ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

ཚེ་རིང་བར་ཕན་པའི་གོམས་གཤིས་བཅུ་གཉིས།

སྤེལ་དུས 2009-07-31 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། འབྲུག་མོས་བསྒྲིགས།

    ཚན་རིག་པས་ཞིབ་འཇུག་བྱས་ནས་བསྟན་དོན།   ཕོ་མོ་སུ་ཡིན་རུང་།   ཚེ་རིང་བ་དང་ལུས་ཁམས་བདེ་ཐང་ཡོང་བར་ཕན་པའི་གོམས་གཤིས་ཤིག་ཆགས་དགོས་པ་ནི་དེང་རབས་ཀྱི་མིའི་ཚེ་ཐག་ཇེ་རིང་དུ་གཏོང་བའི་ཐབས་མཆོག་ཅིག་ཡིན།   གཤམ་གྱི་དོན་ཚན་བཅུ་གཉིས་ལ་བློ་སྦྱོང་དང་གོམས་གཤིས་སུ་གྱུར་ཚེ་ཁྱེད་ཀྱི་ཚེ་ཐག་ཇེ་རིང་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།

དང་པོ།   ལུས་ཟུངས་རྒྱས་ཤིང་མཛེས་པའི་ལྟ་བ།  

       ཚན་རིག་པས་ཡུན་རིང་གི་ཞིབ་འཇུག་ལས་ཤེས་པ་ལྟར་ན།   ཉིན་རེར་ལུས་ཁམས་དྭངས་ཤིང་མཛེས་སྡུག་ཡིད་དུ་འོང་བའི་མཐོང་བྱའི་ཡུལ་ལ་དུས་ཚོད་སྐར་མ 10 ལ་བལྟས་ན་མིའི་ལུས་ཁམས་བདེ་ཐང་དང་ཀླད་པའི་བདེ་སྲུང་ཐད་ནུས་པ་གལ་ཆེན་ཐོན་ཐུབ།   སྐུ་བྲིས་མ་དང་འདྲ་པར་གང་རུང་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་དུས་ཚོད་སྐར་མ་བཅུ་ལ་བལྟ་དགོས།   ཞིབ་འཇུག་ལས་མངོན་པ་ལྟར་ན།   འདི་ལྟར་བྱས་ན་མི་དར་མ་དང་རྒན་པ་རྣམས་ལ་ལུས་ཁམས་བདེ་སྲུང་གི་ནུས་པ་མངོན་གསལ་ཡོད།    ལྷག་པར་དུ་སྙིང་རྩ་འགག་པའི་ནད་ཕོག་པའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།   ལུས་ཁམས་བདེ་ཐང་གི་གོམས་གཤིས་འདི་རྒྱུན་འཁྱོངས་བྱས་ན་ལུས་རྩལ་སྦྱོང་བརྡར་དང་གཅིག་མཐུན་ཡིན་པའི་ཕན་ནུས་ཡོད་པར་སྙམ།  

གཉིས་པ།     ཉིན་རྒྱུན་ལྟ་ཀློག་བྱེད་པའི་གོམས་གཤིས་རྒྱུན་འཁྱོངས་བྱེད་པ། 

      སེམས་ལྷོད་ལ་བབས་ནས་ལྟ་ཀློག་བྱེད་པ་ནི་མིའི་ཚེ་ཐག་ཇེ་རིང་དུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།    ལྷག་པར་དུ་བློ་སེམས་རྩེ་གཅིག་གིས་ལྟ་ཀློག་བྱས་ན་མི་ལུས་ཀྱི་ནད་འགོག་ནུས་ཤུགས་ཇེ་ཆེར་གཏོང་ཐུབ།   དེ་བས་སི་ཕེན་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཡིས་མི་རྣམས་ལ་ལྟ་ཀློག་གི་གོམས་གཤིས་ཆགས་པར་གསོ་སྐྱོང་དང་ཁྱབ་གདལ་གཏོང་ཆེད།   “དཔེ་ཆ་ཀློག་ན་མིའི་ཚེ་ཐག་ཇེ་རིང་དུ་གཏོང་ཐུབཅེས་པའི་བསམ་བློ་བཏོན་པ་རེད།  

