སྙན་ངག་འདི་གསར་རྩོམ་གྱི་རྒྱབ་ལྗོངས་ལ་བཤད་ཚུལ་གཉིས་ཡོད་དེ།
བཤད་ཚུལ་དང་པོ་ནི། 1936ལོའི་ཟླ2པར། མའོ་ཙེ་ཏུང་སོགས་ཀྱིས་གཙོ་ཁྲིད་གནང་བའི་དམར་དམག་ཤར་བསྐྱོད་འཇར་འགོག་གི་སྔོན་བསྐྱོད་དམག་དཔུང་ནི་རྨ་ཆུ་ལས་འཕྲེད་ཀྱིས་བརྒལ་ཏེ་ཡན་དམག་གི་མཐའ་སྲུང་གཏོར་བ་དང་། ཁ་བ་ཁྲོད་ཀོན་ཏོ་རི་བོ་ཕྱོགས་སུ་བསྐྱོད་པ་དང་། དེའི་རྗེས་བདེ་བླགས་ངང་ཧྲན་ཞི་ཞིང་ཆེན་ཧྲི་ལོའུ་རྫོང་ལིའུ་གྲོང་ཚོར་འབྱོར། སྐབས་དེ་དུས་སུ་མིང་དུ་གྲགས་པའི་སྙན་རྩོམ་སྟེ། 《ཆིན་ཡོན་ཁྲུན། གངས།》ཞེས་པ་འདི་བརྩམས།
བཤད་ཚུལ་གཉིས་པ་ནི། 1936ལོའི་ཟླ2པར། མའོ་ཙེ་ཏུང་གིས་གཙོ་ཁྲིད་བྱས་པའི་འཇར་འགོག་གི་དམར་དམག་ནི་ནུབ་བྱང་མཐོ་སྒང་ལ་སླེབས། ཧྲན་ཞི་ཞིང་ཆེན་ཆིང་ཅན་རྫོང་ཀའོ་ཅུ་གྲོང་ཚོའི་་ཉེ་འགྲམ་གྱི་ཡོན་ཅ་ལུང་པ་ནས་བརྗིད་ཆགས་མཛེས་སྡུག་ལྡན་པའི《ཆིན་ཡོན་ཁྲུན། གངས།》ཞེས་པ་འདི་བརྩམས་པ་རེད།
《ཆིན་ཡོན་ཁྲུན། གངས།》དང་ཐོག1945ལོའི་ཟླ11པའི་ཚེས14ཉིན་ཁྲུང་ཆིང་གི《དམངས་གསར་ཚགས་པར་གྱི་དགོང་མའི་ཚགས་པར》སྟེང་སྤེལ་ཞིང་། ཕྱིས་སུ1957ལོའི་ཟླ་དང་པོར《སྙན་དེབ》ཞེས་པའི་སྟེང་དངོས་སུ་སྤེལ།
ཆིན་ཡོན་ཁྲུན། གངས།
1936ལོའི་ཟླ2པར།
མེས་རྒྱལ་བྱང་རྒྱུད་ཡུལ་ལྗོངས་འདི།
ལེ་དབར་སྟོང་ལ་དར་ཁ་འགྲིག
ལེ་དབར་ཁྲི་ལ་གངས་འདབ་ལྷུབ།
ལྕགས་རི་རིང་པོའི་ཕྱི་ནང་ལྟ་བའི་ཚེ།
ཡུལ་ལུང་ཡོངས་སུ་སྐྱ་ཐིང་ཐིང་།
ཆུ་བོ་ཆེན་པོའི་སྟོད་སྨད་གི
དྲག་འཕྱུར་རྦ་རླབས་གློ་བུར་འཇགས།
རི་བོ་དངུལ་སྦྲུལ་འཁྱུག་པ་འདྲ།
ས་མཐོ་གླང་དཀར་རྒྱུག་དང་མཚུངས།
ནམ་མཁའི་དབྱིངས་དང་མཐོ་ཚད་འགྲན་པར་འདོད།
སྤྲིན་བྲལ་ཉི་མ་ཤར་བའི་དུས།
ལྟོས་དང་དཀར་ཐོག་དམར་མདངས་བཀྲ
ལྷག་པར་མཚར་ཞིང་ཡིད་དུ་འོང་།
རི་ཀླུང་དེ་འདྲའི་མཛེས་སྡུག་ཆེ་བ་ལ།
གྲངས་འདས་དཔའ་བོས་ཡིད་ཤོར་གུས་པས་བཏུད།
འོན་ཀྱང་གོང་མ་ཆིན་ཧོང་ཧན་ཝུའུ་གཉིས།
རིག་གནས་སྐོར་ལ་ཕྲན་བུ་དམན།
ཐང་ཙུང་སུང་ཙུའུ་དེ་དག་ཀྱང་།
སྒྱུ་རྩལ་ཐད་ལ་ཅུང་ཟད་ཞན།
དུས་རབས་ཅིག་ལ་གྲགས་ཆེ་བའི།
གནམ་བསྐོས་རྒྱལ་པོ་ཇིང་གིར་ཡང་།
མདའ་མོས་བྱ་གླག་གསོད་ལས་ཅི་མི་ཤེས།
དེ་རྣམས་དུས་གི་ཕ་མཐར་འདས།
སྐྱེ་བོ་ཕུལ་བྱུང་བགྲང་དགོས་ན།
དེང་གི་དུས་རབས་འདི་ལ་ལྟོས།
ས་མཐོ་ནི་ཆིན་ཅིན་ས་མཐོར་ཟེར།
མའོ་ཀྲུའུ་ཞིའི་གསུང་བཏུས།
མའོ་ཀྲུའུ་ཞིའི་གསུང་རྩོམ་ལྔ།
མའོ་ཀྲུའུ་ཞིའི་སྙན་ཚིག
མི་རིགས་དཔེ་སྐྲུན་ཁང་གིས་སྒྱུར་ནས་སྐྲུན་པ།
1969ལོའི་ཟླ4པར་པེ་ཅིན་ལ་པར་གཞི1པོ་སྒྲིག་པ་དང་པར་ཐེངས1པོ་བརྒྱབ་པ།
དེབ་རེར་སྒོར་ཟུར4