ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > གསར་ཤོས།

དམངས་གཞས་ཁྲོད་ཀྱི་རྟ་ཕོའི་འདྲ་དཔེ།

སྤེལ་དུས 2024-01-10 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ།
རྟ་ཕོའི་མགོ་དེ་ཚེ་དབང་བུམ་པ་འདྲ། །
རྟ་ཕོའི་རྣ་ཅོག་རྒྱ་ནག་རི་ལྔ་འདྲ། །
རྟ་ཕོའི་མིག་དེ་ནག་ཆུང་སྲན་མ་འདྲ། །
རྟ་ཕོའི་ཟེ་དེ་ལོ་ཡག་ལྗང་པ་འདྲ། །
རྟ་ཕོའི་སྣ་ཁུང་དངུལ་གྱི་དུང་ཆེན་འདྲ། །
རྟ་ཕོའི་ཁ་དེ་གའུ་ཁ་སྦྱར་འདྲ། །
རྟ་ཕོའི་སོ་དེ་བ་སོའི་ར་བ་འདྲ། །
རྟ་ཕོའི་སྐད་དེ་སེང་གེའི་ངར་སྐད་འདྲ། །
རྟ་ཕོའི་སྒལ་པ་སྤང་གཤོངས་མཐིང་སྔོན་འདྲ། །
རྟ་ཕོའི་སུག་བཞི་རླུང་གི་གཤོག་པ་འདྲ། །
རྟ་ཕོའི་གྲོད་ཁོག་རྩྭ་ཡི་བང་མཛོད་འདྲ། །
རྟ་ཕོའི་གཞུ་གུ་རྒྱ་ནག་སྟོང་སྐུ་འདྲ། །
ཡོང་ཁུངས། «བོད་ཀྱི་དམངས་གཞས།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ༤༠༢