གསུམ་པ།   ཚུལ་ལྡན་གྱིས་འཁྲིག་སྤྱོད་རྒྱུན་འཁྱོངས་བྱེད་དགོས།  

      ཚུལ་ལྡན་གྱིས་འཁྲིག་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་ནི་རྒས་འཁོགས་ཕྱིར་འགྱངས་བྱེད་པའི་གནད་འགག་གཙོ་བོ་ཞིག་རེད།   ཚན་རིག་པས་བསྟན་དོན།   ཚུལ་ལྡན་འོས་འཚམས་གྱི་འཁྲིག་སྤྱོད་ནི་མིའི་སེམས་ཁམས་དང་སྤྱོད་ལམ་ལ་ཆེས་ཕན་ནུས་ལྡན་པའི་ལུས་ཁམས་བྱ་འགུལ་ཞིག་ཡིན་པར་མ་ཟད།   ལུས་ཕུང་སྟེང་གི་རིམས་འགོག་ནུས་པ་ཇེ་ཆེར་གཏོང་བའི་ནུས་པ་ལྡན་པ་རེད།  

བཞི་བ།   རང་གི་གཉེན་ཉེ་ལ་སེམས་གཏམ་བརྗོད་པ།  

      ཨ་རའི་ཧྭ་ཧྥོ་སློབ་གྲྭ་ཆེན་མོས་ཞིབ་འཇུག་ལྟར་ན།  གཉེན་ཉེ་བར་གྱི་བརྩེ་དུངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་ལ།   ལྷག་པར་དུ་གཉེན་ཉེ་བར་གྱི་བྱམས་བརྩེའི་འབྲེལ་བ་དེ་ལུས་ཁམས་ཀྱི་བདེ་ཐང་ལ་ཕན་ནུས་གལ་ཆེན་ལྡན་པས།   སེམས་ན་སྡུག་བསྔལ་རེ་ཡོད་ན་དུས་ཐོག་ཏུ་རང་གི་གཉེན་ཉེ་ལ་ཁ་བརྡ་བྱེད་རྒྱུ་དང་།    གཉེན་ཉེ་ཡིས་སེམས་གསོ་དང་བློ་སྒོ་ཕྱེ་བར་བརྟེན་ནས་སེམས་ཀྱི་ཁུར་བོ་ལྕི་མོ་མྱུར་དུ་ཇེ་ཡང་དུ་འགྲོ་བས།   ལུས་སེམས་བདེ་ཐང་དང་ནད་འགོག་ནུས་ཤུགས་ལ་སྙོམ་སྒྲིག་གི་ནུས་པ་ཐོན་ཐུབ།   ཞིབ་འཇུག་ལས་མངོན་པ་ལྟར་ན།   དེ་ལྟར་བྱས་ན་མི་ལ་སྙིང་ནད་ཕོག་པ་དང་སེམས་ལ་སྐྱོ་སྣང་སྐྱེ་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ། གལ་ཏེ་ཉེ་འགྲམ་དུ་གཉེན་ཉེ་སོགས་དང་སེམས་གསོ་བྱེད་མཁན་མེད་ན་གྲོགས་པོ་ནི་ཆེས་བཟང་བའི་ཚབ་བྱེད་མི་སྣ་ཡིན།   

ལྔ་བ།   ནད་ཡོད་ན་གཞུང་གཉེར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་པ།  

     གཞུང་གཉེར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ན་ནད་བརྟག་སྨན་བཅོས་བྱེད་ཚད་ཧ་ཅང་ཚད་ལྡན་ཡིན་པས་སྨན་བཅོས་ཀྱི་བདེ་འཇགས་རང་བཞིན་དེ་བཞིན་དུ་མཐོ།   འཛམ་གླིང་སྟེང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཉེར་གསུམ་ཁྲོད་མིའི་ཚེ་ཐག་ཆེས་རིང་བའི་རྒྱལ་ཁབ་ནི་འཇར་པན་ཡིན་པ་དང་ཆ་སྙོམས་ཀྱི་ཚེ་ཚད་ལོ 81ཙམ་ལ་བསླེབས་ཡོད། མིའི་ཚེ་ཐག་ཆེས་ཐུང་བའི་རྒྱལ་ཁབ་ནི་ཨ་མེ་རི་ཁ་ཡིན་ལ་ལོ་ཚོད 77 ཙམ་རེད།   རྒྱུ་མཚན་ནི་འཇར་པན་གྱི་མི་རྣམས་རྒྱུན་དུ་རྒྱལ་ཁབ་ཀྱི་གཞུང་གཉེར་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་དུ་འགྲོ་བ་དང་།    ཨ་མེ་རི་ཁ་ནི་གཙོ་བོ་སྒེར་གཉེར་སྨན་ཁང་ཡིན་པས་ཚང་མ་དེར་འགྲོ་བའི་རྐྱེན་གྱིས་རེད།  

