ཉེ་དུས་རིམས་ནད་འགོག་སྡོམ་གྱི་དུས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བས། རིམས་ནད་མཆེད་པའི་ཉེན་ཁར་ནུས་པ་ལྡན་པའི་ཚོད་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཛའ་བརྩེའི་དྲན་སྐུལ་བྱས་དོན།
1.ཚན་རིག་དང་མཐུན་པའི་སྒོ་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་། ལག་པ་བཀྲུ་བ། རླུང་རྒྱུ་བ། འདུས་སྡོད་མི་བྱེད་པ། གཞུང་ཐུར་སྤྱོད་པ། ལུ་བ། གློ་ལུ་རྒྱག་པའི་སྐབས་ཁ་འགེབ་པར་དོ་སྣང་བྱས་ནས། བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པ་དང་། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པར་བྱེད་དགོས།
2.མི་སྒེར་གྱི་བདེ་ཐང་འགན་འཁྲིའི་འདུ་ཤེས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། མེ་འཁོར་འབབ་ཚུགས་དང་གནམ་གྲུ་འབབ་ཐང་། ཚོང་ཁང་སོགས་སྤྱི་པའི་འདུ་གནས་སུ་བསྐྱོད་སྐབས་སྨི་གཅིིག་གི་བར་ཐག་འཇོག་པ་དང་། ལུས་པོའི་དྲོད་ཚད་འཇལ་བ། བདེ་ཐང་ཨང་རིས་དང་འགྲོ་འོང་ཨང་རིས་ཞིབ་བཤེར་བྱེད་པ་སོགས་ཀྱི་རིམས་འགོག་བྱེད་ཐབས་སྤྱོད་པ། ཅི་ནུས་ཀྱིས་སྤྱི་པའི་འདུ་གནས་སུ་སྡོད་པའི་དུས་ཚོད་ཐུང་དུ་གཏོང་དགོས།
3.བརྒྱུད་རིམ་ཧྲིལ་པོའི་རིམས་འགོག་སྨན་ཁབ་གང་མགྱོགས་ཀྱིས་རྒྱག་པ། རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་སྔར་བཞིན་མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་བྱ་ཐབས་ཆེས་བཟང་པོ་ཡིན་པ་དང་། དེས་ནུས་པ་ལྡན་པའི་སྲུང་སྐྱོང་བྱས་ནས་རིམས་ནད་འགོས་ཚད་དང་། ནད་ལྕི་ཚད། འཆི་ཚད་བཅས་དམའ་རུ་གཏོང་ཐུབ། བརྒྱུད་རིམ་ཧྲིལ་པོའི་སྨན་ཁབ་བརྒྱབ་མེད་པ་དང་གོ་རིམ་ལྡན་པའི་ངང་རིམས་ནད་ཤུགས་སྣོན་རིམས་འགོག་སྨན་ཁབ་རྒྱག་པའི་ཆ་རྐྱེན་འཛོམས་ཀྱང་ད་དུང་འགོག་ཁབ་རྒྱབ་མེད་པའི་མང་ཚོགས་རྣམས་ཀྱིས་སྔ་མོ་ནས་རང་ཉིད་སྡོད་སའི་ཉེ་འགྲམ་དུ་རིམས་འགོག་སྨན་ཁབ་བརྒྱབ་ནས། སྔ་མོ་ནས་སྨན་ཁབ་རྒྱག་པ་དང་སྔ་མོ་ནས་སྲུང་སྐྱོང་བྱེད་དགོས།
4.ཚན་རིག་དང་མཐུན་པའི་སྒོ་ནས་འགྲོ་འོང་ལ་ལུསག་མཐུན་གྱི་བཀོད་སྒྲིག་བྱེད་པ། དོན་མེད་སྒོས་ཕྱི་ལ་མི་བསྐྱོད་པར། གང་ཐུབ་ཅི་ཐུབ་ཀྱིས་རིམས་ནད་ས་ཁུལ་དང་ལྷག་པར་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བ། གལ་སྲིད་ཕྱིར་བསྐྱོད་དགོས་ན། ངེས་པར་དུ་བདེ་ཐང་གི་ལྟ་ཞིབ་ཚད་ལེན་དང་མི་སྒེར་གྱི་འགོག་སྲུང་བཟང་པོ་བྱེད་དགོས། ཕྱིར་མཚོ་སྔོན་དུ་ལོག་རྗེས་འཕྲལ་ཏུ་སྡེ་ཁུལ་དང་ལས་ཁུངས་ལ་རང་འགུལ་གྱིས་སྙན་སེང་ཞུ་བ་དང་འབྲེལ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ལ་གཞོགས་འདེགས་བྱེད་དགོས།
5.རང་གི་བདེ་ཐང་དོ་དམ་བཟང་པོ་བྱེད་པ། གལ་སྲིད་ཚ་བ་རྒྱས་པ་དང་། སྐམ་ལུ་རྒྱག་པ། ཤུགས་ཟད་པ། དྲི་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་བཞུར་བ། མིད་པ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད་རྒྱས་པ། ཤ་གནད་ན་བ་དང་ཕོ་བ་ན་བ་སོགས་ཀྱིས་ལུས་པོ་མི་བདེ་བའི་ནད་རྟགས་ཡོད་ཚེ། འཕྲལ་མར་ཐག་ཉེ་ས་ནས་སྨན་བཅོས་བྱེད་དགོས་པ་དང་། རང་འགུལ་ངང་ཡུལ་སྐོར་ལོ་རྒྱུས་དང་ཐུག་འཕྲད་ལོ་རྒྱུས་ཤེས་སུ་འཇུག་དགོས། སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་བརྒྱབ་ནས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་འདུག་མི་རུང་།
6.མི་སྣ་འདུ་འཛོམས་བྱེད་པ་ཉུང་དུ་གཏོང་བ། “བཀྲ་ཤིས་པའི་བྱ་བ་ཕྱིར་འགྱངས་དང་། འདས་མཆོད་སྟབས་བདེ་སྒྲུབ་པ། མཉམ་འཛོམས་མི་བྱེད་པ”བཅས་དར་སྤེལ་བཏང་ནས། མི་སྣ་འདུ་འཛོམས་ཀྱི་གསོལ་སྟོན་བྱེད་སྒོ་མི་སྤེལ་བ་དང་དེའི་ནང་མི་ཞུགས་པ་བྱེད་དགོས།
7.ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱེལ་དངོས་པོ་ལེན་པ། མྱུར་སྐྱེལ་དངོས་པོ་བསྐུར་བ་དང་ལེན་བྱེད་སྐབས་བར་ཐག་ཡོད་པ་དང་། ཁ་ཐུམ་དང་ལག་ཤུབ་གྱོན་ཏེ་ཕྱིའི་ཐུམ་སྒྲིལ་དུས་ལྟར་འདོར་བ་དང་། ལག་པར་འཕྲོད་བསྟེན་བཟང་པོ་བྱེད་དགོས།
8.གཞུང་ཕྱོགས་ཀྱིས་རིམས་ནད་གནས་ཚུལ་གྱི་དབང་གྲགས་ལྡན་པའི་ཆ་འཕྲིན་ཁྱབ་བསྒྲགས་ལ་དོ་ཁུར་བྱས་ནས། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་བཟོ་བ། རིམས་ནད་འགོག་སྡོམ་བྱ་ཐབས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།
མི་ཚང་མ་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་པ་ཨང་དང་པོར་འགྱུར་བར་བྱེད་དགོས། །