ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > ལྷུག་རྩོམ།

2009ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཧི་ཐ་མུ་ལེར་གྱི་འཇིགས་པ་དང་སོམ་ཉི།

སྤེལ་དུས 2014-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཟླ་བ།

 རྩོམ་པ་པོ་རྣམས་ལ་བཅར་འདྲི་བྱས་པ་འགོད་པའིབརྩམས་སྒྲུང་གི་སྒྱུ་རྩལཞེས་པའི་ལེ་ཚན་དེ་ནི་རྩོམ་རིག་དུས་དེབ་སྐད་གྲགས་ཅནཕ་རི་སིའི་དཔྱད་གཏམགྱི་ལེ་ཚན་རྒྱུན་ཆེས་རིང་ཞིང་གྲགས་པ་ཆེ་བ་ཞིག་ཡིན་ལ།    སྤྱི་ལོ1953ལོར་དེབ་དང་པོ་རུE.M.ཧྥོར་སི་ཐེར་ལ་བཅར་འདྲི་མཛད་པ་ནས་ད་བར་དུ།    དུས་དེབ་དེ་གས་དེང་དུས་ཀྱི་རྩོམ་པ་པོ་དག་ལ་རྩོམ་འབྲི་བའི་གོམས་སྲོལ་དང་ཐབས་ལམ།   སོམ་ཉི།   དེ་མིན་འཚོ་བའི་ནང་གི་གནད་དོན་སོགས་ཀྱི་ཐད་ལ་བཅར་འདྲི་ཅུང་རིང་པོ་དག་སྤེལ་གྱི་ཡོད་པ་ལ།     ཉེ་བའི་ཆར་དུས་དེབ་དེ་གའི་ལེ་ཚན་དེས་སྤྱི་ལོ2009ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་ཧི་ཐ་མུ་ལེར(Herta Müller)ལ་བཅར་འདྲི་རིང་པོ་ཞིག་མཛད་དེ་བཀོད་ཡོད་ཅིང་།    འདི་ནི་ཧི་ཐ་མུ་ལེར་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་ནས་བྱས་པའི་བཅར་འདྲི་ཆེས་ཞིབ་ཆ་དོད་པ་དེ་ཡིན་པ་རེད།   ཡིན་ནའང་ཧི་ཐ་མུ་ལེར་གྱིས་མོ་རང་ཉིད་ཀྱི་རྩོམ་འབྲི་བའི་ཕྱོགས་དང་ནོ་པེལ་རྩོམ་རིག་བྱ་དགའི་སྐོར།    ད་ལྟའི་འཚོ་བའི་ཆ་སོགས་ལ་ཞལ་བརྡ་མང་པོ་མ་གནང་བར།    མོ་རང་ཉིད་ལོ་ན་ཆུང་དུས་རོ་མ་ཉི་ཡའི་འཇར་མན་གྱི་གྲོང་ཚོ་རུ་གནས་བཅས་པའི་སྐབས་ཀྱི་འཚོ་བ་དང་འཇིགས་པ་དང་།    མོ་རང་ནར་སོན་པའི་རྗེས་ཀྱི་སོམ་ཉི་དང་དོགས་པ་སོགས་ཀྱི་ཕྱོགས་ཞིབ་ཏུ་གླེང་ཡོད་པ་རེད།

ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཧི་ཐ་མུ་ལེར།   ཤར་ཕྱོགསICམཛོད་ལས་བཏུས།

