དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

ཆང་འཐུང་ནས་རླངས་འཁོར་སྐོར་མཁན་སོཊ་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་རེད།

སྤེལ་དུས 2020-11-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           སྟོན་དགུན་དུས་ཚིགས་སུ་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་བྱེད་པའི་ཉིན་བརྒྱའི་མཉམ་འཐབ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆང་བཏུང་འཁོར་གཏོང་དང་ར་བཟིའི་འཁོར་གཏོང་སོགས་ཁྲིམས་འགལ་གྱི་བྱས་ཉེས་དག་ལ་དོ་དམ་དང་ཞིབ་བཤེར་ནན་མོ་བྱེད་ཤུགས་རྒྱུན་སྲུང་བྱ་ཆེད། ཟླ10པའི་ཚེས30ཉིན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཅིག་སྡུད་སྒོས་གཟའ་མཇུག་གི་མཚན་མོར་ཞིབ་བཤེར་ནན་མོ་བྱེད་པའི་གཅིག་གྱུར་གྱི་བྱེད་སྒོ་རྩ་འཛུགས་བྱས་པ་རེད། 
           ས་གནས་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཉེན་རྟོག་པའི་ཤུགས་ཚད་ཆེ་རུ་བཏང་སྟེ། ལམ་གྱི་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ཉེན་རྟོག་སྨྱན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་རྟོག་པ་ཡོངས་ལ་སྐུལ་སློང་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། བཟོད་སྒོམ་གཏན་ནས་མི་བྱེད་པ། ཁྲིམས་འཛིན་ནན་མོ་ཡོང་བ་བཅས་བྱས་ཏེ་ཆང་བཏུང་འཁོར་གཏོང་དང་ར་བཟིའི་འཁོར་གཏོང་སོགས་ཁྲིམས་འགལ་གྱི་བྱས་ཉེས་བྱེད་ལས་ལ་བཅོས་སྒྲིག་ནན་མོ་བྱས་ཤིང་། བསྡོམས་པས་ཆང་བཏུང་འཁོར་གཏོང་དང་ར་བཟི་འཁོར་གཏོང9000ལྷག་ཙམ་ལ་ཞིབ་གཅོད་བྱས་པ་དང་། དེའི་ཁྲོད་ར་བཟི་འཁོར་གཏོང1500ལྷག་ཡོད། ཆང་བཏུང་འཁོར་གཏོང་དང་ར་བཟིའི་འཁོར་གཏོང་ལ་དོ་དམ་ནན་མོ་བྱེད་པའི་དུས་མཚུངས་སུ།  ས་གནས་སོ་སོར་ངལ་དུབ་ཀྱིས་རླངས་འཁོར་བསྐོར་བ་དང་། རླངས་འཁོར་བསྐོར་ཆོག་པའི་འཛིན་ཡིག་མེད་པ་དང་། ཤོང་ཚད་བརྒལ་བ། འཁོར་བྱང་རྫུན་མ་སོགས་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་གཞན་དག་ཁྲི1.5ལྷག་དུས་མཉམ་དུ་རྩད་ཞིབ་ཐག་གཅོད་བྱས།
           སྟོན་དགུན་དུས་ཚིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག་ཉིན་བརྒྱའི་མཉམ་འཐབ་ཀྱི་དུས་ཡུན་ནང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གཟའ་འཁོར་རེར་རྒྱལ་ཡོངས་ཀྱི་གཟའ་མཇུག་མཚན་མོར་གཅིག་གྱུར་གྱིས་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། ཆང་བཏུང་འཁོར་གཏོང་དང་ར་བཟིའི་འཁོར་གཏོང་གི་གནད་དོན་འབུར་ཐོན་ཡིན་པའི་ས་ཁུལ་གྱིས་ས་གནས་དེ་གའི་གནས་ཚུལ་ལ་གཞིགས་ནས་སྔར་བས་རྩད་ཞིབ་ཐག་གཅོད་ཀྱི་ཤུགས་ཆེ་རུ་བཏང་སྟེ། ཆང་བཏུང་འཁོར་གཏོང་དང་ར་བཟིའི་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱས་ཉེས་ཀྱི་བྱེད་ལས་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་དགོས། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་རླངས་འཁོར་ཁ་ལོ་བའི་གྲོགས་པོ་རྣམས་ལ་དྲན་སྐུལ་བྱས་དོན། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཀྱི་ཆེད་དུ། ངེས་པར་དུ་རླངས་འཁོར་བསྐོར་ན་ཆང་མི་འཐུང་བ་དང་། ཆང་འཐུངས་ན་རླངས་འཁོར་མི་བསྐོར་བ་སེམས་ལ་འཛིན་དགོས།