ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

རྒྱུན་མཐོང་ནད་རིགས་འགའི་བཅོས་ཐབས།

སྤེལ་དུས 2011-12-12 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དྲ་བ། རྩོམ་པ་པོ། དབང་སྒྲོལ་སྐྱིད་ཀྱིས་བསྒྲིགས།

གཅིན་སྙི་ཟ་ཁུའི་བཅོས་ཐབས།

     བཅོས་ཐབས་ཟ་ཁུ་བད་ཚུལ་གཙོ་བོར་བཅོས།། འབྲུ་རྙིང་སྐམ་སའི་ཤ་ལ་སོགས་པ་ཡི། ཡང་ཞིང་རྩུབ་པའི་ཟས་སྐོམ་སྤྱོད་ལམ་བསྟེན། ། ཡུང་སྐྱེར་སྐྱུ་རུ་གཟེ་མའི་བསྡུས་ཐང་བཏང༌། ཞེས་བའི་གདམ་ངག་རྣམས་སློབ་སྟོན་དུ་བཟུང་ཐོག ད་དུང་སེ་འབྲུ་ཉི་དཀྱིལ་དང༌། པད་རག གཅིན་ཕོ་སྙི་ཨ་རུ་བཅོ་བརྒྱད། ལྷ་ལུང༌། གོ་ཡུ་ཉེར་བརྒྱད། དྭངས་བཙོ། དེ་བཞིན་སེ་འབྲུ་ལྔ་པ་དང༌། སེ་འབྲུ་དྭངས་གནས།ཨ་རུ་བཅུ་བ། སར་ཁྱུང་ལྟ་བུ་རྒྱུན་སྤྱོད་སྨན་སྤྱོར་སྤྱི་དང༌། གཞན་ཡང་རྒྱུད་ཉམས་ཡིག་ཁག་ནས་བསྟན་པའི་འབྲེལ་ཡོད་སྨན་རྫས་དང༌། སྨན་སྤྱོར་རིགས་གང་ལ་ཡང་དེ་འཚམ་གྱི་སྒོ་ནས་བེད་སྤྱོད་བྱེད་པའི་ཐབས་དང༌། སྒྱུ་རྩལ་ལ་བརྟེན་ནས་བཅོས་དགོས་པ་མ་ཟད། ད་དུང་ཀ་ར་དང་བུ་རམ་ལྟ་བུ་ཟས་སྐོམ་རོ་མངར་ཞིང་ནུས་པ་ལྕི་བསིལ་རིགས་གཏན་ནས་མི་བསྟེན་པ་དང༌། ལུས་ཁམས་ལ་དྲོ་བཅོས་བྱེད་པ། ཙིགས་པ་བཅོ་བརྒྱད་དང་བཅུ་དགུ་པའི་གསང་ལ་མེ་བཙའ་བགདབ་པ་སོགས་ལ་བརྟེན་ནས་བཅོས་ཐབས་འཚོལ་ཞིབ་བྱེད་དགོས་པ་འང་ཡིན།

 མཁྲིས་པའི་རྡོ་སྐྲན་བཅོས་ཐབས།

རྒྱུད་ལས་"མི་དང་ཕག་བྲུན་ནུས་ལྡན་བསྲེག་པ་ལ།། ཚ་ལ་དོམ་མཁྲིས་ཀ་ར་པི་པི་ལིང༌།། སེ་འབྲུ་ལྔ་དང་ནུབ་ལྟག་པ་སྤྲད།།"ཅེས་བསྟན་པ་དེ་བཟུང་ནས་སྤྱིར་སྨན་གར་ནག་བཅུ་པ་དང༌། གསེར་མདོག་བཅུ་གཅིག སེ་འབྲུ་དྭངས་གནས། གསར་མདོག་ལྔ་པའི་འགྲོན་བུའི་ཐལ་བ་བསྣན་པ་སོགས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་བྱེད་དགོས་ཤིང༌། མདོར་ན་མཁྲིས་པའི་རྡོ་སྐྲན་གྱི་ནད་འདིར་གར་ནག་གི་སྦྱོར་བའི་རིགས་དང༌། དྭངསས་་བཙོ་ལྟ་བུ་སེ་འབྲུའི་སྦྱོར་བྲོ་གརནམས་ཞི་མཚམས་སུ། རྒྱུད་ནས་བསྟན་པའི་མན་ངག་བཤལ་གྱིས་སྦྱངས་ཏེ་ནད་རྗེས་བཅད་པས་བཅོས་སྐྱེད་སྲ་བརྟན་དུ་འབྱུང་བ་ཡིན།

