ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

བོད་ཀྱི་གསོ་རིག་དར་རྒྱས་སུ་གཏོང་རྒྱུའི་སྐོར་གྱི་བསམ་གཞིགས་འགའ།

སྤེལ་དུས 2011-12-15 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། དབང་སྒྲོལ་སྐྱིད་ཀྱིས་བསྒྲིགས།

    བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཡིག་ཐོག་འགོད་ཡོད་པའི་དུས་སྐབས་ནི་བོད་རང་ཉིད་ཀྱི་དད་པ་བྱས་པའི་ཆོས་ལུགས་ཐོག་མ་ཁྱབ་སྤེལ་བྱུང་བའི་ཡུལ་ཞང་ཞུང་ནས་གཡུ་ཐོག་རྙིང་མ་དང་གཡུ་ཐོག་གསར་མ། དེའི་རྗེས་མཁས་དབང་བཙུགས་རྒྱན་གྲངས་ལས་འདས་པའི་ལོ་རྒྱུས་དང་གཞུང་རིག་བཅས་ཀྱི་སྐོར་མཁྱེན་གསལ་བཞིན་ཞིབ་ཞུ་དགོས་དོན་ཅི་མི་འདུག   ཁྱད་པར་དུ་སྐབས་ཤིག་ལ་བོད་ཀྱི་གསོ་བ་རིག་པ་ཉམས་ཆུང་ཉག་ཕྲ་བའི་སྐབས་འདིར་ལྷག་བསམ་གྱི་སྙིང་ཁོགས་དང་མདུན་བསྐྱོད་ཀྱི་བསམ་བློ། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སྔོན་ཐོན་གྱི་ཕུགས་བསམ་མངོན་འགྱུར་བྱེད་དགོས་པའི་ཆེད་དུ། བོད་ཀྱི་གསོ་བ་རིག་པར་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བའི་ཕྱིར། གསོ་རིག་གི་རྒྱུད་འཛིན་སྲོག་གི་དབང་པོ་ལ། ཟུངས་ཁྲག་དྲོད་མ་ཡལ་བ་ཞིག་མེད་ན་དུས་རབས་ཉེར་གཅིག་པའི་ནང་དུ་འཛམ་གླིང་གི་གསོ་རིག་ངེས་དོན་ལ་དེང་རབས་སྔོན་ཐོན་ཚན་རིག་གི་མྱུ་གུ་འཁྲུངས་ནས་ནད་རིགས་བཞི་བརྒྱ་རྩ་བཞི་དགེགས་རིགས་སྟོང་ཕྲག་བརྒྱུད་ཅུའི་འཐབ་རྩོད་ཁྲོད་དུ་འབྲས་བུ་རླབས་པོ་ཆེ་སྨིན་ཐུབ་རྒྱུ་མ་རེད།
             འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཙམ་བལྟས་པ།  བོད་གངས་ཅན་གྱི་ལྗོངས་ལ་དུས་རབས་བཅུ་བཞི་པའི་རྗེས་སུ་བོད་ཡོངས་ཀྱི་ཁོངས་གཏོགས་སུ་དཔལ་ལྡན་གསོ་བྱེད་ཟུར་ལུགས་དང་བྱང་ལུགས་གཉིས་ཁྱབ་སྤེལ་བྱུང་བར་བརྟེན། གསོ་བྱེད་ནད་ལས་རྒྱལ་བའི་འཕྲིན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད་པ་དང་། ཁམས་ཀྱི་ཕྱོགས་སུ་ཟུར་མཁར་བློ་གྲོས་རྡོ་རྗེ་ནས