དེ་དུས་རྟ་གཡུལ་དུ་ཤི་བའི་ཚེའང་ཤི་བརྡ་འབྱོར་ངེས

1953ལོའི་ཟླ8པའི་ཚེས17ཉིན་ཧི་ཐ་མུ་ལེར་རོ་མ་ཉི་ཡ་ནུབ་ཕྱོགས་ཀྱི་ཐི་མི་ཤི་ཞེས་འབོད་པའི་རྫོང་གི་གྲོང་བརྡལ་ཉི་ཚི་ཁེ་ཏོབ(Nitzkydof)ཅེས་བྱ་བ་རུ་ཞིང་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་།   ཆབ་སྲིད་ཀྱི་ཁོངས་གཏོགས་རུཞིང་པ་ཕྱུག་པོཞེས་བྲིས་ཡོད་པ་རེད།    ནམ་རྒྱུན་རེའུ་མིག་ཅིག་ཁ་སྐོང་དགོས་དུས་དེ་ལྟར་འབྲི་དགོས་པ་རེད།   རྒྱུ་མཚན་ངའི་མེས་པོ་ཞིང་པ་ཕྱུག་པོ་ཡིན་པས་རེད།  ཧི་ཐ་མུ་ལེར་གྱིས་བཅར་འདྲི་དང་དུ་ལེན་དུས་དེ་ལྟར་བཤད།   ངའི་མེས་པོ་ནི་ཞིང་པ་ཧ་ཅང་ཕྱུག་པོ་ཞིག་ཡིན།    ཁོ་ལ་ས་རྒྱ་ཤིན་ཏུ་ཆེ་བ་ཞིག་དབང་བར་མ་ཟད་ཚོང་ཟོག་ཙག་ཙིག་འཚོང་ཁང་ཞིག་ཀྱང་ཡོད།    ཁོ་རང་ཚོང་པ་འབྱོར་བ་ཅན་ཞིག་ཡིན་པས་ཟླ་བ་རེ་རེར་ཝིའེ་ནཱ་རུ་ཚོང་ལས་བྱེད་དུ་འགྲོ་དགོས།

ཧི་ཐ་མུ་ལེར་གྱི་སེམས་ལ་རང་ཁྱིམ་གྱི་ཁང་ཀླད་དུ་ད་དུང་འབྲུ་མཛོད་ཧ་ཅང་ཆེན་པོ་ཞིག་ཡོད་པ་དྲན་གྱི་འདུག    ཡིན་ནའང1945ལོའི་རྗེས་ནས་བཟུང་ཅ་ལག་ཚང་མ་གཞུང་བཞེས་བྱས་ཏེ་ཤུལ་ཏུ་ཅི་ཡང་མ་བསྐྱུར་བས།    དུས་དེ་ནས་འབྲུ་མཛོད་སྟོང་བར་ལུས་སོང་།   ཧི་ཐ་མུ་ལེར་གྱིས་བཅར་འདྲི་བྱེད་དུས་མོའི་ཨ་མ་དང་ཨ་ཕྱི་གཉིས་ཀྱིས་སྲིད་གཞུང་གིས་ཡོད་ཚད་གཞུང་བཞེས་བྱས་ཏེ་ཁོ་གཉིས་ཐུན་མོང་གི་ཞིང་ཁ་ལ་བསྡུ་རག་བར་དུ་ཁྱིམ་གྱི་ཚོང་ཟོག་འཚོང་སར་ལས་ཀ་བྱེད་ཀྱི་ཡོད་པ་དང་།     མོའི་ཨ་མེས་ཀྱིས་དོན་དག་འདི་ལ་གདོང་ཅིས་ཀྱང་གཏོད་མ་ཐུབ་པའི་ཚུལ་སྨྲས་སོང་།

ས་དང་ཟོག་འཚོང་ཁང་ཚང་མ་གཞུང་བཞེས་བྱས་རྗེས་ཧི་ཐ་མུ་ལེར་གྱི་ཨ་མ་སྔོན་ཆད་ཀྱི་ཁོ་ཚོའི་ཁྱིམ་དུ་ངལ་རྩོལ་ལ་འགྲོ་དགོས་བྱུང་།   མོ་དགོང་དྲོ་ཁྱིམ་ལ་ལོག་དུས་ཨ་མེས་ཀྱིས་མོ་ལ་གང་དུ་སོང་བ་འདྲི་དུས་མོས་ས་དེ་ལའམ་གན་ལ་སོང་ཞེས་ལན་འདེབས།   དེ་ནས་ཁོས་ས་དེ་གར་ཅི་ཞིག་བཏབ་འདུག་ཅེས་འདྲི་བ་ཡིན་ལ་ཨ་མས་ད་འདྲི་ཡི་མ་འདུག    ས་ཆ་དེ་ང་ཚོ་ལ་དབང་བ་མ་རེད་ཅེས་ལབ་ངེས་རེད།