 རྒྱུ་གཟེར་གྱི་ནད་བཅས་ཐབས།

སྤྱིར་ན་སྨན་འཕྲུལ་བྲག་དང༌། བྲག་ཁྱུང༌། བྲག་ཞུན་དགུ་བ། མཁྲིས་ཕྱེ་བདུན་པ།

 མྱང་སྤྲས་ལྔ་པ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བཏང་ཆོག དེ་ཡང་རྒྱུ་མར་གཟེར་ཟུག་ཛ་དྲག་པོ་གཏོང་བ་དང༌།ཁྲག་ཁོ་ན་བཤལ་སྐབས་བྲག་ཁྱུང་དང༌།   འཕྲུལ་བྲག་གཏོང་བ། ན་ཟུག་ཆུང་ཞིང་བཤལ་ཐབས་མང་བར་བྲག་ཞུན་དགུ་པ་དང༌། མཁྲིས་ཕྱེ་བདུན་པ། མྱང་སྤྲས་ལྔ་པ་སོགས་གཏོང་བ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས།

  བོད་སྨན་མིག་གསོའི་སྒྲུབ་ཐབས།

བོད་སྨན་མིག་གསོའི་སྒྲུབ་ཐབས་ནི་བགྲང་བྱ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་མིག་གསོའི་ཐབས་ལམ་ཟབ་མོ་ཞིག་ཡིན་པར་མ་ཟད།བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན།དེའི་སྙིང་གཙོ་བོ་ནི་གནམ་དང་ས།མི་བཅས་ཡིན།

       དང་པོ། བོད་སྨན་མིག་གསོའི་སྒྲུབ་ཐབས་ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན་ཞིང་།དུས་རབས་བཅོ་བརྒྱད་པའི་ནང་ཆེད་མཁས་སྨན་པས་རིག་པ་དེར་རྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་དང་ཞིབ་འཇུག་བགྱིས།བོད་སྨན་མིག་གསོའི་སྒྲུབ་ཐབས་ཀྱིས་ཕན་ནུས་ཤིན་ཏུ་ཆེ་ཡང་མི་གང་མང་ཞིག་ལ་གོ་སྐབས་འདི་རེག་པ་ཁག

       གཉིས་པ། བོད་སྨན་མིག་གསོའི་སྒྲུབ་ཐབས་ནི་བོད་ལུགས་གསོ་རིག་དང་ཀྲུང་ཧྭ་སྲོལ་རྒྱུན་གསོ་རིག་གི་གཞུང་ལུགས།མཐོང་ཚོར་དང་འགུལ་སྐྱོད།བཅུད་ལེན་བཅས་ཀྱི་རིག་པའི་གཞུང་ལུགས་རྣམས་ལ་གཞི་བཅོལ་ཡོད།

       གསུམ་པ།བོད་སྨན་མིག་གསོའི་སྒྲུབ་ཐབས་ནི་ནུབ་ཕྱོགས་རྩ་རླུང་གི་སྙིང་བཅུད་ཡིན།

       བཞི་པ།ཞང་ཀང་ནི་མིག་གི་ཚོར་ཤེས་ཨེ་ཤ་ཡ་གླིང་ནས་ཆེས་ཞན་གནས་ཡིན།།

འགྲམས་ཚད་བཅོས་ཐབས།

"འགྲམས་ཀྱི་ཚ་བ་ལུས་ཟུངས་རང་སོར་གཞུག།"ཅེས་བསྟན་པ་ལྟར། ཕྱི་ནང་གི་གནས་གང་དུ་འགྲམས་ཡོད་རུང༌། གནས་དེ་རང་གི་གཉེན་པོ་བསྟེན་ཏེ་གཉན་ཚད་གཅོག་པ་དང་ལུས་ཟུངས་གསོ་བ་བརྒྱུད་ནས་བཅོས་སྐྱེད་ཡོང་བ་བྱེད་དགོསཔ་རེད།

གབ་ཚད་ཀྱི་བཅོས་ཐབས།

"གབ་ཚད་གྲངབའི་མགོ་ཕུར་དྲོད་ཀྱིས་བཤུ།།"ཞེས་བསྟན་པ་ལྟར་ཐོག་མར་སྨན་སེ་འབྲུ་དང་ཨ་གར་རིགས་ཀྱིས་གྲང་རླུང་གིས་འགོ་མནན་པ་དེ་བཤུལ་རྗེས་གཙོ་བོ་བརྒྱད་པ་དང༌། ཅུ་གང་བདེ་བྱེད། ཐང་ཆེན་ཉེར་ལྔ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས།