ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

《རཱ་མ་ཎའི་རྟོགས་བརྗོད》བོད་དུ་ཁྱབ་ཚུལ་བཤད་པ།

སྤེལ་དུས 2012-01-22 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། ཆབ་འགག་རྟ་མགྲིན།

རཱ་མ་ཎའི་རྟོགས་བརྗོདའདི་ཐུབ་པའི་སྐྱེས་རབས་དང་བཀའ་བསྟན་ཁྲོད་ཀྱི་རྟོགས་བརྗོད་ལྟར་ནང་བསྟན་པའི་གཞུང་དང་འགྲེལ་བ་ཆེར་མེད་པ་དང་། གཞུང་ཚད་ཅུང་རིང་བ། བཙན་པོའི་དུས་སུ་བོད་ལ་པར་སྐྲུན་འགྲེམ་སྤེལ་གྱི་སྲོལ་དར་མེད་པ། དམངས་ཁྲོད་དུ་ཡི་གེ་ཤེས་མཁན་ཡང་ཧ་ཅང་ཉུང་བ་ལ་སོགས་པའི་རྐྱེན་གྱིས། རྟོགས་བརྗོད་འདི་བོད་བཙན་པོའི་དུས་སྨད་ཙམ་དུ་བོད་ལ་འགྱུར་ཡང་དེ་དགོན་སྡེ་དང་ཁྱད་པར་དུ་དམངས་ཁྲོད་དུ་ཁྱབ་སྟེ་ཀུན་གྱིས་ཉམས་སུ་མྱོང་བའི་གནས་སུ་འགྱུར་མ་ཐུབ་པ་འདྲ། བོད་སིལ་བུའི་དུས་སུ་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོསལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་བདང་། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བབསྒྱུར་པ་དང་། ས་སྐྱ་པའི་དུས་སུསྙན་ངག་མེ་ལོངདངམངོན་བརྗོད་འཆི་མེད་མཛོདསོགས་བོད་ཀུ་འགྱུར་ནས་འཆད་ཉན་སྤེལ་བ་དང་བསྟུན་ནས། བོད་མཁས་རྣམས་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་སོགས་རིག་བྱེད་གཏམ་རྒྱུད་ལ་རྒྱུས་མངའ་ཞིང་དེ་ལ་དོ་སྣང་མཛད་པར་མ་ཟད། དེའི་དོན་གྱི་བྱུང་རིམ་ཁ་ཤས་སམ་མི་སྣ་ཁག་ཅིག་གི་མཛད་སྤྱོད་རིམ་བཞིན་བོད་མཁས་རྣམས་ཀྱི་སྙན་ངག་གི་བརྩམ་བྱའམ་བརྗོད་དོན་མཚོན་བྱེད་ཀྱི་དཔེ་སོགས་སུ་གྱུར་པ་དང་། ཁྱད་པར་དུ་དུས་རབས་བཅུ་གསུམ་པར་བོད་ཀྱི་སྙན་ངག་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་ཡིག་ལ་གཞིགས་ནས་སྙན་ངག་གི་བསྟན་བཅོས་ཤིག་བརྩམས་པ་དང་། དུས་རབས་བཅོ་ལྔ་པར་ཞང་ཞུང་ཆོས་དབང་གྲགས་པས་ཆོས་ལུགས་གྲུབ་མཐའ་གཞན་གྱིས་དགེ་ལུགས་པར་སྙན་ངག་ལ་མཁས་པ་མེད་པར་སྙམ་པ་འགོག་ཆེད། རྒྱལ་པོ་རཱ་མ་ཎའི་གཏམ་གྱི་རྒྱུད་ལས་བརྩམས་པའི་སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངསཞེས་པ་བརྩམས་པ་དང་། ཁྲོ་ཁོ་པ་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ་ཉིད་ཀྱིས་བསྟན་བཅོས་དེའི་འགྲེལ་བདྲི་མེད་ཤེལ་གྱི་འབབ་སྟེགསཞེས་པ་བརྩམས་པ་དང་བསྟུན་ནས། རྒྱ་གར་ན་སྙན་ངག་ལ་མཁས་པ་ཆོས་རྒྱལ་དགེ་བའི་དབང་བོ་ལས་ལྷག་པ་མེད། བོད་ཡུལ་ན་སྙན་ངག་ལ་མཁས་པ་ཆོས་དབང་གྲགས་པ་ལས་ལྷག་པ་མེད།ཅེས་པའི་སྙན་པའི་གྲགས་པ་བོད་ཁམས་ཀུན་ལ་འབྲུག་ལྟར་ཁྱབ་པ་དང་། རཱ་མ་ཎའི་གཏམ་རྒྱུད་ལ་བོད་མཁས་སྔར་ལས་མང་པོ་ཞིག་སྤྲོ་བ་རྒྱས་ཤིང་དེ་ཉམས་སུ་མྱོང་བའི་གནས་སུ་གྱུར་རོ། །