ང་ཚོས་དངོས་གནས་མངར་ཆ་གཅོད་དགོས་སམ། མངར་ཆ་བཅད་ན་དངོས་གནས་དྲ་ཐོག་ནས་བཤད་པ་ལྟ་བུའི་ཕན་པ་དེ་འདྲ་ཡོད་དམ།
ཐོག་མར། མངར་ཆ་ནི་ང་ཚོའི་ལུས་ཕུང་བདེ་ཐང་ལ་ངེས་པར་དུ་མཁོ་བའི་འཚོ་བཅུད་དངོས་རྫས་ཡིན་པས། མངར་ཆར་སྐྲག་དགོས་དོན་མེད། དོན་དངོས་ཐོག་ང་ཚོ་མི་མང་ཆེ་བས་མངར་ཆར་ཚོད་འཛིན་བྱེད་མི་དགོས། 《ཀྲུང་གོའི་གྲོང་ཁྱེར་གྱི་གྲོང་མིའི་མངར་ཆ་སྤྱོད་ཚད་དང་དེའི་ཉེན་ཁའི་དཔྱད་དཔོག》ལས་མངོན་པར། རང་རྒྱལ་གྱི་གྲོང་ཁྱེར་གྱི་གྲོང་མིས་ཆ་སྙོམས་ཉིན་རེར་མངར་ཆ་ཁེ་9.1ཟ་གི་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ནར་སོན་པའི་མི་དང་བྱིས་པའི་མངར་ཆ་བསྡུ་ལེན་བྱས་པ་དེ་སྤྱིའི་ནུས་ཚད་ཀྱི་10%མན་དུ་ཚོད་འཛིན་བྱ་དགོས་ལ། ཉིན་རེར་མངར་ཆ་ཁེ50ལས་བརྒལ་མི་ཆོག་པས། དེའི་ཐོག་ནས་ང་ཚོ་མི་མང་ཆེ་བ་བདེ་ཐང་གི་ཁྱབ་ཁོངས་ལས་བརྒལ་མེད་པ་མཐོང་ཐུབ།
ཡིན་ནའང་། ང་ཚོས་ཧའོ་ཧྲེང་500ཅན་གྱི་མངར་ཆ་འདུས་པའི་སྐོམ་ཆུ་ཞིག་འཐུང་ན་མངར་ཆ་ཁེ་50ལྷག་བསྡུ་ལེན་བྱེད་ཐུབ། དོ་སྣང་མ་བྱས་ན། མངར་ཆ་མང་དྲགས་འགྲོ། དེའི་ཕྱིར། མངར་ཆར་ཚོད་འཛིན་བྱེད་འདོད་ན། གཙོ་བོ་ཀ་ར་དཀར་པོ་དང་སྦྲང་རྩི། མངར་ཆའི་ལྡེ་གུའི་ཁུ་བ་ལྟ་བུ་སོགས་ཇེ་ཉུང་ལ་གཏོང་དགོས། མངར་ཆ་འདི་རིགས་མིའི་ལུས་ཁམས་ཀྱིས་འཇུ་སླ་བས་ཁྲག་མངར་མཐོ་བ་དང་ལྗིད་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་འབྱུང་སྲིད།
དེས་ན་མངར་ཆར་ཚོད་འཛིན་བྱས་ན་ང་ཚོའི་པགས་པ་ཇེ་བཟང་དུ་འགྲོ་སྲིད་དམ། དངོས་གནས་ནུས་པ་ཅུང་ཙམ་ཐོན་པ་ང་ཚོས་ཁས་ལེན་དགོས། མངར་ཆ་མང་པོ་ཞིག་ང་ཚོའི་ལུས་པོའི་ནང་དུ་ཞུགས་སྐབས། གལ་ཏེ་འདང་ངེས་ཀྱི་རྩབས་ཀྱིས་མངར་འགྱུར་འགྱུར་འབྱུང་ལ་སྐུལ་འདེད་མ་བྱས་ན། མངར་ཆ་ལྷག་མ་དག་བདེ་ཐང་ལ་གནོད་པ་ཧ་ཅང་ཆེ་བའི་ཐོན་དངོས་ཤིག་ཏུ་འགྱུར་སྲིད། ཐོན་དངོས་འདིས་པགས་པའི་ནང་གི་གདོད་སྤྱིན་སྤྲི་དཀར་ལ་གཏོར་བརླག་བཟོ་བ་མ་ཟད། ད་དུང་སྐྱི་པགས་མགྱོགས་མྱུར་རྒས་སུ་འཇུག་སྲིད། བྱེ་བྲག་གི་མངོན་ཚུལ་ནི། སྐྱི་པགས་སྟེང་དུ་གཉེར་མ་དོད་པ་དང་འོད་མདངས་ཤོར་བ། མདོག་མེད་པ། མདོག་སེར་པོར་འགྱུར་ཞིང་ཁྲ་ཐིག་འབྱུང་བ་སོགས་ཡིན། འོན་ཀྱང་། ཚད་ལས་བརྒལ་བའི་མངར་ཆ་ནི་སྐྱི་པགས་རྒས་པའི་རྒྱུ་རྐྱེན་ཞིག་ཡིན། མངར་ཆར་ཚོད་འཛིན་བྱེད་པ་ལས་གཞན། གཉིད་སྐྱིད་པོ་ཞིག་ཡོང་བར་ཁག་ཐེག་བྱེད་དགོས། གཙང་སྦྲ་དང་ཉི་འགོག་ཡག་པོ་བྱེད་རྒྱུ་ཡང་གལ་ཆེན་ཡིན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་པ། མང་ག་མཚོ།