ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

འགུལ་རྣམ་གཙང་སེལ་ཐད་འདི་ལྟར་བཤད་འདུག

སྤེལ་དུས 2022-05-09 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
   ཚེས་6ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་ལས་དོན་གྱི་ཆེད་མཁས་པའི་ཚོ་ཆུང་གི་འགོ་འཛིན་ལེའང་ཝན་ཉན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་དོན། 
   འགུལ་རྣམ་གཙང་སེལ་ཞེས་པ་དེ་ས་ཁོངས་ཡོངས་སུ་འགུལ་མེད་དོ་དམ་བྱེད་པ་ཞིག་མིན་ལ། འགུལ་རྣམ་གཙང་སེལ་བརྩོན་ལེན་བྱེད་དོན་ནི་ས་ཁོངས་ཡོངས་སུ་འགུལ་མེད་དོ་དམ་ལས་གཡོལ་གང་ཐུབ་བྱེད་པ་དེ་རེད། 
   རིམས་ནད་ཀྱི་ཐོག་མའི་དུས་སུ་འགོས་ཁྱབ་ཀྱི་ཕྲེང་ཐག་ཁ་གསལ་དང་། ཉེན་ཁ་ཚོད་འཛིན་ཐུབ་པའི་གནས་ཚུལ་འོག་ས་ཁོངས་ཡོངས་སུ་འགུལ་མེད་དོ་དམ་ལག་བསྟར་བྱེད་མི་དགོས།
   སྡེ་ཁུལ་དུ་རྒྱ་ཁྱབ་ངང་ཁྱབ་མཆེད་བྱུང་བ་དང་། ཁྱབ་མཆེད་ཕྲེང་ཐག་མི་གསལ་བ། གློ་བུར་དུ་ཁྱབ་པའི་ཉེན་ཁ་ཆེ་བ་ཐོན་པ་བཅས་ཀྱི་གནས་ཚུལ་འོག རིམས་ནད་ཀྱི་ཁྱད་ཆོས་དང་། སྔོན་འགོག་གི་ཚོད་འཛིན་ནུས་པ། སྤྱི་ཚོགས་ཀྱི་དཔལ་འབྱོར་ཆུ་ཚད། མི་འབོར་གྱི་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། འགུལ་མེད་དོ་དམ་བྱེད་མིན་དང་དེ་བཞིན་ཞིབ་ཕྲའི་ས་ཁོངས་སོགས་ཐག་གཅོད་བྱེད་དགོས།
   ཚན་རིག་དང་མཐུན་པར་གནད་སྨིན་ཡོང་ཆེད། མིག་སྔར་ད་དུང་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ལ་ཤུགས་རྒྱག་པ་དང་འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་ཡག་པོ་བཟོས་ནས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དེ་དམིགས་སུ་བཀར་བའི་གནས་སུ་འཇོག་དགོས།