ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ཚ་ཤོས།

སྤྲེལ་འབྲུམ་གྱི་ནད་དཔེ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་སླེབས་འདུག

སྤེལ་དུས 2022-06-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          སིང་ཀ་ཕོར་འཕྲོད་བསྟེན་པུའུ་ཡིས་ཟླ6པའི་ཚེས21ཉིན་བསྟན་དོན། སིང་ཀ་ཕོར་དུ་ཕྱི་རྒྱལ་ནས་སླེབས་པའི་སྤྲེལ་འབྲུམ་ནད་དཔེ་ཐོག་མ་དེ་ཤེས་རྟོགས་བྱུང་ཞིང་། གཏན་འཁེལ་བྱུང་བའི་ནད་དཔེ་དེ་ནི་ལོ42ལ་སླེབས་པའི་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་སྐྱེས་པ་ཞིག་ཡིན་པ་དང་། མཁའ་འགྲུལ་ལས་མི་ཞིག་རེད། མིག་སྔར་སིང་ཀ་ཕོར་རྒྱལ་ཁབ་རིམས་ནད་ལྟེ་གནས་སུ་སྨན་བཅོས་བྱེད་བཞིན་ཡོད་ལ། འཕྲོད་བསྟེན་པུའུ་ཡིས་དེ་དང་འབྲེལ་བ་དམ་ཟབ་ཡོད་མཁན་མི13གྱི་རྗེས་ཟིན་པ་དང་། དེ་ཚོ་ཉིན21རིང་ལོགས་སུ་བཀར་ནས་ལྟ་ཞིབ་བྱ་རྒྱུ་རེད།  
          འཕྲོད་བསྟེན་པུའུ་ཡིས་བསྟན་དོན། ནད་རྟགས་གཏན་འཁེལ་བྱུང་བའི་མཁའ་འགྲུལ་ལས་མི་འདི་ཟླ6པའི་ཚེས15ནས་ཚེས17ཉིན་བར་སིང་ཀ་ཕོར་དུ་གནས་སྡོད་བྱས་པ་དང་། ཚེས19ཉིན་སླར་ཡང་སིང་ཀ་ཕོར་དུ་ཡོང་ལ་ཚེས20ཉིན་སྤྲེལ་འབྲུམ་ནད་རྟགས་གཏན་འཁེལ་བྱུང་། མིག་སྔར་གནས་ཚུལ་བརྟན་འཇགས་རེད་ཅེས་བསྟན་ཡོད།
          ལྷོ་ཁོ་རེ་ཡའི་རིམས་འགོག་སྡེ་ཁག་གིས་ཟླ6པའི་ཚེས21ཉིན་བརྡ་ཁྱབ་བཏང་དོན། ལྷོ་ཁོ་རེ་ཡ་རུ་ཉིན་དེར་སྤྲེལ་འབྲུམ་གྱི་ནད་རྟགས་འདྲ་བའི་ནད་དཔེ་ཞིག་བྱུང་བ་དེ་རེན་ཁྲོན་རྒྱལ་སྤྱིའི་གནམ་ཐང་ནས་ལྷོ་ཁོ་རེ་ཡར་ཐོན་པ་དང་། ནད་རྟགས་འདྲ་བའི་ནད་དཔེ་དེ་ནི་ཉིན་དེའི་དགོང་མོའི་ཆུ་ཚོད21དང་སྐར་མ40ཙམ་ལ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
          ལྷོ་ཁོ་རེ་ཡའི་ནད་ཡམས་དོ་དམ་ཐིང་གིས་ཟླ5པའི་ཚེས31ཉིན་སྤྲེལ་འབྲུམ་གྱི་ཉེན་ཟོན་ཉེན་བརྡའི་རིམ་པ་དེ“དོ་ཁུར”གྱི་རིམ་པར་སྤོར་རྒྱུའི་གཏན་འཁེལ་བྱས་པ་མ་ཟད། སྤྲེལ་འབྲུམ་དེ་ཁྲིམས་ཀྱིས་གཏན་འཁེལ་བའི་རིམས་ནད་རིགས་གཉིས་པར་གཏན་འཁེལ་བྱས་ཤིང་། ནད་རྟགས་འདྲ་བའི་ནད་གཞི་རེ་ཞུ་བྱེད་པ་དང་། ནད་ཡམས་རིག་པའི་བརྟག་དཔྱད་བྱེད་པ། སྨན་བཅོས་ལས་ཁུངས་གཏན་འཁེལ་བྱེད་པ། ལོགས་སུ་བཀར་ནས་ཁ་གཏད་གཅོག་པ་སོགས་ཀྱི་བྱ་ཐབས་སྤྱད་པ་རེད།