དྲུག་པ།   རྒྱུན་དུ་ལུས་ཕུང་སྦྱོང་བརྡར་བྱེད་དགོས།    

      ཚན་རིག་ཞིབ་འཇུག་ལས་ཤེས་པ་ལྟར་ན།   མི་རྣམས་ཀྱིས་ཚེ་སྨད་ནས་བཟུང་ལུས་ཕུང་སྦྱོང་བརྡར་བྱས་ན་ཕན་ནུས་ཆེན་པོ་ཡོད་པ་རེད།   གཟའ་འཁོར་རེར་མ་མཐའ་ཡང་ཐེངས་གཉིས་ལ་རྒྱུག་པ་དང་རི་ལ་འགོ་པ་སོགས་བྱེད་པ་རྒྱུན་འཁྱོངས་བྱས་ན་མིའི་རྒས་ཚད་ཇེ་དལ་དུ་གཏོང་ཐུབ། 

བདུན་པ།   བཟའ་བཏུང་ལ་ཚོད་འཛིན་པ་རྒྱུན་འཁྱོངས་བྱེད་པ།  

     མི་དར་མ་དང་རྒན་པ་ལ་མཚོན་ན།    ཚེ་རིང་བར་འདོད་ན་གནད་འགག་གི་རྒྱུ་རྐྱེན་གཅིག་ནི་བཟའ་བཏུང་ལ་ཚོད་འཛིན་རྒྱུ་དེ་ཡིན།   ཉིན་རྒྱུན་ཟས་རྒྱག་ཚོད་རན་པ་ཞིག་ཟོས་ན་ཚེ་རིང་བར་ཕན་པ་ཡིན།   ནད་རིགས་ཐམས་ཅད་ཟས་ལས་འབྱུང་བ་ཡིན་པས་བཟའ་བཏུང་ལ་ཚོད་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།   རབ་ཡིན་ན་གཟའ་འཁོར་གཅིག་གི་ནང་དུ་ཉིན་གཅིག་ལ་ཟས་ཁ་མི་རེག་པར་འདུག་ཐུབ་ན་དེ་ནི་ལུས་ཁམས་གསོ་བ་དང་བདེ་ཐང་ཡོང་བའི་ཐབས་ཤེས་ལེགས་པོ་ཞིག་ཡིན།  

བརྒྱད་པ།   གཉིད་འདང་དགོས།  

     གཉིད་ཀྱིས་ལུས་ཕུང་གསོ་བར་མ་ཟད་ད་དུང་ཚེ་ཐག་ཀྱང་ཇེ་རིང་དུ་གཏོང་ཐུབ་ཅེས་པའི་འཆད་ལུགས་ལ་ཚན་རིག་གི་གཞི་འཛིན་ས་ཡོད་དེ། མིག་སྔར་རྒྱལ་སྤྱིའི་ཆེས་གསར་བའི་ཞིབ་འཇུག་གྲུབ་འབྲས་ལས།   ཚེ་ཐག་ཇེ་རིང་དུ་གཏོང་བའི་ཐབས་ཤེས་ནི་འཚོ་བ་དང་བྱ་བའི་གནོན་ཤུགས་ལས་གཡོལ་ཐབས་བྱེད་པའམ་ཇེ་ཡང་དུ་གཏོང་ཤེས་པ།   མང་ཙམ་གཉིད་པ།    ཟ་མ་ཉུང་ཙམ་ཟ་བའམ་གཟའ་འཁོར་རེར་ཉིན་གཅིག་ལ་ཟ་མ་མི་ཟ་བབཅས་རེད།   མིའི་ལུས་ཕུང་ལ་ལྷན་སྐྱེས་ཀྱི་སྐྱེ་ལྡན་ནུས་པ་ལྡན་ཡོད་པས་གཉིད་ལོག་པ་བརྒྱུད་ནས་ཉིན་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ཉམས་ཞན་དུ་གྱུར་བའི་ལུས་སྟོབས་ཡང་བསྐྱར་རྒྱས་སུ་འཇུག་ཐུབ།   གལ་ཏེ་ཡུན་རིང་ལ་གཉིད་མ་འདང་ན་ལུས་སྟོབས་ཉམས་ནས་ཚེ་ཐག་ཇེ་ཐུང་དུ་འགྲོ་སྲིད།  

