ཚོགས་འདུའི་ཐོག དྲ་དམངས་ཞིག་གིས་ཁྱུག་དབྱིངས་སུ་རྔ་ཆེན་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཞིག་གིས་ལས་ཀ་བྱེད་ཀྱི་མི་འདུག་ཅེས་པའི་དོན་དངོས་དང་མི་མཐུན་པའི་ཐེར་འདོན་བྱས་པའི་སྐོར་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་ལས་རོགས་ཉེན་རྟོག་པ་དེར《ཁེ་དབང་སྲུང་སྐྱོང་དང་དག་སེལ་གྱི་ཡི་གེ》སྤྲད་པ་རེད། བློ་མཐུན་དེས་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་ནས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཏང་ཨུད་ཀྱིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཕྱིས་སུ་དེ་བས་ནན་པ་དང་ཚད་ལྡན་གྱི་སྒོ་ནས་ཁྲིམས་སྒྱུར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁེ་དབང་སྲུང་སྐྱོང་དང་དག་སེལ་གྱི་ཚོགས་འདུ་འཚོགས་དོན་ནི་ཁེ་དབང་སྲུང་སྐྱོང་གཞུང་ལས་ཁང་གི་ཚན་པ་ཁག་གིས་དེ་གོ་སྐབས་སུ་བྱས་ནས་མི་དམངས་ཉེན་རྟོག་པའི་ཁྲིམས་སྒྱུར་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པའི་ཆེད་དུ་ཡིན་པ་རེད། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཡང་འབད་བསྐྱར་འབད་དང་ཧུར་སེམས་འཕེལ་བར་བྱས་ཏེ། སྤྱི་བདེའི་ལྟེ་བའི་ལས་དོན་ལ་དམིགས་ནས་འགན་སྒྲུབ་ནན་ཏན་དང་ཁྲིམས་སྒྱུར་ཚུལ་ལྡན་གྱིས་མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གྱོད་གཞི་རེ་རེའི་ཁྲོད་དྲང་གཞག་དྲང་བདེན་ཚོར་བ་བྱེད་དགོས།