དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

རང་འགུལ་གྱོད་འདུམ་དམངས་སེམས་དྲོས། ཉམ་ཆུང་སྐྱོར་ནས་བདེན་ལུགས་བསྐྱངས།

སྤེལ་དུས 2020-04-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་བཀོད་སྒྲིག་འོག་གཞི་རིམ་ཚན་ཁག་གི་མི་དམངས་འདུམ་སྒྲིག་པས་དམིགས་བསལ་གྱི་དམངས་ཁྲོད་བསྐྱི་དངུལ་གྱི་གྱོད་དོན་ཞིག་ལེགས་པར་འདུམ།  དོ་བདག་ཧིག་ཆེ་གེ་མོ་ནི་ནད་ཀྱིས་མནར་བའི་རྒྱ་མག་ཞིག་ཡིན་ལ།  ཁོའི་ཆུང་མ་བོ་ཆེ་གེ་མོ་ནི་རིམ་པ་དང་པོའི་སྨྱོ་ནད་ཅན་གྱི་དབང་བོ་སྐྱོན་ཅན་ཞིག་ཡིན།  ཧིག་ཆེ་གེ་མོས་རྒྱུན་དུ་ཆུང་མར་བདག་བྱེད་དགོས་པར་མ་ཟད་རང་ཉིད་ཀྱང་ནད་པ་ཡིན་པས་འཚོ་བ་ཧ་ཅང་དཀའ་ཁག་ཆེ།  ཁོས་རྔུལ་ཆུ་དང་དཀའ་ཁག་ལས་བསགས་པའི་སྒོར40000ལྷག་ཡོད་པ་དེ་ས་དེ་གའི་ངོ་ཤེས་འཇིགས་ཆེ་གེ་མོ་ལ་འཚོ་བའི་དོན་དུ་བསྐྱིས་པ་དང་།  ཉིན་དེར་བསྐྱི་ཡིག་བྲིས་ནས་ཟླ2གྱི་ནང་དུ་ཕྱིར་སྟེར་རྒྱུ་བྱས།  དོམ་སྟེར་ཚད་ལ་ཐོན་པ་ན་འཇིགས་ཆེ་གེ་མོས་རྒྱུ་མཚན་སྣ་ཚོགས་བཙལ་ནས་སྒོར་དུས་ལྟར་མ་འཕྲོད།  དེ་ལྟར་དོམ་སྟེར་ཚད་ལས་ཟླ2ལྷག་འགོར་མོད་ད་དུང་མ་བྱིན།  ཆུང་མ་དང་རང་ཉིད་ནད་ཀྱིས་མནར་ཡང་སྨན་པར་བསྟེན་བྱེད་ཀྱི་སྒོར་མོ་མེད་པས།  ཧིག་ཆེ་གེ་མོ་སྡུག་ལ་ཐུག་ནས་ཁྲིམས་རྩོད་པ་བཙལ་ཏེ་གཏུག་ཡིག་འབྲི་རུ་བཅུག གཏུག་ཡིག་ཅིག་བྲིས་ན་སྒོར400ལྷག་དགོས་པ་དང་ཁྲིམས་ལ་གཏུག་ན་ཐག་གཅོད་དུས་ཡུན་རིང་བས་སྒུག་དཀའ་བ་སོགས་ཀྱི་རྐྱེན་གྱིས་ཧིག་ཆེ་གེ་མོ་ཡང་བསྐྱར་དཀའ་ཁག་གི་རྒྱ་རུ་ཚུད།  
          ཁྲིམས་འཛིན་ཅུའུ་ཡི་ལས་བྱེད་མི་སྣས་དོན་དེ་ཤེས་མ་ཐག་དོ་བདག་གི་འཚོ་བའི་དཀའ་ཁག་དང་དམིགས་བསལ་གྱི་གནས་ཚུལ་ལ་བསམ་ནས་རང་འགུལ་གྱིས་འདུམ་སྒྲིག་བྱེད་རྒྱུ་ཐག་བཅད།  དེ་མ་ཐག་སྒོར་བསྐྱི་མཁན་ལ་འབྲེལ་བ་བྱས་ཏེ།  ཁོ་ལ་གནས་ལུགས་དང་ཁྲིམས་ཀྱི་བདེན་པ་རྗེན་པར་བསྟན་ནས།  ཡིད་རྟོན་མེད་པའི་ཁྲིམས་ཀྱི་མཇུག་འབྲས་སོགས་གསལ་བོར་བཤད་པར་མ་ཟད།  མི་ཞིག་ཡིན་ན་དམངས་ཀྱི་སྡུག་དང་ཉམ་ཆུང་གི་དཀའ་ཁག་ཤེས་དགོས་པའི་སློབ་གསོ་བཏང་།  འདུམ་སྒྲིག་པས་སེམས་ཞིབ་མོས་སློབ་གསོ་བཏང་བ་ལ་བསྟེན་ནས་སྒོར་བསྐྱི་མཁན་གྱིས་ཡིད་རྟོན་མེད་ན་ངོ་ཚ་ཡིན་པས་གནས་ལུགས་རྟོགས་ཤིང་།  རང་འགུལ་གྱིས་ཉིན15ནས་བསྐྱི་དངུལ་ཆ་ཚང་ཕྱིར་སྤྲོད་རྒྱུའི་དམ་བཅའ་བཞག 
          དེ་ནས་འདུམ་སྒྲིག་པས་ཧིག་ཆེ་གེ་མོ་ལ་སེམས་བདེ་བར་སྡོད་དང་ཉིན་15རྗེས་ནས་ཁྱོད་ལ་རྩིས་སྤྲོད་བརྒྱབ་ཡོང་བའི་སློབ་གསོ་བཏང་།  ཉིན13པར་འཇིགས་ཆེ་གེ་མོས་བསྐྱི་དངུལསྒོར40000གཅིག་ཀྱང་མ་ཆད་པར་འདུམ་སྒྲིག་མི་སྣའི་ལག་ཏུ་སྤྲད།  འདུམ་སྒྲིག་པས་སྒོར་མོ་དེ་དག་ཧིག་ཆེ་གེ་མོ་ལ་སྤྲོད་པའི་དུས་སུ་ཁོ་རང་དགའ་བ་དང་ཡིད་འགུལ་གཅིག་གྱུར་ཏུ་ཐེབས་ནས།  སེམས་འགུལ་གྱི་མཆུ་མ་ཤར་ཤུར་བཞུར་བཞིན་འདུམ་སྒྲིག་པ་ལ་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།  
རྩོམ་སྒྲིག་པ། རིག་གྲོལ།