ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

ལྷ་ས་ས་གཙང་ཚོགས་པས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ།

སྤེལ་དུས 2024-03-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

       ཉེ་ཆར། ལྷ་ས་ས་གཙང་ཚོགས་པས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་ཁོར་ཡུག་བཅོས་སྒྲིག་གི་ལྷུ་ཚིགས་ཞན་སར་དམ་པོར་དམིགས་ཏེ། ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་སྡོད་མལ་ཁོར་ཡུག་དང་འཕེལ་རྒྱས་ཁོར་ཡུག་སྤྱི་ཡོངས་ནས་ལེགས་སུ་བཏང་སྟེ་ལས་སྒྲུབ་ཀྱི་སྙིང་སྟོབས་ཆེ་རུ་བཏང་བ་རེད།

 

ལྷ་ས་ས་གཙང་ཚོགས་པས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་པ་དམ་འཛིན་བྱ་གཞིར་བྱས་ནས་ཚོགས་པའི་ལས་བྱེད་ལས་བཟོ་ཡོངས་ཀྱིས་སྒོ་རའི་ནང་གི་ཁྱིམ་དུད་དང་རྣམ་གྲངས་ཨར་སྐྲུན་ཚན་པ་དང་མཉམ་འབྲེལ་བྱས་ཏེ། ཚོགས་པའི་ཏང་ཀྲི་པུའུ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་ཆེ་མོ་དང་། གཙང་སེལ་ཆེ་མོ། བཅོས་སྒྲིག་ཆེ་མོ་སོགས་ཀྱི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་རེད།

       ཚོགས་པའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སི་བརྒྱད་གཅིག་ཞིང་ར་དང་། ཚོང་དོན་ཀུང་སི། སྨན་རྫས་ཀུང་སི། འབྲུ་སྣུམ་བརྒྱུད་ཚོང་ཀུང་སི། འབྲུ་སྣུམ་བཟོ་ལས་ཀུང་སི་སོགས་ཀྱིས་ཚོགས་པའི་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་ཞིང་ཞོར་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། བོགས་གཏོང་ཁང་པ་བཅས་དང་དེ་བཞིན་གཞུང་ལས་ཁོར་ཡུག་སོགས་གཙོ་གནད་ཁུལ་ལ་དམིགས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཆེ་མོའི་བྱ་སྤྱོད་ཧུར་ཐག་སྤེལ་བས་གཙོ་གནད་ས་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་ལེགས་སུ་ཕྱིན་པ་རེད།

 

རྩོམ་སྒྲིག་པ། མང་ག་མཚོ།