ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་གནས་ཚུལ་གསར་ཤོས།

སྤེལ་དུས 2022-04-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ཟླ་4པའི་ཚེས་21ཉིན་གྱི་ཆུ་ཚོད་14དང་སྐར་མ་22བར་དུ། ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཇུག་འབྲས་གདགས་གཤིས་ཡིན་པའི་མི་7མང་དུ་ཕྱིན་པ་དང་།  འབྲེལ་ཡོད་དོན་ཚན་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།
     གདགས་གཤིས་ཡིན་པའི་མི་སྣ་ཨང་103པ། ཕོ། ལོ་45 ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་དཔེ་དང་འབྲེལ་བ་དམ་ཟབ་བྱེད་མཁན། མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     གདགས་གཤིས་ཡིན་པའི་མི་སྣ་ཨང་104པ། མོ། ལོ་75 མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     གདགས་གཤིས་ཡིན་པའི་མི་སྣ་ཨང་105པ། ཕོ། ལོ་36 མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     གདགས་གཤིས་ཡིན་པའི་མི་སྣ་ཨང་106པ། མོ། ལོ་10 མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     གདགས་གཤིས་ཡིན་པའི་མི་སྣ་ཨང་107པ། མོ། ལོ་29 མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     གདགས་གཤིས་ཡིན་པའི་མི་སྣ་ཨང་108པ། ཕོ། ལོ་2 མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     གདགས་གཤིས་ཡིན་པའི་མི་སྣ་ཨང་109པ། མོ། ལོ་6 མཁར་ཤར་ཁུལ་གྱི་གཙོ་གནད་གཅིག་སྡུད་དོ་དམ་ཚོད་འཛིན་མི་ཚོགས་ལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུས་ཤེས་རྟོགས་བྱུང་།
     མིག་སྔར། གོང་གསལ་གྱི་གདགས་གཤིས་ཡིན་པའི་མི་7པོ་གདུབ་ཟུམ་བགྲོད་ལམ་བརྒྱུད་ནས་གནས་གཏན་འཁེལ་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཆབས་ཅིག རིམས་ནད་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་ལས་དོན་སྒྲུབ་བཞིན་པའི་སྒང་ཡིན། 
     གསར་འགོད་པར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ཟླ་4པའི་ཚེས་20ཉིན་གྱི་ཆུ་ཚོད་12དང་སྐར་མ་6དང་ཆུ་ཚོད་16དང་སྐར་མ་20ཡི་ཐོག ཟི་ལིང་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་གདགས་གཤིས་ཡིན་པའི་མི་7མང་དུ་ཕྱིན་པ་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བརྟག་དཔྱད་བྱས་པ་བརྒྱུད་མི་5ནི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་དཔེ་ཡིན་པ་དང་། མི་2ནི་ནད་དུག་འགོས་ཀྱང་ནད་རྟགས་མི་མངོན་མཁན་ཡིན་པ། དེའི་ནང་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཨང་40པ་ནི་སྤྱི་ཟླ་4པའི་ཚེས་20ཉིན་གྱི་ཛ་དྲག་བརྡ་ཁྱབ་ཨང་37པའི་ནང་ཡོངས་བསྒྲགས་བྱས་པའི་གདགས་གཤིས་ཡིན་པའི་མི་སྣ་ཨང་96པ་དེ་ཡིན་པ་དང་། ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཨང་41-44པ་ནི་སྤྱི་ཟླ་4པའི་ཚེས་20ཉིན་བཏང་བའི་ཛ་དྲག་བརྡ་ཁྱབ་ཨང་38པའི་ནང་ཡོངས་བསྒྲགས་བྱས་པའི་གདགས་གཤིས་ཡིན་པའི་མི་སྣ་ཨང་97པ་དང་། ཨང་98པ། ཨང་100པ། ཨང་101པ་བཅས་ཡིན། ནད་དུག་འགོས་ཀྱང་ནད་རྟགས་མི་མངོན་མཁན་ཨང་66པ་དང་ཨང་67པ་ནི་ཛ་དྲག་བརྡ་ཁྱབ་ཨང་38པའི་ནང་ཡོངས་བསྒྲགས་བྱས་པའི་གདགས་གཤིས་ཡིན་པའི་མི་སྣ་ཨང་99པ་དང་ཨང་102པ་ཡིན་པ་རེད།
     གོང་གི་མི་དེ་དག་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།