ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

ཆིན་ཡོན་ཁྲུན། ཁྲང་ཧྲ།

སྤེལ་དུས 2023-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       རྩོམ་འདི་ནི1925ལོའི་སྟོན་ཁར། ཞིང་བའི་ལས་འགུལ་ཁྲིད་སྦྱོང་ཁང་ལ་འགོ་ཁྲིད་པའི་ཕྱིར་མའོ་ཙེ་ཏུང་ཕ་ཡུལ་ཧྲའོ་ཧྲན་དང་ཁ་བྲལ་ནས་ཀོང་ཀྲུའུ་རུ་བསྐྱོད་སྐབས། ཁྲང་ཧྲ་བརྒྱུད་ནས་འགྲོ་དགོས་པས་ཅུས་ཙི་གླིང་ལ་བསྐྱར་དུ་ཡུལ་སྐོར་འགྲོ་དུས་སུ་བྲིས། རྩོམ་པ་པོས་ཞང་ཅང་གཙང་པོའི་ཐོག་གི་ཡིད་དབང་འཕྲོག་པའི་རང་བྱུང་གི་སྟོན་ཁའི་མཛེས་ལྗོངས་འོག་སྐབས་དེའི་གསར་བརྗེའི་དུས་བབ་དྲན་ནས་ཚིག་འདི་བྲིས།
       ཁྲང་ཧྲ་ནི་མའོ་ཙེ་ཏུང་ཧྲའོ་ཧྲན་ནས་བྲལ་ཏེ་སློབ་གཉེར་གྱི་ལམ་བུ་འཚོལ་བ་དང་། མི་གཤིས་གྲུབ་པའི་ས་ཆ་ཡིན་ལ། ཁྲང་ཧྲ་ཡང་ཀྲུང་གོའི་ཞིང་སྡེའི་གསར་བརྗེ་ཡི་འབྱུང་གནས་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གི་དུས་འགོའི་གསར་བརྗེ་བྱ་འགུལ་གྱི་ལྟེ་བ་ཡིན། 1911ལོར་མའོ་ཙེ་ཏུང་ཧུའུ་ནན་ཁྲང་ཧྲ་དགེ་འོས་སློབ་གྲྭ་དང་པོར་ཕེབས་ནས། སྐབས་དེའི་སྤྱི་ཚོགས་རྒྱབ་ལྗོངས་ཀྱི་རྐྱེན་པའི་སློབ་གྲོགས་རྣམས་དང་མཉམ་དུ་རྒྱལ་དོན་གླེང་བས་རང་ཉིད་ཀྱི་འཇིག་རྟེན་ལྟ་བ་སྔར་བས་གསལ་པོར་གྲུབ་པ་རེད།

ཆིན་ཡོན་ཁྲུན། ཁྲང་ཧྲ།
1925ལོར།

གྲང་ཞིང་བསིལ་བའི་སྟོན་མཇུག་ལ།
བདག་ནི་ཅུས་ཙི་གླིང་དུ་ལངས།
ཞང་ཅང་གཙང་པོ་བྱང་ལ་རྒྱུག
ལྟོས་དང་རི་བོ་ཐམས་ཅད་དམར་མདངས་རྒྱས།
ལྗོན་པའི་བསྟར་ཕྲེང་མཚལ་གིས་རྒྱན།

གཙང་པོའི་ཆུ་ནི་སྔོ་ཞིང་དྭངས།
གྲུ་ཆེན་བརྒྱ་ཕྲག་འགྲན་བཞིན་སྐྱོད།
བྱ་རྒོད་ནམ་མཁར་གཤོག་རྩལ་ངོམ།
ཉ་མོ་དྭངས་གསལ་ཆུ་ནང་འཁྱུག
སྐྱེས་དངོས་ཡོད་རྒུས་སྟོན་ཀར་རང་དབང་གཉེར།
ཨེ་མ་འཇིག་རྟེན་ཡངས་པ་ལ།
མཐའ་ཡས་ས་གཞི་ཆེན་པོ་འདི།
སུ་ཡིས་ཁ་ལོ་སྒྱུར་དགོས་སམ། 
 
དེ་སྔ་གྲོགས་མང་མཉམ་དུ་གནས་འདིར་རོལ།
སྤྱིར་བཏང་མིན་པའི་ལོ་ཟླ་ཡིད་ལ་འཁོར།
སློབ་གྲོགས་ལང་ཚོ་དར་ལ་བབ་པའི་ཚེ།
བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས།
ཤེས་ལྡན་གཞོན་ནུའི་སྙིང་སྟོབས་དེ།
ཆེས་ཆེར་འཕེལ་ནས་ཡང་རྩེར་སོན།
རྒྱལ་དོན་དམིགས་ཏེ་དཔྱད་གླེང་རྗོད།
ངན་འགོག་བཟང་སྤེལ་རྩོམ་ཡིག་བྲིས།
སྐབས་དེའི་ཁྲི་དཔོན་སྐྱག་ལུད་ལྟ་བུར་རྩིས།
གཙང་པོའི་གཞུང་ལ་རྐྱལ་རྒྱག་དུས།
རླབས་གིས་འཕུར་གྲུ་བཀག་པའི་ཚུལ།
ད་ལྟ་སེམས་ལ་ཨེ་དྲན་ནམ།

 
མའོ་ཀྲུའུ་ཞིའི་གསུང་བཏུས།
མའོ་ཀྲུའུ་ཞིའི་གསུང་རྩོམ་ལྔ།
མའོ་ཀྲུའུ་ཞིའི་སྙན་ཚིག
མི་རིགས་དཔེ་སྐྲུན་ཁང་གིས་སྒྱུར་ནས་སྐྲུན་པ།
1969ལོའི་ཟླ4པར་པེ་ཅིན་ལ་པར་གཞི1པོ་སྒྲིག་པ་དང་པར་ཐེངས1པོ་བརྒྱབ་པ།
དེབ་རེར་སྒོར་ཟུར4