ཧི་ཐ་མུ་ལེར་ན་རེ།   ངའི་ཨ་མེས་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་ལ་ཞུགས་ཏེ་ཨོ་སི་ཐྲི་ཡ་དག་དང་མཉམ་དུ་གཡུལ་འཁྲུག་བརྒྱབ་མྱོང་ལ་དམག་ཏུ་ཞུགས་མཁན་ད་དུང་ཁོའི་རྟའང་ཡོད།   མེས་པོ་ལ་རྟ་ཤི་བའི་ཤི་བརྡ་ཞིག་ཀྱང་འབྱོར་མྱོང་ཞིང་དེའི་སྟེང་དུ་རྟ་གནས་གང་དུ་འགྱེལ་མིན་ཀྱང་འཁོད་འདུག    ངས་དང་ཐོག་གཏམ་རྒྱུད་འདི་ཐོས་དུས་དེ་ལ་ཡིད་རྟོན་རྒྱུ་ཅི་ཡང་མི་འདུག་སྙམ།   དེའི་རྒྱུ་མཚན་ནི་སི་ཏ་ལེན་གྱིས་དབང་བསྒྱུར་སྐབས་དང་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་མི་དེ་འདྲ་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་པ་རེད།    མི་དེ་དག་གིས་རྗེས་ཤུལ་ཙམ་ཡང་མ་བཞག་ཅིང་ཕྱིར་ལའང་ལོག་རྒྱུ་མེད་ལ་ཁོ་ཚོའི་སྐོར་ལ་ཡིག་ཆའང་ཡོད་མ་རེད།    འདང་ཞིག་རྒྱོབས་དང་།    སྔོན་ཆད་རྟ་ཞིག་གཡུལ་དུ་ཤི་ནའང་ཤི་བརྡ་རྒྱག་པ་རེད་མོད།    རྗེས་སུ་མི་རྣམས་ཤི་བ་དང་གར་སོང་ཆ་མེད་དུ་གྱུར་ནའང་ཁོ་ཚོས་ཁྱོད་ལ་དོན་དག་གཅིག་ཀྱང་བཤད་མི་སྲིད།

ངས་སྐད་རིགས་གང་ཞིག་རང་གི་སྐད་རིགས་ངོ་མ་ཡིན་མིན་ལ་ཤེས་ཀྱི་མེད

ཧི་ཐ་མུ་ལེར་ནི་རོ་མ་ཉི་ཡ་ཡི་འཇར་མན་པ་དག་གནས་འཆའ་ས་ཞིག་ཏུ་སྐྱེས་པ་ཡིན་པས།  འཇར་མན་པའི་སྡེ་བ་འདི་རུཚང་མས་འཇར་མན་སྐད་རྒྱག་གི་ཡོད་པ་དང་།     ཧང་ག་རིའི་སྡེ་བ་རུ་ཚང་མས་ཧང་ག་རིའི་སྐད་རྒྱག་གི་ཡོད།   སེལ་ཝི་ཡ་ཡི་སྡེ་བ་རུ་ཚང་མས་སེལ་ཝི་ཡ་ཡི་སྐད་རྒྱག་གི་ཡོད།    ཚང་མ་ཉ་ཉོག་བསྲེས་པ་ལྟ་བུ་ཞིག་མིན་པས་ཚང་མ་ལ་རང་རང་གི་སྐད་དང་དད་པ།   རང་རང་གི་དུས་ཆེན་དང་གྱོན་གོས་སོགས་ཡོད་ལ།    ཐ་ན་འཇར་མན་པ་གནས་ས་རུའང་སྡེ་བ་རེ་ལ་རང་རང་གི་ལུང་སྐད་རེ་ཡོད།  ཚོང་ལས་གཉེར་དགོས་པའི་དབང་གིས་ཧི་ཐ་མུ་ལེར་གྱི་ཨ་མེས་ཀྱིས་འཇར་མན་གྱི་སྤྱི་སྐད་རྒྱག་ཐུབ་པ་དང་མོའི་ཨ་ཕྱི་ཡིས་འཇར་མན་གྱི་ལུང་སྐད་ཅིག་རྒྱག་ཐུབ་ཀྱི་ཡོད།   ཁོ་གཉིས་ཀྱི་ཧང་ག་རིའི་སྐད་ཀྱང་ཡག་པོ་ཡོད།   ཁོ་གཉིས་ལོ་ན་སོན་སྐབས་སྡེ་བ་ཐམས་ཅད་ཨོ་ཧང་བཙན་རྒྱལ་ཆེན་མོའི་དབང་དུ་ཡོད་པས་ཧང་ག་རི་པ་རྣམས་ཀྱིས་བཙན་གྱིས་ཁོ་ཚོ་ལ་ཧང་ག་རིའི་སྐད་ཁོ་ན་སྦྱངས་སུ་བཅུག་པས།    ངའི་ཨ་མེས་དང་ཨ་ཕྱི་གཉིས་ཀ་ཧང་ག་རིའི་སློབ་གྲྭ་རུ་ཕྱིན་པ་རེད།     ཁོ་གཉིས་ཀྱིས་དེ་རུ་བཙན་གྱིས་ཧང་ག་རིའི་སྐད་བློ་ལ་བཟུང་ཞིང་སྐད་དེ་ཁོ་ན་མ་གཏོགས་རྒྱག་ཆོག་གི་མེད།    སྤྱི་ཚོགས་རིང་ལུགས་པ་ཡིས་དབང་འཛིན་དུས་ངའི་ཨ་མེས་དང་ཨ་ཕྱི་གཉིས་ཀ་དགུང་ལོ་དྲུག་ཅུ་ལ་ལོན་ཡོད་པས་ཁོ་གཉིས་ཀྱིས་མི་ཚེ་གང་པོར་རོ་མ་ཉི་ཡའི་སྐད་སྦྱངས་མྱོང་མེད།  ཧི་ཐ་མུ་ལེར་ལོ་ན་སོན་དུས་མོས་རྒྱག་པའི་འཇར་མན་གྱི་ལུང་སྐད་དེ་དང་འཇར་མན་གྱི་སྤྱི་སྐད་བར་དུ་ཁྱད་པར་ཆེན་པོ་ཡོད་པས་མོས་སྡུག་རུས་ཆེན་པོས་མ་སྦྱངས་ཐབས་མེད་བྱུང་།

