ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

བྱིས་པའི་སྙོར་སྐྱོང་གྲོན་དངུལ་སྟེར་སྟངས་ག་འདྲ་ཡིན།

སྤེལ་དུས 2024-10-15 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།
      1. སྤྲོད་ཐེངས་གཅིག་བྱེད་པ།
འདི་ལྟ་བུའི་སྤྲོད་སྟངས་ནི་མི་ལ་ལས་གཟབ་ནན་གྱིས་སྤྱད་དགོས་སྙམ་ཡང་། མིག་སྔར་མི་རྣམས་ཀྱི་དཔལ་འབྱོར་ཡོང་འབབ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པས། ལས་གནས་སྤོ་སྒྱུར་བྱེད་པ་ཤིན་ཏུ་མང་པོ་བྱུང་ཡོད་ལ། ཁྲིམས་ཁང་གི་ལག་བསྟར་ལས་ཆོད་ལའང་བསམ་བློ་བཏང་ཡོད་པ་ཡིན། མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་གྱོད་གཞི་དཔྱད་མཚངས་བཏང་བ་དེ་བུ་དང་བུ་མོའི་སྙོར་སྐྱོང་གྲོན་དངུལ་རིགས་དང་འབྲེལ་བ་ཡོད་ཚེ། མི་མང་ཆེ་བས་རྟག་ཏུ་བྱེད་སྟངས་འདི་བཀོལ་སྤྱོད་བྱེད་པ་ཡིན། དེར་མ་ཟད་འདི་ལྟ་བའི་བྱེད་སྟངས་ནི་དོ་བདག་པ་མང་ཆེ་བས་དང་ལེན་བྱེད་པ་རེད།
      2. དུས་བཅད་དེ་སྤྲོད་པ་དང་དངོས་པོའི་རིན་གོང་བཅག་ནས་ཚབ་ཏུ་སྤྲོད་པ།
དུས་བཅད་དེ་སྤྲོད་པ་ནི་སྤྱིར་བཏང་དུ་ཟླ་དང་དུས་ཚིགས། ལོ་ལྟར་སྤྲོད་པ་དང་། དངོས་པོའི་རིན་གོང་བཅག་ནས་ཚབ་ཏུ་སྤྲོད་པ་ནི་རྟག་ཏུ་གར་སོང་ཆ་མི་འཚལ་བའི་ཕྱོགས་དེར་གོ་བ་ཡིན།
      3. སྤྲོད་ཐེངས་གཅིག་བྱེད་པའམ་དངོས་པོའི་རིན་གོང་བཅག་ནས་ཚབ་ཏུ་སྤྲོད་པ་ནི་སྤྱིར་བཏང་དུ་ལོ18ལ་སོན་རག་བར་ནི་ཚད་ཐིག་ཏུ་འཛིན་ས་ཡིན་ཏེ། དེའི་བྱེ་བྲག་གི་གྲངས་ཀ་ནི་ཟླ་རེའམ་ལོ་རེའི་སྙོར་སྐྱོང་གྲོན་དངུལ་གྱི་གྲངས་ཀ་ལྟར་བུ་དང་བུ་མོ་ལོ18ལ་སོན་རག་བར་དུ་སྙོར་སྐྱོང་བྱ་རྒྱུ་དང་། སྤྱིའི་སྡོམ་འབོར་ག་ཚོད་ཡིན་པ་སྤྲོད་ཐེངས་གཅིག་གིས་སྤྲད་ཚར་རྒྱུ།  
      4. བུ་དང་བུ་མོའི་སྙོར་སྐྱོང་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་རྗེས། འཚོ་བར་འགྱུར་ལྡོག་རང་བཞིན་ལྡན་པས། ཕ་མའི་དཔལ་འབྱོར་གྱི་གནས་ཚུལ་དང་སྙོར་སྐྱོང་བྱེད་ནུས། སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བའི་ཆུ་ཚད་ལ་འགྱུར་ལྡོག་བྱུང་སྐབས། བུ་དང་བུ་མོའི་སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་གཏོང་བ་དང་ཇེ་ཡང་དུ་གཏོང་བ། མེད་པར་གཏོང་བ་བཅས་ཀྱི་རེ་བ་གདོན་ཆོག བུ་དང་བུ་མོའི་སྙོར་སྐྱོང་གྲོན་དངུལ་ཇེ་མཐོ་རུ་གཏང་རྒྱུའི་རེ་བ་འདོན་པའི་སྐོར་ལ་ནང་གསེས་སུ།
(1) སྙོར་སྐྱོང་གྲོན་དངུལ་གྱི་སྒོར་གྲངས་སྔོན་དུ་གཏན་འཁེལ་བྱས་པར་ས་གནས་ཀྱི་དངོས་ཡོད་འཚོ་བའི་ཆུ་ཚད་དང་མི་མཐུན་པ།
(2) བུ་དང་བུ་མོར་ནད་བྱུང་བ་དང་སློབ་གྲྭར་འགྲོ་བ་སོགས་ཀྱི་རྐྱེན་གྱིས་དངོས་ཡོད་འགྲོ་སོང་སྔོན་དུ་གཏན་འཁེལ་བྱས་པའི་སྒོར་གྲངས་ལས་བརྒལ་བ།
 
རྩོམ་སྒྲིག་པ ། མང་ག་མཚོ།