ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

༄༅།། བད་ཀན་སྨན་གྱི་སྡེ་ཚན།

སྤེལ་དུས 2008-08-05 ཡོང་ཁུངས། 《རྒྱུན་སྤྱོད་བོད་སྨན་ལག་དེབ》 རྩོམ་པ་པོ། བློ་བཟང་ནོར་བུ།

གོ་གྲེ་བཅུ་གསུམ། བསིལ་དྲོད་སྙོམས། བཟི་མེད། 

 ཕན་ནུས། གྲེ་བ་འགགས་པ་དང་། བད་ཀན་མིད་འཆུས་ཀྱི་ནད་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ་ཡི་བར།

 

བདུད་རྩི་རིལ་དཀར། དྲོད་ཆེ། བཟི་མེད།

ཕན་ནུས། མ་ཞུ་འཇུ་ཞིང་། ཕོ་བའི་མེ་དྲོད་སྐྱེད་པ། བད་ཀན་ལྷེན་གྱི་ནད། ལྕགས་དྲེག་གི་ནད། སྐྲན་གྱི་ནད། དམུ་འོར་སྐྱ་རྦབ་ཀྱི་ནད། གྲང་སྲིན་དང་གླང་འཐབ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ།

 

བདུད་རྩི་གསུམ་སྦྱོར། ཅུང་བསིལ། བཟི་མེད།

ཕན་ནུས། སྟོད་དུ་བད་ཁྲག་རྒྱས་པ་དང་། སྨད་དུ་མཆིན་ཁྲག་ལྷུང་པ། བྲང་ཚ་ཆུ་སྐྱུར་སྐྱུགས་པ།

མགོ་དང་ཡན་ལགས་སོགས་ལ་བརྡབས་ཆག་འབྱུང་བར་ཕན།

གཏོང་ཐབས། ཉིན་རེར་ཐེང་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།

 

ཅོང་ཞི་ལྔ་སྦྱོར། བསིལ་དྲོད་སྙོམས། བཟི་མིད།

ཕན་ནུས། ཕོ་མཆིན་ན་བ། སྟོད་ན་བ། རྩིབ་གཟེར་བརྒྱབ་པ། དང་ག་འགགས་པ། ཆུ་སྐྱུར་སྐྱུགས་པ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ་ནས་བཞི།

 

ཅོང་ཞི་དྲུག་པ། བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། བད་ཀན་གྱིས་བྲང་ཚ་བ་དང་ཆུ་ཚན་སྐྱུགས་པ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ།

 

ཕག་གྲུ། དྲོད་འབྲིང་། བཟི་མེད།

ཕན་ནུས། མ་ཞུ་བས་སྦོས་རྒྱངས་བྱེད་པ། ཁ་ཟས་སྐྱུགས་པ། ཁོག་པ་བཤལ་བ། ལྷེན་སྐན་དང་བད་ཀན་སྐྱ་སྨུག་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་རྗ་གཉིས་ནས་གསུམ་བར།

 

གོ་གྲེ་བཅུ་བདུན། བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། བད་ཀན་གྲེ་ཐོག་གི་ནད་དང་། ཕོ་ཐོག་གི་ནད། མིད་འཆུས། དརྗགས་མི་བདེ་བ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་རྗ་བའི་ནས་ལྔ་ཡི་བར།