དགུ་བ།   རང་ཉིད་ཀྱི་ལས་དོན་ལ་གྲུབ་འབྲས་ལེན་པར་བརྩོན་ལེན་བྱེད་དགོས།

     རང་ཉིད་ཀྱི་ཆེད་ལས་དང་བྱ་བར་འབད་བརྩོན་ལྷོད་མེད་བྱས་ཏེ་གྲུབ་འབྲས་མང་ཙམ་ལོན་ཐུབ་པ་བྱུང་ཚེ་ལུས་སེམས་བདེ་ཐང་ཐད་ལ་འོས་འཚམས་སྒོས་སྙོམ་སྒྲིག་བྱེད་པའི་ནུས་པ་ལྡན་པ་རེད།   གལ་ཏེ་དུས་རྒྱུན་དུ་རང་ཉིད་ཀྱི་བྱ་བའི་ཁྱབ་ཁོངས་སུ་གཟེངས་བསྟོད་མང་ཙམ་ཐོབ་ཚེ།   ལུས་ཕུང་ལ་སྙོམ་སྒྲིག་བཟང་པོ་བྱེད་ཐུབ་པ་ལས་གཞན།   གྲུབ་འབྲས་བཟང་པོ་བླངས་པ་དང་ལེགས་འགྲུབ་བྱུང་བའི་དགའ་སྣང་གིས་མིའི་ནད་འགོག་གི་ནུས་པ་དང་།   ལུས་སྟོབས་དང་སེམས་ཤུགས་སྔར་ལས་ལྷག་པར་ཇེ་ཆེར་གཏོང་སྲིད་པ་རེད།   དབྱིན་ཇུའི་ཨེ་ཝེ་ཁུ་སློབ་ཆེན་གྱི་ཞིབ་འཇུག་ལས་མཚོན་པ་ལྟར་ན།   ནོ་པེར་བྱ་དགའ་ཐོབ་མཁན་དེ་འདེམ་བྱའི་འོས་མིའི་མིང་ཐོབ་མཁན་ལས་ཆ་སྙོམས་གྱི་ཚེ་ཐག་ལོ་གཅིག་དང་ཟླ་ལྔ་ཡིས་རིང་བ་རེད།   སྤྱི་ལོ་1900ལོ་ནས 1950 ལོའི་བར་གྱི་བྱ་དགའ་ཐོབ་མཁན 135 ཡི་ཆ་སྙོམས་ཀྱི་ཚེ་ཐག་ལོ  77དང་ཟླ་གཉིས་རེད།  

བཅུ་བ།   ཉིན་རེར་སྣབས་འབུད་པ།

      དུས་རྒྱུན་དུ་སྣ་ཆུ་ཡོད་པ་དང་ཉིན་རེར་སྣབས་བུད་ན་བདེ་ཐང་ལ་ཕན་པ་རེད།   དེའི་རྒྱུ་མཚན་ནི་སྣ་ཆུ་ཡིས་མི་ལ་ནད་འགོག་པའི་ནུས་པ་འདོན་ཐུབ་པར་མ་ཟད།   ནད་དུག་སྲིན་བུ་དུག་རྒྱུ་ཕྱིར་ཕུད་ཐུབ་པ་རེད།  

