ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

༄༅།། བོད་སྨན་གྱི་རྒྱལ་སྤྱིའི་སྟེང་གི་གོ་གནས་དང་ཐབས་ལམ།

སྤེལ་དུས 2009-09-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། རྩོམ་པ་པོ། ཀོན་སི་ཐུང་།

བོད་སྨན་དང་མི་རིགས་སྨན། ཀྲུང་ལུགས་སྨན་བཅས་ཀྲུང་གོའི་རྒྱལ་ཁབ་ནས་སྒོར་བུད་དེ་རྒྱལ་སྤྱིའི་སྨན་བཅོས་ཚོང་རར་འགྲོ་དགོས་པར།ཐོག་མར་སྨན་རྫས་ལ་ཚོང་རར་འགྲིམ་ཆོག་པའི་ཆོག་མཆན་ཐོབ་རྒྱུ་དང་སྨན་པའི་ཆེད་ལས་ཐོབ་ཐང་ཁས་ལེན་རྒྱུ་བཅས་ནི་གནད་འགག་གཙོ་བོ་ཡིན།དེར་བརྟེན།ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག་ང་ཚོས་ཞང་ཀང་སྨན་རྫས་ཆོག་མཆན་ལྟེ་གནས་བཙུགས་པ་ནི་འདིར་བཞུགས་ཆེད་མཁས་དང་རྩོམ་པ་པོ་རྣམ་པའི་སྙན་ལམ་དུ་ཕུལ་བ་ལགས།   དང་པོ།ཞང་ཀང་སྨན་རྫས་ཆོག་མཆན་ལྟེ་གནས་ནི་ཞང་ཀང་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པའི་ཆེད་ལས་རང་བཞིན་གྱི་ཀྲུང་སྨན་དང་བཅུད་ལེན་སྨན།ནུབ་ལུགས་སྨན་རྫས་བཅས་ཀྱི་ཆོག་མཆན་ལྟེ་གནས་ཤིག་ཡིན།   གཉིས་པ།ཞང་ཀང་སྨན་རྗས་ཆོག་མཆན་ལྟེ་གནས་ཀྱི་ཞབས་འདེགས་བྱེད་ཡུལ་ནི་ཞང་ཀང་དང་ཀྲུང་གོའི་སྐམ་ས་ཆེན་མོ།ཐེ་ཝན།འཛམ་གླིང་སྨན་རྫས་ཁག་གི་སྨན་རྗས་བཟོ་གྲྭ།སྐྱེས་དངོས་ཞིབ་འཇུགསྨན་ཁང་།ཆེད་མཁས་སྨན་པ་དང་གསང་སྨན་སོགས་ཡིན།ཆོག་མཆན་གྱི་རིགས་ནི་ཀྲུང་སྨན་དང་བཅུད་ལེན་སྨན།རྩི་ཤིང་སྨན།ནུབ་ལུགས་སྨན་རྗས་བཅས་ཡིན།   གསུམ་པ།ཞང་ཀང་སྨན་རྫས་ཆོག་མཆན་གྱི་ལེགས་ཆ་ནི་ཡུལ་དེར་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་དང་ས་གནས།ཆབ་སྲིད།དཔལ་འབྱོར་སོགས་འཛོམས།དེ་ནི་ཡུལ་འདི་ལོ་བརྒྱའི་ཡུན་དབྱིན་ཅིས་དབང་བསྒྱུར་རྐྱེན་ཐོན་རྗས་སྤུས་ཚད་དང་བཟའ་ཆས་ཀྱི་འཕྲོད་བསྟེན་ཚད་གཞི་རྒྱལ་སྤྱིའི་ཚད་ལ་སླེབས་པས་འཛམ་གླིང་ཀུན་གྱིས་ཁས་ལེན།   བཞི་པ།ཞང་ཀང་སྲིད་གཞུང་གིས་ལོ་བརྒྱའི་ཡུན་ཀྲུང་སྨན་དང་བཅུད་ལེན་སྨན་ལ་ཆོག་མཆན་གནང་མེད།ཞང་ཀང་གིས་རྒྱལ་སྤྱིའི་གོ་གནས་ཆེད་དུ་གོམ་གང་མདུན་སྤོས་ཀྱིས་ཀྲུང་སྨན་ཆོག་མཆན་འཆར་གཞི་གསར་དུ་བཀོད།