་དཔལ་ལྡན་གསོ་རིག་འཕེལ་རྒྱས་གཏོང་ནས། སྡེ་དགེའི་ས་ཁུལ་དུ་ལོ་རྒྱུས་ཐོག་ཡོད་མ་མྱོང་བའི་གོང་འཕེལ་བྱུང་ཡོད་པ་དང་། དེ་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྡེ་དགེ་དཔལ་ལྡན་ལྷུན་གྲུབ་སྟེ་གྲྭ་མང་སྨན་ཁང་བཙུགས་ནས་སྨན་གཞུང་སློབ་སྦྱོང་དང་། སྨན་རིག་བརྟག་དཔྱད། སྨན་རྫས་བསྡུ་སྒྲིག་སོགས་འཕེལ་རྒྱས་གསར་བསྐྲུན་བྱས་ཏེ་ད་བར་ལོ་ངོ་ལྔ་བརྒྱ་ལྔ་བཅུ་ལྷག་འདས་ཡོད་པ་རེད།
              བོད་ཧྲིལ་པོའི་ནང་བྱང་ལུགས་དང་འདྲ་མཉམ་པའི་གསོ་བྱེད་ཀྱི་ཟུར་ལུགས་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ཏེ་བསྟན་འཛིན་གྱི་སྐྱེས་མཆོག་དམ་པ་བགྲང་གིས་མི་ལོང་བ་བྱོན་མྱོང་པ་རེད། དུས་རབས་བཅུ་དྲུག་པའི་རྗེས་སུ་རིམ་བཞིན་ས་གསུམ་ནས་འགྲན་ཟླ་བྲལ་བའི་གསོ་བྱེད་ཀྱི་མཁས་པའི་བཙུགས་རྒྱན་དམ་པ་རིན་པོ་ཆེ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་དབོན་ཀརྨ་ངེས་ལེགས། དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབས་རྒྱས། བི་ལོ་ཚེ་དབང་ཀུན་ཁྱབ། འཇམ་དབྱངས་མཁྱེན་བརྩེ་དབང་པོ།ཀོང་སྤྲུང་ཡོན་ཏན་རྒྱ་མཚོ། འགྱུར་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་བགྲང་མང་བྱོན་ནས་བོད་ཀྱི་གསོ་རིག་ཕྱོགས་ཀུན་ཁྱབ་ཞིང་། ཁོང་རྣམ་པས་ངེས་དོན་གསོ་རིག་གི་སྲོག་དབང་ལ་མི་ཚེ་ཧྲིལ་པོས་ལུས་སྲོག་གི་རྣམ་ཤེས་བཅས་འཚོལ་ཡོད་པས། དེ་ནི་འཇིག་རྟེན་མི་ལུས་ཐོབ་པའི་མི་ཞིག་གི་མཛད་རྗེས་འཛམ་གླིང་མི་དམངས་ཀྱི་རེ་བ་དང་། མ་འོངས་པའི་ཕུགས་བསམ་ཉག་ཅིག་ཏུ་གྱུར་ཡོད་པ་རེད།
       འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་བསམ་བློ་ཙམ་གཏོང་བ། ཐེངས་འདིར་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ནས་བོད་ཀྱི་གསོ་རིག་མཁས་དབང་མི་སྣ་ཚོ་གཅིག་རྩ་འཛུགས་བྱས་ཏེ་རྫོང་ཨུ་ཧྲུའུ་ཅི་ཀོང་གྱོན་ཀྲུང་གིས་དབུ་ཁྲིད་འོག་བོད་ལྗོངས་དང་མཚོ་སྔོན། ལན་ཀྲུའུ། རྔ་བ་རང་སྐྱོང་ཁུལ་བཅས་ཀྱི་ས་ཁུལ་གྱིས་བོད་སྨན་འཕེལ་རྒྱས་གཏོང་ཚུལ་ལ་ལྟ་སྐོར་རྟོག་བྱད་དུ་ཕྱིན་ནས་ཞིབ། མ་འོངས་པར་དཔལ་ལྡན་ཟུར་ལུགས་ཀྱི་བསྟན་པ་རིན་པོ་ཆེ་དར་སྤེལ་གཏོང་ཆེད་རྨང་གཞི་ཡག་པོ་གྲུབ་ཡོད། མ་འོངས་པ་ནའང་རྨང་གཞི་དེའི་ཐོག་ནས་རྒྱུན་འཛིན་དར་འཕེལ་འཚོལ་བསྡུ་བྱེད་པ་གསུམ་ནི་འཛམ་གླིང་མཐའ་དབུས་སུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་འགན་འཁྲི་འདི་བོད་ཀྱི་གསོ་རིག་པ་རྣམས་ལ་ཡོད་པའི་སྐོར་གྱི་བསམ་ཚུལ་གཤམ་གསལ་སྟེ།
གཅིག བོད་ཀྱི་གསོ་རིག་གི་གཞུང་ལུགས་རྒྱུན་འཛིན་བྱེད་པ་དང་། ལག་ལེན་རྒྱུན་འཛིན་གཏོང་དགོས། སྔོན་བྱོན་མཁས་དབང་དམ་པའི་གསོ་རིག་གཞུང་ལུགས་རྣམས་འཚོལ་སྡུད་དང་པར་བསྐྲུན་བྱེད་པ།ད་ལྟ་ཞལ་བཞུགས་པའི་གསོ་རིག་མཁས་དབང་དམ་པའི་རྒན་རབས་པ་ཕལ་ཆེར་དགོངས་པ་ཆོས་དབྱིངས་སུ་མ་ཐིལ་སྔོན་གཞུང་ལུགས་བརྩམས་པ་རྣམས་བསྡུར་སྒྲིག་དང་དབང་ལུང་ཁྲིད་རྒྱུན་གྱི་རྒྱུན་མ་ཆད་པ་བུམ་པའི་ཁ་ནས་འཇོ་བ་བཞིད་དུ་བརྒྱུད་དེ་ལག་ལེན་བྱེད་དགོས་པར་མ་ཟད་མི་རབས་རྗེས་མར་སྤེལ་ཐུབ་པ་བྱ་རྒྱུ་ནི་ད་ལྟ་ཞལ་བཞུགས་པའི་གསོ་རིག་མཁས་དབང་དམ་པ་རྣམས་ལ་ཐད་ཀའི་འགན་དབང་དང་འགན་འཁྲི་ཡོད་པ་རེད་སྙམ།
གཉིས། སྔོན་བྱོན་མཁས་དབང་རྣམས་དང་ད་ལྟ་བཞུགས་པའི་མཁས་དབང་རྣམ་པས་ཇི་ལྟར་བལྟས་པ། ཇི་ལྟར་དྲི་ཚུལ་དང་། ཇི་ལྟར་དཔྱད་ཚུལ། ཇི་ལྟར་བཅོས་ཚུལ་ལ་སོགས་ཀྱི་ཉམས་མྱོང་དང་ད་ལྟར་བཞུགས་པའི་མཁས་དབང་རྣམས་ཀྱིས་བལྟ་རེག་དྲིས་གསུམ་བྱེད་ཚུལ་གྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་རྒྱུན་འཛིན་དགོས་པ་དེ་ནི་གཞུང་ལུགས་དང་ལག་ལེན་དངོས་འབྲེལ་བྱེད་པའི་དོན་ཡིན་ལ།ཟས་དང་སྤྱོད་ལམ།སྨན་དང་དཔྱད་པ་བཞི་ཡོད་པ་དེ འི་ནང་དུ་སྟོབས་ཆུང་ནད་ལ་དང་པོ་སྤྱོད་ལམ་གཟབ་གསུངས་པ་བཞིན་ཟས་ཀྱི་ཕན་གནོད་ནི་བཤད་མ་དགོས་པ་ཞིག་ཀྱང་རེད།
