ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

༄༅།།བོད་སྨན་སྨན་ཐུམ་ལྷ་སའི་ཁྲོམ་རར་བཙོང་འགོ་ཚུགས་པ་དང་འཛད་སྤྱོད་པ་ཤིན་ཏུ་མང་པོ་ཡོད་པ།

སྤེལ་དུས 2009-09-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། རྩོམ་པ་པོ། རྡེའུ་དཀར་ནག་གིས་བསྒྱུར། ཟླ་གཞོན་ནས་ཞུས།

  

བོད་སྨན་སྨན་ཐུམ་སྟོན་བཞིན་ཡོད། ཅང་ཧྲུའུ་ཡིས་པར་བླངས།

      ཟླ༩པའི་ཚེས༦ཉིན།    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དུ་མི་གཉིས་ལ་H1N1ཆམ་རིམས་ཀ་པའི་འགོ་ནད་ཕོག་ཡོད་པ་ཐག་ཆོད་པས།    ལྷ་སའི་ཁྲོམ་རར་བོད་སྨན་སྨན་ཐུམ་ཉོ་མཁན་ཤིན་ཏུ་མང་པོ་བྱུང་ཞིང་།   ཤེས་རྟོགས་བྱུང་བ་ལྟར་ན།   སྨན་ཐུམ་འདིས་རྒྱུག་ཆེ་བའི་འགོས་ནད་ལ་སྔོན་འགོག་གི་ནུས་པ་ཆེན་པོ་ཐོན་ཐུབ་ཟེར།    སྨན་ཐུམ་རིལ་བུ་འདིས་རྒྱུག་ཆེ་བའི་འགོས་ནད་H1N1ཆམ་རིམས་ཀ་པར་སྔོན་འགོག་གི་ནུས་པ་ཐོན་ཐུབ་མིན་ཐད།   ཚེས༩ཉིན་གྱི་ཕྱི་དྲོར་གསར་འགོད་པས་བོད་སྨན་སྨན་ཐུམ་འདི་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་སྟེ།  བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་འགོ་གཙོ་གཞོན་པ་དབང་རྡོར་ལགས་ལ་བཅར་འདྲི་གནང་བ་རེད།

     དབང་རྡོར་གྱིས་འདི་སྐད།   བོད་སྨན་སྨན་ཐུམ་འདི་ནི་རྒྱུད་བཞིཡི་རྨང་གཞི་སྟེང་དུ།   བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་དང་བོད་སྨན་ཁང་གི་ཆེད་ལས་མཁས་པས་ཐུན་མོང་དུ་ཞིབ་འཇུག་གསར་སྤེལ་གནང་ཞིང་།   ནད་རིགས་མི་གཅིག་པ་དང་བསྟུན་ནས་སྨན་སྦྱོར་བྱས་པ་ཡིན།   ༢༠༠༣ལོར་རྒྱལ་ནང་དུ་SARSའགོས་ནད་བྱུང་བའི་སྐབས་སུ།    བོད་སྨན་སྨན་ཐུམ་འདི་ཐོན་སྐྱེད་བྱས་མྱོང་མོད།    འོན་ཀྱང་SARSའགོས་ནད་ལས་གྲོལ་རྗེས་ཐོན་སྐྱེད་བྱེད་མཚམས་ཀྱང་བཞག་པ་ཡིན།    ད་ལོར་མོ་ཞི་ཁོ་ནས་མཆེད་འགོ་བརྩམས་པའི་H1N1ཆམ་རིམས་ཀ་པའི་འགོས་ནད་ལ་དམིགས་ནས།    ཆེད་ལས་མཁས་པ་རྣམས་ཀྱིས་སྨན་རྫས་ལ་ཞིབ་འཇུག་དང་བཅོས་སྒྲིག་གང་ལེགས་གནང་མཐར།     ཟླ༥པའི་ནང་དུ་ཐོན་སྐྱེད་བྱས་ནས་སླར་གསོ་གནང་ཡོད་པ་རེད།    བོད་སྨན་སྨན་ཐུམ་གྱི་གྲུབ་ཆ་གཙོ་བོ་ནི་ཨ་རུ་ར་དང་བོང་ང་།   ཤུ་དག   གླ་རྩི།   གི་ཝང་སོགས་ཡིན་ཞིང་།   ནད་འབུ་སེལ་བ་དང་ནད་ཡམས་སྔོན་འགོག   ནད་འབུ་སྔོན་འགོག་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པས།   སྤྱི་ཚོགས་སྟེང་དུ་རྒྱུག་ཆེ་བའི་འགོ་ནད་རིགས་སོ་སོ་སྔོན་འགོག་བྱེད་པར་འཚམ་པ་ཡིན་ཞེས་གསུངས་པ་རེད།

       དབང་རྡོར་གྱིས་ངོ་སྤྲོད་གནང་སྐབས་འདི་སྐད།   ད་ལོའི་ཟླ༥པའི་ཚུན་ལ་བོད་སྨན་སྨན་ཐུམ་འདི་སྐོར་ཁག་ལྔར་ཐོན་སྐྱེད་བྱས་ཤིང་།   ཕལ་ཆེར་ཁྲི༢༠ལ་སླེབས་ཡོད་པ་རེད།    ལྷ་ས་གྲོང་ཁྱེར་ནང་དུ་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་ཐད་འཚོང་ཚོང་ཁང་ལྔ་དང་བོད་སྨན་ཁང་ནས་ཉོ་ཐུབ་པ་ཡིན།   གཞིས་ཀ་རྩེ་དང་ལྷོ་ཁ།   ཉིང་ཁྲི།   ནག་ཆུ།   ད་དུང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་ནས་ཀྱང་ཉོ་ཐུབ་ཅིང་།    གཅིག་གྱུར་བྱས་པའི་རིན་གོང་ནི་སྨན་ཐུམ་གཅིག་ལ་སྒོར་བཅུ་རེ་ཡིན་ཞེས་གསུངས་པ་རེད།

      དབང་རྡོར་གྱིས་ད་དུང་འཛད་སྤྱོད་པ་རྣམས་ལ་ཆེད་དུ་དྲན་སྐུལ་གཏོང་རྒྱུར།    བོད་སྨན་སྨན་ཐུམ་འདི་རིགས་ཀྱི་ནུས་པ་ཅུང་དྲག་པས།    ལུས་ལ་སྨན་ལོག་རྒྱག་པ་དང་སྦྲུམ་མ།    ལོ་ན་རྒན་པ།    བྱིས་པ་བཅས་ཀྱིས་གཟབ་ནན་བྱས་ནས་བཀོལ་དགོས་ཤིང་།   གཟུགས་གཞི་བདེ་ཐང་ཅན་རྣམས་ཀྱིས་སྨན་ཐུམ་ལུས་ལ་འདོགས་སྐབས་ཉིན་རེར་ཞོགས་པ་སྔ་མོ་དང་དགོང་མོར་ཐེངས་གཅིག་ལ་སྣོམ་པས་ཆོག་ཅིང་།    སྣོམ་རྒྱུ་མང་ན་དེ་ལས་ལྡོག་སྟེ་མགོ་བོ་ན་བ་དང་སྐྱུག་བྲོ་བ་སོགས་ཀྱི་ཚོར་སྣང་འབྱུང་ངེས་ཞེས་ནན་གྱིས་བསྟན་པ་རེད།