དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

སྨན་བཅོས་འགན་བཅོལ་གྱི་དམངས་ཕན་བྱེད་ཐབས་བཟང་པོ།

མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ།

སྤེལ་དུས 2020-06-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཟླ6པའི་ཚེས15ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུད་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ6པའི་ཚེས9ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་སོགས་ཞིང་ཆེན་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས10དང་སྨན་རྫས་སིལ་འཚོང་ཁང1000ལྷག་ཏུ་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་ནས། རྒྱལ་ཡོངས་ཀྱི་སྔོན་དུ་དཔང་ཡིག་སྟོན་ཐེངས་གཅིག་དང་དངུལ་སྤྲོད་བྱེད་སྟངས་གཉིས་མངོན་གྱུར་བྱུང་ཡོད།
          མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་སྣས༼མཚོ་སྔོན་སྨན་བཅོས་འགན་བཅོལAPP༽ཕབ་ལེན་བྱས་ནས་གློག་རྡུལ་དཔང་ཡིག་བེད་སྤྱོད་བཏང་ཆོག་པ།
          ཚོད་ལྟ་བྱེད་སའི་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་སིལ་འཚོང་ཁང་དུ་ཨང་བཤེར་གཏོང་སྤྲོད་བྱེད་དུས། སྨན་བཅོས་འགན་བཅོལ་གྱི་རྩ་གཉིས་ཨང་བཤེར་བསྟན་ན། མི་སྒེར་གྱི་སྨན་བཅོས་འགན་བཅོལ་རྩིས་ཁྲ་དང་མི་སྒེར་གྱི་དངུལ་སྨར་ལ་བརྟེན་ནས་གཏོང་སྤྲོད་བྱེད་ཆོག་པས། སྨན་བཅོས་འགྲོ་གྲོན་རྩིས་རྒྱག་སྐབས་སྟབས་བདེ་སྐྲུན་པ་དང་། དཔང་ཡིག་གཅིག་པུར་བརྟེན་ནས་བྱང་བུ་མེད་ཀྱང་ནད་བལྟ་ཐུབ་པ་མངོན་གྱུར་བྱུང་ཡོད།
          དེ་ཡང་བོད་རིགས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས། དུས་མཉམ་དུ་བོད་ཡིག་པར་མའི་གློག་རྡུལ་དཔང་ཡིག་ཀྱང་བཏོན་ཡོད་པས། བོད་རིགས་མང་ཚོགས་ནས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་བེད་སྤྱོད་གཏོང་བར་སྟབས་བདེ་སྐྲུན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་ཕྱིན་པ་དང་བསྟུན་ནས། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་དེ་མི་སྒེར་གྱིས་འགན་བཅོལ་ནང་ཞུགས་པ་དང་གྲོན་དངུལ་འཇལ་བ། སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་སྤོ་བསྒྱུར་སྦྲེལ་མཐུད་བྱེད་པ། དེ་བཞིན་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་པར་བརྟེན་ནས་ཐད་ཀར་རྩིས་རྒྱག་པ་སོགས་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ཁྱབ་ཁོངས་སུ་ཡོངས་ཁྱབ་ཐོག་བེད་སྤྱོད་ཐུབ་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་སྣའི་ཐོབ་ཚོར་དང་སྐྱིད་ཚོར། དེ་བཞིན་བདེ་འཇགས་ཚོར་སེམས་བཅས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།