ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > སྙན་ངག

ལང་ཐའོ་ཧྲ། པེ་ཏའེ་ཧོ།

སྤེལ་དུས 2023-12-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       1954ལོར“ལོ་ལྔ་ཚན་དང་པོ”ཡི་འཆར་གཞི་རྒྱལ་ཁའི་དབྱངས་དང་འགྲོགས་ནས་མདུན་དུ་སྐྱོད་ཅིང་། ཀྲུང་གོ་གསར་པའི་རྩ་ཁྲིམས་དང་པོ་འབྱུང་ལ་ཉེ་བས།  མའོ་ཙེ་ཏུང་གི་སེམས་པ་སྤྲོ་བས་ཁེངས་ཏེ་ཉེ་འགྲན་གྱི་ལས་མི་རྣམས་ལ་གསུངས་དོན། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་མཐོ་རླབས་འཕྱུར་ལ་ཉེ་ཞིང་།  ད་ང་ཚོ་རླབས་ཕྲེང་འཕྱོ་སའི་གནས་སུ་འགྲོ་ཞེས་བཤད། ལོ་དེའི་དབྱར་ཁར་ཁོང་ལོ་ངོ1700ལྷག་གི་ཡར་སྔོན་དུ་ཚའོ་ཚའོ་ཡིས་རྒྱ་མཚོར་གཟིགས་ནས་སྙན་ངག་གྱེར་བའི་གནས་སུ་སླེབས་པ་དང་། ཆུ་ལ་མཆོང་ནས་མཚོ་ལ་བསྐྱལ་རྗེས་སུ།  《ལང་ཐའོ་ཧྲ· པེ་ཏའེ་ཧོ》ཞེས་པ་བྲིས།

ལང་ཐའོ་ཧྲ། པེ་ཏའེ་ཧོ།
1954ལོ།

དྲག་ཆར་ཡིའུ་ཡན་ཡུལ་དུ་འབབ།
རླབས་དཀར་ནམ་མཁའི་དགུང་དུ་འཕྱུར།
ཆིན་ཧོང་གླིང་ཕྲན་ཕྱི་ཡི་ཉ་འཛིན་གྲུ
ཆལ་ཆིལ་མཚོ་རླབས་ཉིད་ལས་ཅི་མི་མཐོང་།
གང་གི་ཕྱོགས་སུ་ཕྱིན་ཡོད་དམ།
 
ལོ་སྟོང་འདས་པའི་སྔོན་རོལ་ན།
རྒྱལ་པོ་ཝེ་ཝུས་ལྕག་ཚན་འཕྱར།
ཤར་གི་ཅེ་ཧྲིར་ཆས་ནས་སྙན་ངག་བརྩམ།
སྟོན་རླུང་ཤོགས་ཤོགས་སྔར་བཞིན་བརྒྱབ་ན་ཡང་།
མི་ཡི་ཡུལ་ནི་གསར་དུ་བརྗེས།

མའོ་ཀྲུའུ་ཞིའི་གསུང་བཏུས།
མའོ་ཀྲུའུ་ཞིའི་གསུང་རྩོམ་ལྔ།
མའོ་ཀྲུའུ་ཞིའི་སྙན་ཚིག
མི་རིགས་དཔེ་སྐྲུན་ཁང་གིས་སྒྱུར་ནས་སྐྲུན་པ།
1969ལོའི་ཟླ4པར་པེ་ཅིན་ལ་པར་གཞི1པོ་སྒྲིག་པ་དང་པར་ཐེངས1པོ་བརྒྱབ་པ།
དེབ་རེར་སྒོར་ཟུར4