དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

⏯ ཨ་ཁ་ཁ། 4Sཚོང་ཁང་འདིས་རླངས་འཁོར་ཞིག་གསོ་འདི་འདྲ་བྱེད་ཀྱི་འདུག

སྤེལ་དུས 2020-10-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
ཧྲང་ཧའེ་ཏ་ཀྲུང་རླངས་འཁོར་གྱི4Sཚོང་ཁང་དུ་ལྷུ་ལག་ཡག་པོ་བཅག་ནས་བསྐྱར་གསོ་དང་རླངས་སྣུམ་བཀག་ཉར་བྱས་ནས་བསྐྱར་འཚོང་བྱེད་པའི་གནད་དོན་བྱུང་།
          2020ལོའི་ཟླ9པའི་ཟླ་སྨད་དུ། སྨྱན་སྦྱོར་གསར་འགོད་པས་སྔ་རྗེས་སུ་མིང་གྲགས་ཆེ་བའི་རླངས་འཁོར་ཚོང་རྟགས་གཉིས་ཀྱི4Sཚོང་ཁང་དུ་ལས་ཞུགས་ཀྱི་གདན་ཞུ་དང་ལེན་བྱས་ནས་ལྐོག་འདྲི་བྱས་པ་ན། བསམ་ཡུལ་ལས་འདས་པའི་སྣང་ཚུལ་རྙོག་འཛིང་མང་པོ་ཞིག་ཤེས་རྟོགས་བྱུང་།
          རླངས་འཁོར་ཞིག་གསོ་ཁང་ནང་དུ4Sཚོང་ཁང་གི་ལས་མི་ཞིག་གིས་དེར་ཞིག་གསོ་བྱེད་དུ་བསྐྱལ་བའི་རླངས་འཁོར་ཞིག  སྔར་ཆག་སྐྱོན་ཅི་ཡང་མེད་པའི་ཆུ་སྒམ་ལ་ལྕགས་ཀྱི་ཐོ་བས་བརྒྱབ་ནས་བཅགས་པ་དང་། དེ་ནས་པར་བརྒྱབ་ནས་ཞིག་གསོ་ལག་རྩལ་པར་ལྟ་རུ་བཅུག་ནས་ཞིག་གསོའི་གནས་ཚུལ་གཏན་ཁེལ་བྱས།
          “རླངས་འཁོར་རེ་རེ་བཞིན་འདི་ལྟར་བཅག་པ་རེད། དེ་མིན་ན་ཁྱོད་གང་ཞིག་ལ་སྒོར་མོ་བཙལ་བར་འགྲོའམ། ལས་རིགས་འདི་གཉེར་བ་ཡིན་ཚེ་གཙང་མ་ཞིག་ཡོད་པ་མ་རེད”ཅེས་ལྐོག་འདྲི་བྱ་བའི་ཁྲོད། གསར་འགོད་པས་ད་རུང4Sཚོང་ཁང་གཉིས་ཀྱི་ལས་བཟོ་པར་རླངས་འཁོར་ལ་ཉམས་གསོ་དང་གཙང་འཁྲུད་རྫུན་མ་བྱས་ཏེ། ཚད་བརྒལ་བའི་རླངས་སྣུམ་བཀག་ཉར་བྱེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་།