སྤྱི་ཟླ་4པའི་ཚེས་20ཉིན་གྱི་ཆུ་ཚོད་16དང་སྐར་མ་20ཡི་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚན་ལེན་བྱས་འབྲས་གདགས་གཤིས་ཡིན་པའི་ནད་པ་6མང་དུ་ཕྱིན་པ་དང་། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
གདགས་གཤིས་ཅན་གྱི་ནད་པ་ཨང་97པ། མོ། ལོ་25 མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
གདགས་གཤིས་ཅན་གྱི་ནད་པ་ཨང་98པ། ཕོ། ལོ་30 མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
གདགས་གཤིས་ཅན་གྱི་ནད་པ་ཨང་99པ། མོ། ལོ་51 མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
གདགས་གཤིས་ཅན་གྱི་ནད་པ་ཨང་100པ། མོ། ལོ་13 མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
གདགས་གཤིས་ཅན་གྱི་ནད་པ་ཨང་101པ། མོ། ལོ་73 མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
གདགས་གཤིས་ཅན་གྱི་ནད་པ་ཨང་102པ། ཕོ། ལོ་27 མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
མིག་སྔར། གོང་གསལ་གྱི་གདགས་གཤིས་ཅན་གྱི་ནད་པ་6པོ་གནས་གཏན་འཁེལ་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེ་དང་ཆབས་ཅིག་རིམས་ནད་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན།
གཞན་ཡང་། གསར་འགོད་པར་ཟི་ལིང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་4པའི་ཚེས་20ཉིན་གྱི་ཆུ་ཚོད་16དང་སྐར་མ་20ཡི་བར། ཟི་ལིང་གྲོང་ཁྱེར་གྱིས་ཁྱོན་བསྡོམས་མི་ཁྲི་146.70ཡི་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་བསྡུ་ལེན་བྱས་ཡོད། དེའི་ནང་མཁར་དཀྱིལ་ཁུལ་དང་། མཁར་ནུབ་ཁུལ། མཁར་བྱང་ཁུལ་བཅས་སུ་རེས་སྐོར་བཞི་པའི་ཁུལ་ཁོངས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྲལ་བཤེར་བྱེད་པའི་ནང་། ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་རེད།
མཁར་ཤར་ཁུལ་དུ་རེས་སྐོར་བདུན་པའི་ཁུལ་ཁོངས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པའི་ནང་། ཉིང་སྐྱུང་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་རེད།
མཁར་ཤར་ཁུལ་གྱི་གཙོ་གནད་མི་ཚོགས་ལ་བརྟག་དཔྱད་བྱས་པའི་ཁྲོད་ལས་གདགས་གཤིས་ཡིན་པ་མ་ཟད་ནད་དུག་འགོས་པར་གཏན་འཁེལ་བའི་མི་19བྱུང་ཡོད་ཅིང་། དེ་དག་ཚང་མ་གདུབ་ཟུམ་བགྲོད་ལམ་བརྒྱུད་དེ་གནས་གན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་དུ་བསྐྱལ་ཟིན་པ་དང་། གཞན་གྱི་བརྟག་དཔྱད་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་རེད།
སྤྱི་ཟླ་4པའི་ཚེས་21ཉིན་གྱི་ཆུ་ཚོད་9པའི་བར། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་རེས་སྐོར་བརྒྱད་པའི་ཁུལ་ཁོངས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པའི་ནང་། ཁྱོན་བསྡོམས་མི་ཁྲི་40.7797གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་བསྡུ་ལེན་བྱས་ཤིང་། བརྟག་དཔྱད་བྱས་འབྲས་ཚང་མ་སྲིབས་གཤིས་ཡིན་པ་རེད།
གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་4ཚེས་3ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན། ཏོག་གསར་གློ་ཚད་ཕོག་པའི་ནད་རྟགས་གཏན་འཁེལ་གྱི་ནད་པ་35(ཚང་མ་ཡང་བའི་རིགས་ཡིན་)ཡོད་པ་དང་། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་ནད་པ་48 ནད་རྟགས་གསལ་འབྱེད་ཐུབ་མེད་པའི་གདགས་གཤིས་ཅན་གྱི་མི་19ཡོད་ཅེས་སྙན་ཞུ་བྱས་ཡོད།
ནད་པའི་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་དོན་གང་དྲགས་སྒྲུབ་ཆེད། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་རིགས་གཅིག་མཁས་པའི་ཚོ་ཆུང་གིས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ནས། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པའི་སྒོ་ནས་ནད་བརྟག་སྨན་བཅོས་ལས་དོན་ཡག་པོ་སྒྲུབ་ཀྱིན་ཡོད། སྐྱོབ་བཅོས་དང་ནད་བརྟག་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད། མི་གཅིག་ལ་བྱེད་ཐབས་གཅིག་དང་། མི་གཅིག་ལ་ཡིག་ཚགས་གཅིག་གི་སྨན་བཅོས་བྱེད་ཐབས་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སོགས་ཀྱི་ཕྱོགས་བསྡུས་སྨན་བཅོས་ལག་བསྟར་ནན་པོ་བྱས་ཐོག ནད་པ་ཚང་མར་ཞིབ་ཚགས་ཀྱི་སྨན་བཅོས་བྱས་པ་བརྒྱུད། སྔ་ཙམ་བདེ་ཐང་སླར་གསོ་ཡོང་བར་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་རིམས་ནད་ཀྱི་སྨན་བཅོས་བྱ་ཐབས་(ཚོད་ལྟའི་པར་གཞི་དགུ་པ)》ཞེས་པའི་ལོགས་དབྱེ་དོ་དམ་བྱེད་མཚམས་འཇོག་པ་དང་དེ་བཞིན་སྨན་ཁང་ནས་དོན་པའི་ཚད་གཞིར་གཞིགས་ན། སྤྱི་ཟླ་4ཚེས་20ཉིན་གྱི་ཆུ་ཚོད་18བར། ཏོག་གསར་གློ་ཚད་ཕོག་པར་ནད་རྟགས་གཏན་འཁེལ་བའི་ནད་པ་11སྨན་ཁང་ནས་དོན་ཟིན་པ་དང་། ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་ནད་པ་23ལ་གསོ་རིག་ལོགས་དབྱེ་ལྟ་ཞིབ་བྱེད་མཚམས་བཞག་པ། དེ་བྱིངས་ཀྱི་ནད་པའི་ནད་རྟགས་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད་པ་རེད།