ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བུད་མེད་འདིའི་རིགས་ཚེ་ཐག་རིང་།

སྤེལ་དུས 2023-09-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             སྤྱི་ཚེས་29ཉིན་《རྒན་རྒོན་རིག་པའི་དུས་དེབ། གསོ་རིག་ཚན་རིག་》ཅེས་པའི་དྲ་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཅ་ཀྲོའུ་གཙུག་ལག་སློབ་ཆེན་ཧྲེན་ཏེ་ཀེ་ཡན་ལག་སློབ་གྲྭས་སྣེ་ཁྲིད་པའི་ལས་ཁུངས་མང་པོ་ཞིག་གི་མཉམ་ལས་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། བུད་མེད་རྣམས་ལོ་60ལོན་རྗེས་ལུས་པོའི་ལྗིད་ཚད་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཚེ་ལོ་90ཡན་དང་རིང་ན་ལོ་100་འཚོ་ཐུབ་པའི་རེ་བ་ཡོད་པ་རེད། ལུས་པོའི་ལྗིད་ཚད་5%ཆག་མཁན་དང་བསྡུར་ན་དེ་ཚོ་ཚེ་རིང་པོར་འཚོ་ཐུབ་ཚད་ལྡབ་1.2ནས་2བར་མཐོ་བ་ཡོད་པ་རེད། 
             ཞིབ་འཇུག་པ་ཚོས་བུད་མེད་བདེ་ཐང་གྲོས་གཞིར་ཞུགས་མཁན་གྱི་མི་54437གྱི་ཚེ་སྨད་ཀྱི་ལུས་པོའི་ལྗིད་ཚད་དང་ཚེ་ཚད་ཀྱི་འབྲེལ་བར་བརྟག་ཞིབ་བྱས་ཡོད་ཅིང་། དེ་དག་ཁྲོད་ཀྱི་མི་ 30647(56%)ལོ་90དང་90ཡན་དུ་འཚོ་གནས་ཐུབ་ཡོད་པ་རེད།

           ལུས་པོའི་ལྗིད་ཚད་གཏན་འཇགས་ཡིན་མཁན་དང་བསྡུར་ན་ལྗིད་ཚད་5%ཆག་མཁན་བལྟོས་བཅས་ཚེ་ཐུང་བ་ཡིན་ཏེ། དཔེར་ན། ལུས་པོའི་ལྗིད་ཚད་རང་བཞིན་གྱིས་ཆག་མཁན་ལོ་90བར་འཚོ་ཐུབ་ཚད་51%ཆག་ཡོད་པ་རེད།

ཞིབ་འཇུག་མི་སྣས་བསྟན་དོན། བུད་མེད་ཚོས་ཚེ་ཐག་ཇེ་རིང་དུ་གཏོང་འདོད་ན་ལུས་པོའི་ལྗིད་ཚད་གཏན་འཇགས་ཡོང་ཐབས་བརྩོན་ལེན་བྱེད་དགོས། ལོ་ན་མཐོ་བའི་བུད་མེད་ཚོ་མི་འདོད་བཞིན་དུ་ལུས་པོའི་ལྗིད་ཚད་ཇེ་ཆུང་དུ་འགྲོ་བའི་གནས་ཚུལ་ཐོན་ཚེ་བདེ་ཐང་མིན་པའི་རྟགས་ཡིན།

ཞིབ་འཇུག་གི་འཇུག་འབྲས་ལས་མཐོང་གསལ། སྤྱིར་བཏང་དུ་ན་རྒས་བུད་མེད་རྣམས་ཤ་སྐམ་དུ་གཏོང་རྒྱུའི་གྲོས་འགོ་འདོན་པ་དེ་རིགས་ཁོ་ཚོའི་ཚེ་སྲོག་ཇེ་རིང་དུ་འགྲོ་བར་ཕན་པ་གང་ཡང་མེད། དེ་མ་ཟད་དུས་དེབ་ནང་། བུད་མེད་ཚོར་སྨན་པས་ལུས་པོའི་ལྗིད་ཚད་ཚོད་འཛིན་གང་འཚམ་བྱས་ནས་བདེ་ཐང་དང་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས་པའི་གྲོས་འགོ་བཏོན་ཚེ། སྨན་པའི་བསླབ་བྱས་བརྩི་སྲུང་ནན་པོ་བྱེད་དགོས་པའི་མཛུབ་སྟོན་ཡང་བྱས་འདུག

        གྲངས་གཞི་འདི་དག་གིས་ལུས་པོའི་ལྗིད་ཚད་དང་ཤི་གསོན་བར་གྱི་འབྲེལ་མཐུད་རང་བཞིན་འབྲེལ་ཡོད་ཞིབ་འཇུག་རྒྱ་སྐྱེད་བཏང་ཡོད་ལ། འདི་ཡང་ན་རྒས་ཀྱི་ལུས་པོའི་ལྗིད་ཚད་དང་ཤི་གསོན་ཟུང་འབྲེལ་བྱས་པའི་ཞིབ་འཇུག་རྒྱ་ཆེན་བྱས་པ་ཞིག་ཀྱང་རེད།

རྩོམ་སྒྲིག་པ། མང་ག་མཚོ།