གསུམ། དུག་ཡོད་ན་སྨན་ཡོད་ཅེས་པའི་བཤད་སྲོལ་རྡོ་རྗེའི་ཚིག་འདི་དམངས་ཁྲོད་དུ་ཁྱབ་རྒྱུ་ཆེ་ནའང་། ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན་ཞེས་བསྟན་ཡོད་པ་ལྟར། དམ་པ་གོང་མ་རྣམས་ཀྱི་སྨན་ངོས་འཛིན་བྱེད་ཚུལ་དང་བཀྲུ་བཤལ་བྱེད་ཚུལ།  དུག་འདོན་ཚུལ། སྨན་སྦྱོར་ཇི་ལྟར་བྱེད་ཚུལ། ཐང་། ཕྱེ་མ། རིལ་བུ། ལྡེ་གུ

སྨན་མར། ཐལ་སྨན། ཁ་སྨན་ཆང་། རིན་པོ་ཆེ། སྔོར་སྦྱོར། སྣུམ་འཆོས། བཤལ་སྐྲུགས། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོང་། གཏར་ག མེ་བཙའ། དུགས།ལུམས། བྱུགས་པ། ཐུར་མས་དཔྱད་པ་སོགས་མན་ངག་ལག་ལེན་མ་ནོར་བ་གྲངས་ལས་འདས་པ་བསྟོན་ཡོད་པས། ཆད་ལྷག་མེད་པ་སྨན་ལ་བྱིན་རླབས་ཀྱི་རིམ་པ་རྣམས་ངེས་པར་དུ་རྒྱུད་འཛིན་བྱེད་དགོས།
བཞི། གསོ་རིག་པ་ཞིག་ལ་དཔྱད་ན་གཞུང་ལུགས་དང་ལག་ལེན་གཉིས་ལྡན་དགོས་མཁོ་ཆེ་བ་འདུག་སྙམ། ད་ལྟ་གསོ་རིག་པ་འགའ་རེས་གཞུང་ལུགས་ཁོ་ན་སྦྱོང་བ་ལས་ལག་ལེན་མི་སྦྱོང་བ་དང་། ལ་ལས་ལག་ལེན་ཅུང་ཙམ་སྦྱོང་བ་ལས་གཞུང་ལུགས་མི་ཤེས་པ། འགའ་ཞིག་ནི་གཞུང་ལུགས་དང་ལག་ལེན་འགལ་བ་འཛིན་མཁན་ཡང་ཡོད་ཀྱིན་འདུག  སྤྱིར་བཏང་དུ་བཤད་ན། གཞུང་ལུགས་དང་ལག་ལེན་བྱེད་ཡས་ཐབས་ལམ་གཅིག་པུ་ཡིན་ལ། དེའི་ཐོག་སྔོན་ཐོན་མི་རིགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་རང་རེ་གསོ་རིག་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་ཡུན་རིང་གནས་ཞིང་དར་རྒྱས་སུ་འགྲོ་བའི་རེ་འདུན་ཡིན་ལ། དོན་འདི་བློ་ལ་མ་ངེས་ན་མི་སུ་ཡིན་ཡང་ཡར་ཐོན་མེད་ངེས་ཡིན་ལ།ལོ་རྒྱུས་ཀྱིས་ཉེས་ཆད་དྲག་པོ་ཡོད་རྒྱུ་ནི་བཤད་མ་དགོས་པ་རེད།
ལྔ། བོད་ཀྱི་གསོ་རིག་ལག་ལེན་བྱེད་པའི་སྡེ་ཁག་དང་སྨན་པ་ཞིག་ལ་ཆ་མཚོན་ན་ངེས་པར་དུ་སྨན་རྫས་ཐོན་སྐྱེད་ཁེ་ལས་འཛུགས་དགོས་པ་དང་། སྨན་རྫས་ཐོན་སྐྱེད་བདག་གཉེར་བྱས་ཏེ་ས་གནས་སྨན་རྫས་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་ལ་གཞི་འཛིན་ནས་རྟོག་ཞིབ་རྩིས་ལེན་བྱས་པའི་འོག་ཏུ་གཞི་ནས་སྨན་རྫས་བསྡུ་སྦྱོར་བཅོས་སྒྲིག་བྱེད་ཆོག་པ་རེད། འོན་ཀྱང་མིག་སྔར་བོད་ཁུལ་ཡོངས་ཀྱི་གནས་ཚུལ་ལ་གཞིགས་ན་རྒྱལ་ཁབ་སྨན་པའི་ལག་ཁྱེར་སྤྲོད་ཡོད་པ་ནི་ཉུང་ཤས་རེད།
