ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

གཤིན་འདྲེ་གསོན་མའི་རང་མདངས།

སྤེལ་དུས 2012-06-05 ཡོང་ཁུངས། ཀྲུང་གོའི་ན་གཞོན་དྲ་བ། རྩོམ་པ་པོ། བསྟན་དར།

   དྲན་པའི་ངོས་སུ་ཤེལ་བུམ་གྱི་ཐིང་སྒྲ་དང་།

                            རྒྱ་ལོར་དམར་པོའི་ཤུབས་སྒྲའི་ཁྲོད།
                     རང་དབང་བྲལ་བའི་ཕོ་གསར་ཁྱུ་གཅིག།
                      ཐམ་ཐོམ་གྱི་གོམས་སྟབས་འགྱུར་གྱིན།
                            ཤན་གྲི་དམར་པོ་ལག་ཏུ་
ཐོག་སྟེ།

དྲིན་ཆེན་ཕ་མའི་རྔུལ་ཆུ་ལས་གྲུབ་པའི་རང་ཉིད་ཀྱི་ལུས་ཕུང་དོན་མེད་དུ་བསྐྱལ།

རེད་ཨྰ་་་་་གཅིག་བྱས་ན་དེ་ནི་དེང་དུས་ཕོ་གསར་གྱི་སྟག་རྒོད་ལས་ངར་ ཞིང་།

འབྲོང་རྒོད་ཡང་སྐྱི་གཡའ་བའི་འགོག་མེད་ཀྱི་ལང་ཚོའི་དཔལ་སྟོབས་ཡིན་ཤས་ཆེ།
གཅིག་བྱས་ན་གནོག་ཆུང་ཕོ་གསར་གྱིས་གཡར་བའི་ཕྱི་ཚུལ་གྱི་དཔའ་བོ་
ལས་དོན་དམ་དུ་ཁྱི་ངར་ཡིན་ཤས་ཆེ།
གང་ལྟར་ཡང་། སྦི་རག་གི་རྒྱ་མཚོར་དེང་དུས་ཀྱི་རྐྱལ་རྩལ་རྒྱག་བཞིན།
                            ཁ་ནས་འཆལ་གཏམ་སྨྲ་གིན།
       ཐེ་ཚོམ་ཡེ་ནས་མེད་པར་མི་ལུས་ཁེ་དབང་ལ་གནོད་འཚེ་གཏོང་།
              དྲན་པ་གསལ་དུས།          

                                   དྲིན་ཆེན་གྱི་ཕ་མ་དྲན།
                            ཕོ་གསར་གྱི་ང་རོ་རྫོགས།

                     སྐྱོ་ཤས་ཀྱི་ཟློས་གར་འཁྲབ།
                     འགྱོད་སེམས་ཀྱི་མིག་ཆུས་འཇིག་རྟེན་གང་།
                     ལན་ལྕག་བུ་ལོན་རྒྱབ་འཁུར་ལྕི་པོ་འཁུར།
ཨ་ཁ་ཁ་་་ ད་བྱེད་དུས་ ང་ནི་གཤིན་རྗེ་ཆོས་རྒྱལ་གྱི་ཕོ་ཉས་བསུ་བར་བྲེལ་བའི་གཤིན་འདྲེ་དེ་ཡིན་པ་འདྲ།