བཅུ་གཅིག་པ།     རྒྱུན་དུ་བསམ་བློ་གཏོང་བ་དང་རྩོམ་འབྲི་བ།  

     རྒྱུན་དུ་ཀླད་པ་འགུལ་བའམ་བསམ་བློ་གཏོང་བ་ནི་ཀླད་པའི་ནུས་པ་སྔ་མོ་ནས་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཐབས་ལམ་གལ་ཆེན་ནང་གི་གཅིག་རེད།   དེའི་རྒྱུ་མཚན་ནི་ཀླད་པ་འགུལ་བའམ་བསམ་བློ་གཏོང་བ་དེས་ཀླད་ཆེན་གྱི་ཁྲག་རྒྱུག་ཚད་མངོན་གསལ་སྒོས་ཇེ་མགྱོགས་སུ་བཏང་བས་ཀླད་པའི་ཕྲ་ཕུང་ལ་ཁྲག་དང་དབྱང་དབུགས་མཁོ་སྤྲོད་བྱེད་པ་ཁག་ཐེག་བྱེད་པ་དང་།     ཀླད་པའི་ཕྲ་ཕུང་ཤི་བ་དང་རྒས་ཞན་དུ་འགྱུར་ཚད་ཇེ་དལ་དུ་བཏང་བ་རེད།     ཡང་རྒྱུན་དུ་རྩོམ་ཡིག་བྲིས་ན་ཀླད་པའི་ནུས་པ་དང་སློབ་སྦྱོང་གི་ནུས་པ་ཇེ་མཐོར་འགྲོ་བར་མ་ཟད།   ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་ཆེར་འགྲོ་བ་ལས་གཞན་རྒས་འཁོགས་རང་བཞིན་གྱི་གླེན་ནད་འབྱུང་བར་སྔོན་འགོག་བྱེད་ཐུབ་པ་རེད། 

བཅུ་གཉིས་པ།   རྒྱུན་པར་སྤྲོ་གར་ལ་བལྟ་བ་དང་ཁ་མཚར་བཤད་པ། 

      ཁ་དཔེ་ལམི་སྤྲོ་དགའ་ཅན་གྱི་ཚེ་ཐག་རིངཞེས་པ་ལྟར།   དུས་རྒྱུན་དུ་རང་ཉིད་ཀྱི་སྤྲོ་སྣང་གི་སེམས་ཤུགས་དང་བཞད་གད་སྣང་ཚུལ་རྒྱུན་འཁྱོངས་དང་གསོ་སྐྱོང་བྱེད་པ་ནི་རྒས་པ་ཕྱིར་འགྱངས་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ནང་གི་གཅིག་རེད།   ཚན་རིག་ཞིབ་འཇུག་ལས་བསྟན་པ་ལྟར་ན།   དགོད་སྒྲ་ཆེན་པོས་བགད་ན་མིའི་སྙིང་ཁམས་ལ་ཕན་ཐོགས་ཚད་དེ་དུས་ཚོད་ཕྱེད་ཙམ་ལ་ལུས་ཕུང་སྦྱོང་བརྡར་བྱས་པ་ལས་ཀྱང་བཟང་བ་རེད།   དེའི་རྒྱུ་མཚན་ནི་དགོད་སྒྲ་ཆེན་པོས་བགད་ཚེ་མིའི་ལུས་ཕུང་ནང་ཁྲག་གི་རྒྱུག་ཚད་ཇེ་མགྱོགས་སུ་འགྲོ་བ་དང་ཁྲག་རྩ་རྒྱས་པ་རེད།   འདི་ནི་སྙིང་དང་ཁྲག་རྩའི་ནད་འབྱུང་བ་ཇེ་ཉུང་དུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་གཉིས་རེད།   འབྲེལ་ཡོད་ཆེད་མཁས་པས་བལྟས་ན།   རང་ཉིད་ཀྱི་དགའ་སྣང་དང་མཐུན་པའི་རྩེད་འཇོ་རོལ་རྗེས།   ཁྲག་གི་འཁོར་རྒྱུག་ཚད་བརྒྱ་ཆའི་ཉེར་གཉིས་ཇེ་མཐོར་སོང་ཡོད་པ་རེད།   ཕན་འབྲས་འདི་ནི་ལུས་རྩལ་སྦྱོང་བརྡར་བྱེད་པར་ཁ་གསབ་བྱེད་པའི་བྱེད་ཐབས་ཤིག་ཡིན་པར་མ་ཟད།   ནུས་ཤུགས་འདོན་མི་དགོས་ལ།   གཟའ་འཁོར་རེར་ཐེངས་གསུམ་དང་ཐེངས་རེར་སྐར་མ་བཅོ་ལྔའི་རིང་རྒྱུན་བསྐྱངས་ན་གོང་སྨྲས་ཀྱི་ཕན་འབྲས་དེ་ཐོན་པ་རེད།