སྤྱི་ཚོགས་སུ་སྨན་པའི་མིང་ཁུར་ནས་ནད་ལྟ་མཁན་དང་སྨན་བསྡུ་སྦྱོར་སྨན་དཔྱད་བྱེད་མཁན་ནི་ཧ་ཅང་མང་པོ་ཞིག་ཡོད་པས། དེ་ཚོར་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ཞིབ་བཤེར་བྱེད་དེ་ཁྲིམས་ལྟར་སྨན་དཔྱད་སྨན་བསྡུ་སྨན་སྦྱོར་སྨན་ལྟ་བཅས་བྱས་ན། གཞི་ནས་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་ཡོད་པ་རེད། ཁྱད་པར་དུ་མིག་སྔའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱེད་པའི་སྨན་པ་རྣམས་ལ་དོན་གནད་འདི་ནི་མཐོང་ཆེན་བྱས་ནས་དོ་དམ་ཞིག་མ་བྱས་ན་བོད་ཀྱི་གསོ་བ་རིག་པའི་རྒྱུན་བཟང་དེ་ཚད་གཞི་དང་མི་མཐུན་པའི་ཉེན་ཁ་ཆེན་པོ་གནས་ཡོད་པ་རེད། དེར་བརྟེན་རང་ཁུལ་གྱི་བོད་སྨན་ལས་ཁུངས་རྣམས་ཀྱིས་སྨན་རྫས་བདག་གཉེར་ཁེ་ལས་དང་ཡང་ན་ཚོགས་པ་ཆེན་མོ་འཛོམས་ནས་སྨན་རྫས་བདག་གཉེར་ཁེ་ལས་ཆོག་པའི་ཡི་གེ་ཡོད་པ་བྱེད་དེ། སྨན་རྫས་ཐོན་སྐྱེད་བྱེད་སྐབས་སྤྱི་སྒེར་སུ་སུ་ཡིན་རུང་སྨན་རྫས་དོ་དམ་བཅའ་ཁྲིམས་ནང་བཞིན་ལག་ལེན་དགོས་ངེས་རེད་འདུག
དྲུག མིའི་རིགས་འཕེལ་རྒྱས་འགྲོ་ནས་དུས་རབས་ཉེར་གཅིག་པར་དུ་སླེབས་སྐབས། མི་དམངས་ཀྱི་ལུས་ཁམས་ལ་གནོད་པའི་ནད་གསར་པ་ཤིན་ཏུ་མང་བས། ནད་ངོས་དབྱེར་ཐུབ་ན་ཡང་བཅོས་དཀའ་པ། འགའ་ཞིག་ནད་ངོས་ཡང་དབྱེར་མི་ཐུབ་བ། དེ་བཞིན་སྨན་གསར་ཐོན་སྐྱེད་བྱེད་དེ་ནད་ལས་རྒྱལ་བའི་འཐབ་རྩོད་ནང་དུ་བྱས་རྗེས་གསར་པ་འཇོག་རྒྱུ་ནི་སྨན་པ་ཚང་མར་འགན་འཁྲིའི་ལྗིད་མོ་ཡོད་པ་དགོངས་དོན་ལྟར་རེད། བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་དང་ལག་ཁྱེར་ཡོད་པའི་སྨན་པ་རྣམས་ཀྱི་སྨན་གསར་ཞིབ་འཇུག་དཔྱད་བསྡུ་ཚོད་ལྟ་བཅས་བྱེད་རྒྱུ་དེ་ནི་ལོ་རྒྱུས་ནས་རང་རེ་ལ་སྤྲད་པའི་འོས་འགན་ཞིག་ཡིན་ལ། ཁྱད་པར་དུ་སྨན་པ་རང་ཉིད་ལ་ཆ་མཚོན་ན་ཡང་མིང་དང་དོན་མཚུངས་ཡོད་མེད་ཀྱིས་རག་ལས་ས་ཞིག་ཀྱང་རེད་འདུག