ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > བཅའ་ཁྲིམས་ཁྲིམས་སྲོལ།

གཞིས་རྩེ་ནས་བུ་མོ་འདི་བཟུང་འདུག

སྤེལ་དུས 2024-11-06 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

     དུས་རྒྱུན་ང་ཚོའི་མྱུར་སྐྱེལ་བསྐུར་མ་སླེབས་སྐབས། སྐབས་རེ་ཐད་ཀར་ལེན་པར་འགྲོ་མི་ཐུབ་པའི་དབང་གིས་ཁུལ་ཆུང་གི་མྱུར་སྐྱེལ་བསྐུར་མ་བླུགས་སའམ་ཡང་ན་སྒོ་རྩིས་ཚོང་ཁང་དུ་བཅོལ་ནས་འཇོག་གི་ཡོད། དེར་བརྟེན་མི་ཁ་ཤས་ཀྱིས་སྐབས་དེ་དང་བསྟུན་ནས་རྐུ་རྒྱག་གི་ཡོད། 

གྱོད་གཞིའི་འབྱུང་རིམ། 

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ལྗའུ་གྲང་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཁ་པར་འབྱོར་ཏེ།  ཉེན་རྟོག་པ་ལགས། ཁུལ་ཆུང་གི་མྱུར་སྐྱེལ་བསྐུར་མ་བླུགས་སའི་ནང་བཞག་པའི་ངའི་ཅ་ལག་རྐུ་ཤོར་འདུག་པས། འཚོལ་རོགས་གནང་ཞེས་སྙན་སེང་ཞུས། 

     སྙན་སེང་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་གྱོད་གཞི་ཐོན་ཡུལ་དུ་བསྐྱོད་ནས་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། བུད་མེད་གཅིག་ལ་ཉེས་གསོག་གི་དོགས་པ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་། དེ་རྗེས་མི་དམངས་ཉེན་རྟོག་པས་བརྡར་གཅོད་གཏིང་ཟབ་དང་རྒྱུ་མ་ཕུ་འདེད་བཏང་བ་བརྒྱུད། དོགས་ཡོད་ཉེས་ཅན་མཚོ་ཆེ་གེ་མོའི་ཆ་འཕྲིན་དང་སྡོད་ས་གཏན་འཁེལ་ཐུབ་ནས་ཁོ་མོ་བདེ་བླག་ངང་བཟུང་ཐུབ་པ་རེད། དཔང་རྟགས་ཁུངས་བཙན་གྱི་མདུན་དུ། མཚོ་ཆེ་གེ་མོས་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། 

 

       མིག་སྔར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསཀྱི་གཏན་འབེབས་གཞིར་བཟུང་། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་མཚོ་ཆེ་གེ་མོར་ཉིན་5ཡི་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་རེད།