ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

རླུང་གི་ནད་བཤད་པ།

སྤེལ་དུས 2012-04-10 ཡོང་ཁུངས། དེང་རབས་བོད་སྨན་ཆུ་ཁབ། རྩོམ་པ་པོ། ཚེ་རྡོར།

      རླུང་གི་ནད་ཅེས་བྱ་བ་ནི་ལུས་ལ་རང་བཞིན་དུ་གནས་པའི་རླུང་མཚན་ཉིད་དྲུག་ལྡན་པ་དེ་ཕྱི་ནང་གི་རྐྱེན་ཅི་རིགས་ཀྱི་དབང་གིས་ནད་ཀྱི་ངོ་བོར་རྣམ་པར་གྱུར་ཏེ་ལུས་ལ་གནོད་པར་བྱེད་པའི་ཕྱིར་དེ་ལ་རླུང་གི་ནད་ཅེས་རྒྱུའི་མིང་འབྲས་བུ་ལ་བཏགས་པའི་ཚུལ་གྱིས་བཤད་པ་ཡིན་ལ། དེ་ལ་དཔལ་ལྡན་མན་ངག་རྒྱུད་ལས། ནད་རྣམས་ཀུན་གྱི་སྣ་འདྲེན་མཇུག་སྡུད་རླུང་།། མཁྲིས་ཚད་འབུད་ཅིང་བད་ཀན་གྲང་བ་འཁྱག། དམུ་འོར་སྐྱ་རྦབ་གཡོ་ཞིང་སྐྲན་རྣམས་སྒོང་།། བསགས་སློང་བྱེར་འདྲེན་ཚད་མཇུག་རླུང་གིས་འབུད།། ཅེས་པ་ལྟར་ཐོག་མར་རླུང་འཇུག་ཅིང་དེ་ནས་གཞན་འཁྲུགས་པས་རླུང་དེ་ཉིད་ནི་ནད་རིགས་ཐམས་ཅད་ཀྱི་སྣ་འདྲེན་མ་ཟད་ནད་གཞན་རྣམས་སློང་བར་བྱེད་པ་དང་མཇུག་སྡུད་དེ་ཚད་གཞུག་འབུད་པ། ནད་བྱེར་ཞིང་འཐོར་བའི་ལསབྱེད་པ།ཚ་གྲང་ཀུན་ལ་ཁྱབ་ཅིང་གནོད་བྱ་ཀུན་ལ་རྒྱུ་བ། རང་རྒྱུད་གདུག་ཅིང་གཞན་ལ་གནོད་པའི་མཐུ་ཆེ་བ།ནད་གཞན་ལས་སྣ་མང་ཞིང་སྟོབས་ཆེ་བ།རང་བཞིན་རྩུབ་པ་བཅས་ཡིན་པའི་ཕྱིར་དང་ཐོག་རླུང་གི་ནད་དེ་ཉིད་བཤད་པ་ཡིན་ནོ།