ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

སྐྲ་མདོག་ལ་བརྟག་ནས་ལུས་ཕུང་བདེ་ཐང་ལ་དཔྱད་པ།

སྤེལ་དུས 2011-12-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། རྩོམ་པ་པོ། དབང་སྒྲོལ་སྐྱིད་བསྒྲིགས།

 དང་པོ།  སྐྲ་ཤུད་པ་ཚབས་ཆེ་བ་དེ་ནི་ནང་གི་ཟགས་ཐོན་འཁྲུགས་པའི་རྐྱེན་རེད། 

སྤྱིར་ང་ཚོའི་མགོའི་སྐྲ་ཉིན་རེར་ཉག་མ50ནས100ཙམ་ཤུད་བཞིན་པ་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཡིན་ལ། གལ་ཏེ་དེ་ལས་ལྡོག་ན་ནད་ཡོད་པའི་རྟགས་རེད། ནང་གི་ཟགས་ཐོན་འཁྲུགས་པ་དེ་ནི་ཆེས་རྒྱུན་མཐོང་གི་ནད་རྐྱེན་ཞིག་ཡིན། བུད་མེད་ལ་མཚོན་ནས་བཤད་ན་བྱིས་པ་བཙས་རྗེས་དང་སྦྲུམ་འགོག་སྨན་འཐུང་རྗེས། དུས་ཡུན་ངེས་ཅན་ཞིག་གི་ནང་དུ་མོ་གཤིས་སྐུལ་རྩིས་མ་འདང་བར་སྐྲ་ལྷུང་དུ་འཇུག་སྲིད། དེ་ལས་གཞན་ཨོལ་གོང་གཤེར་རྨེན་གྱི་བྱེད་ནུས་ཉམས་ནའང་མགོའི་སྐྲ་ཤུད་སྲིད། 

 གཉིས་པ།  སྐྲ་མདོག་མི་ལེགས་པའམ་སྐྲ་ཆག་སླ་ན། ཨོལ་གོང་གཤེར་རྨེན་ལ་བརྟག་དཔྱད་བྱེད་དགོས།  རྒྱུན་ལྡན་གྱི་མིའི་སྐྲ་མདོག་ནག་ཅིང་སྣུམ་ལ། གལ་ཏེ་མགོའི་སྐྲ་འཇིལ་ལི་མ་བཟོས་ཀྱང་གློ་བུར་དུ་སྐྲ་མདོག་མི་ལེགས་པར་གྱུར་ནས་ཆག་སླ་ན། དེ་ནི་ཁྱོད་ཀྱི་ཨོལ་གོང་གཤེར་རྨེན་ལ་གནད་དོན་བྱུང་བའི་རྟགས་རེད། ཨོལ་གོང་བྱེད་ལས་རྒྱས་ཐལ་ནད་བྱུང་བའི་མིར་ཐོག་མར་མགྲིན་པ་སྐྲངས་ནས་ཕྱིར་འབུར་སྲིད་པ་དང་། དུས་མཚུངས་སུ་ཟ་མའི་ཡི་ག་ཇེ་ཆེར་གྱུར་བ་དང་བསྟུན་ནས་ལུས་ཀྱི་ཤ་མྱུར་དུ་ཇེ་སྐམ་དུ་འགྱུར་ལ། སྐྲའི་མདོག་ཀྱང་མི་ལེགས་པར་འགྱུར་སྲིད། དེ་བས་སྐབས་ཐོག་དེར་སྨན་ཁང་དུ་སོང་ནས་ཨོལ་གོང་གཤེར་རྨེན་རྒྱུན་ལྡན་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས། 

གསུམ་པ།  སྐྲ་སྐམ་ནས་འོད་མདངས་ཉམས་ན་མཆིན་པར་སྲུང་སྐྱོབ་བྱེད་དགོས།

སྐྲ་སྐམ་པ་དེ་ནི་སྐྲའི་འོད་མདངས་ཉམས་ནས་ཆག་སྲིད་པའམ་ཡང་ན་སྐྲ་སྣེར་མེ་ཏོག་གད་པའི་སྣང་ཚུལ་ལ་ཟེར། སྐྲ་སྐམ་པ་དེ་མིའི་ལུས་ཀྱི་དོན་ལྔ་སྣོད་དྲུག་དང་འབྲེལ་བ་དམ་པོ་ཡོད་པ་རེད། མིའི་ལུས་སྟོབས་ཉམས་པ་དང་དོན་ལྔ་སྣོད་དྲུག་གི་བྱེད་ནུས་དོ་སྙོམས་ཤོར་བའི་དུས་བཅས་ལ་སྐྲའི་མདོག་ཉམས་སྲིད། གལ་ཏེ་ལུས་སྟེང་དུ་ཀའེ་ཞེས་པའི་རྫས་དེ་ཆད་ན་སྐྲ་རྩུབ་ཅིང་སྐམ་པོར་འགྱུར་སྲིད། ད་དུང་ལུས་སྟེང་གི་གནོད་ལྡན་ཚད་ཉུང་མ་རྒྱུ་སྟེ། དཔེར་ན། ཆན་དང་ཀི ཀུང་ཞེས་པའི་རྒྱུ་ཆ་དེ་དག་ཇེ་མཐོར་སོང་བའི་སྐབས་སུའང་མགོའི་སྐྲ་སྐམ་ནས་འོད་མདངས་ཉམས་པའི་སྣང་ཚུལ་འབྱུང་སྲིད།