འཇར་མན་གྱི་སྤྱི་སྐད་རྒྱག་དུས་མོས་ཁ་ནས་སྐབས་དང་སྐབས་སུ་ལུང་སྐད་རེ་གཉིས་ཤོར་ཡོང་གི་ཡོད་མོད་ཉན་པའི་ཚེ་ན་ཁྱད་པར་ཡང་དེ་འདྲ་ཆེན་པོ་མི་འདུག     སྣང་ཚུལ་འདིས་མོ་ལགཏན་གྱི་བདེ་བ་དང་བྲལ་བལྟ་བུའི་ཚོར་བ་ཞིག་བྱིན་ཡོད་པས།    ངས་སྐད་རིགས་གང་ཞིག་རང་གི་སྐད་རིགས་ངོ་མ་ཡིན་མིན་གཏན་ནས་ཤེས་ཀྱི་མེད།    ངའི་སྣང་བ་ཞིག་ལ་དེ་ཚོ་ཚང་མ་ཕ་རོལ་པོ་ཞིག་ལ་དབང་བ་དང་ངས་མཚམས་རེར་ཚུར་གཡར་ནས་སྤྱད་པ་ཙམ་ཡིན་འདོད་ཀྱི་ཡོད།    ཁོ་ཚོས་དུས་ནམ་ཡང་ཁྱོད་ནི་མི་ཉུང་ངུ་དེ་དག་གི་གྲས་ཡིན་པ་བརྗེད་དུ་མི་འཇུག་པས་སྣང་བ་འདི་ཕྱོགས་མང་པོ་ཞིག་ནས་ཇེ་བཙན་ཇེ་ཐུ་ལ་འགྲོ་ཡི་འདུག     རེའུ་མིག་ཚང་མའི་སྟེང་དུ་རང་ཉིད་ནིརྒྱལ་ཁོངས་འཇར་མན་ནས་ཡིན་པའི་ཚོགས་པ་གྲངས་ཉུངདུ་གཏོགས་ཞེས་འབྲི་དགོས་ཀྱི་ཡོད།   གཞུང་ཕྱོགས་ཀྱིས་ང་ཚོ་ལཚོགས་པ་གྲངས་ཉུངཞེས་པའི་ཚབ་ཏུའདུས་སྡོད་མི་རིགསཞེས་བྲིས་ཏེ་སྙིང་རྗེ་ཆེན་པོ་དང་བཅས་ང་ཚོ་གཞན་དང་ལྷན་དུ་འདུས་ནས་སྡོད་པའི་དབང་ཆ་བྱིན་ཡོད་པར་སྣང་ནའང་།    དོན་ལ་འདི་གར་སྡོད་པའི་དབང་ཆ་ཐམས་ཅད་ལ་དོགས་པ་ཟ་ཆོག་པ་ཞིག་རེད།   ཡིན་ནའང་མི་འདི་དག་ས་ཆ་གཅིག་ཏུ་མི་ལོ་སུམ་བརྒྱ་ལྷག་གི་རིང་ལ་མཉམ་དུ་འཚོ་བ་རོལ་བའི་ཚུལ་ལ་འདང་ཞིག་བརྒྱབ་ཚེ་དེའང་དགོད་བྲོ་ལ་གནས་ལུགས་དང་བྲལ་བ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག