི་སྣས་ཁོ་ལ་ནམ་རྒྱུན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་འདུག 
          སྤྱིར་བཏང་ཡིན་པའི་རླབས་ཆེན་གྱི་བཟང་སྤྱོད་རེ་རེས་སྡེ་ཁུལ་ཡོ་བསྲང་མི་སྣས་སྤྱི་ཚོགས་ལ་ཕུལ་བའི་ལྷག་བསམ་རྟོགས་ནུས་ལ། ཡོ་བསྲང་སློབ་གསོའི་མངོན་གསལ་གྱི་་གྲུབ་འབྲས་ཀྱང་ཤེས་ཐུབ། རིམས་ནད་ཀྱི་སྐབས་སུ་ཡོ་བསྲང་བྱ་ཡུལ་དག་གིས་རྩ་འཛུགས་ཀྱི་འབོད་སྐུལ་དང་དུ་བླངས་ནས། དངོས་ཡོད་ཀྱི་ཚོད་བགམ་གདོང་གིས་བསུས་ཏེ། རང་ཉིད་དང་རང་གི་ཁྱིམ་མི་ལ་བཟང་སྤྱོད་ཀྱི་ལེགས་སྐྱེས་འཛོམས་པོ་ཞིག་བསྩལ་འདུག 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།