ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཚན་ཁྲུས་ཀྱི་སྐོར།

སྤེལ་དུས 2009-11-30 ཡོང་ཁུངས། 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》 རྩོམ་པ་པོ། ནམ་མཁའི་ནོར་བུ།

ཚན་ཞེས་པ་དེ་ནི་བོན་ལུགས་སུ་ཆེས་གྲགས་པའི་མིང་ཞིག་སྟེ། ཚན་ཁྲུས་སམ་བན་བོན་ཡོངས་གྲགས་ཀྱི་དབང་དུ་བྱས་ན་ཁྲུས་ཞེས་པའི་དོན་དུ་གོ་དགོས། ཚན་ཁྲུས་ནི་ཆེས་རྙིང་མའི་ལུགས་ཤིག་ཡིན་ངེས་པ་སྟེ། ལེགས་བཤད་རིན་པོ་ཆེའི་མཛོད》{ཤ་༢་༩ང་༡༣ལས། ལྷ་རི་གྱང་ཏོའི་ཁ་ནས་ཡར་ལུང་སོག་ཀར་བབ། དེའི་ཚེ་སྒམ་ལྷ་བོ་ལྷ་གསལ་གནམ་ནས་བབ་བྱ་བའི་བོད་ལ་ལུང་བསྟན་པའམ་བྱུང་ངོ་། བོད་ཀྱི་འགྲོ་བ་སྐྱོང་བ་དང་རྒྱལ་བསྟན་གྱི་གཞི་འཛིན་པའི་ཕྱིར་སྟེང་གི་ལྷ་མིའི་རྗེ་བོར་བྱོན་པའི་དོན་ནོ།།དེ་ཡང་ཐོག་མར་ཕྱུགས་རྫི་འགས་མཐོང་ནས་གང་ནས་འོང་བྱས་པས། གནམ་དུ་མཛུབ་མོ་ཀེར་ཀེར་བྱེད་ཅིང་བགད་པས་ལྕེ་སྟེང་གཡུང་དྲུང་རིས་ཝལ་ཝལ་སྣང་། སུ་ཡིན་བྱས་པས་བཙད་པོ་མི་ཡིན་ཟེར། དེར་མི་རྣམས་ཀྱིས་ཤིང་ལ་ཁྲི་བྱས་ནས་གཉའ་བར་བཏེག་སྟེ་མི་ཐམས་ཅད་ལ་བསྟན་པས་ཐམས་ཅད་འཇིགས་ཤིང་དངངས།   གཤེན་གཙོ་ལྡན་མཚོ་མགྲོན་ཞེས་པ་ལ་བསྟན་པས།   འདི་བོད་ཀྱི་རྗེ་བོར་འོས་སོ་ཞེས་གསུངས་ཏེ་ཚན་ཁྲུས་བྱས་ཏེ་མིའི་རྗེ་གཉའ་ཁྲི་བཙན་པོར་མཚན་གསོལ་ནས་བོད་ཀྱི་རྒྱལ་སར་ཕྱུང་ངོ་།།ཞེས་པས་ཤེས་ཐུབ་པ་དེ་ཡིན་པ་དང་།   སྤྱིར་བཏང་གི་ཚན་ཁྲུས་ནི་མདོས་ཆོག་དང་བསང་ཆོག་དང་ཕྱ་གཡང་འགུགས་པ་སོགས་ལས་ཀྱི་བྱེ་བྲག་སྣ་ཚོགས་པའི་སྔོན་དུ་འགྲོ་དགོས་པ་ནིགནའ་བོའི་ལུགས་རྙིང་བོན་གྱི་སྲིད་པ་སྤྱི་མདོས།》{ཤ་༡་ང་༤ལས། ཡཾ་རཾ་མཾ་ལཾ་ཨཾ་སང་ངོ་། །གཙང་མ་ཚན་ཆབ་ཀྱིས། སྟེང་ན་ལྷ་ཙང་ངོ་། བར་མ་གཉན་ཙང་ངོ་། །འོག་ན་ཀླུ་ཙང་ངོ་། །ཡར་ལ་གཞི་ཙང་ངོ་། །བཤམས་པའི་རྫས་ཙང་ངོ་། །རྟེན་པའི་ཁར་ཚང་ངོ་། ཙང་སེལ་སང་ངེ་སྤྱ། །ཞེས་པས་ངེས་ཤེས་རྙེད་ཐུབ་པ་ལ། བྱེ་བྲག་གི་ཚན་ལ་དཀར་ཚན་དང་དམར་ཚན་ཞེས་བྱ་བའམ། །ཡང་ན་ཚན་དཀར་དང་ཚན་དམར་ཞེས་གྲགས་པ་རིགས་མི་འདྲ་བ་གཉིས་ཡོད།