“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི་བཙུགས་པ།

སྤེལ་དུས 2019-12-27 ཡོང་ཁུངས། རྨ་ལྷོ་བོད་ཡིག་ཚགས་པར། རྩོམ་པ་པོ།
          ཉེ་ལམ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི་སྒོ་བྱང་གི་ཡོལ་རས་འབྱེད་པའི་མཛད་སྒོ་དེ་མཚོ་སྔོན་སློབ་ཆེན་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་སྤེལ།
          ཉེ་བའི་ལོ་ཉི་ཤུ་ལྷག་གི་རིང་ལ། མཚོ་སྔོན་སློབ་ཆེན་གྱིས་བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་བརྗེ་རེས་ཐད། རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་ཐེངས་དྲུག་ལ་བསྡུས་པ་དང་། ཨ་རིའི་ཁཱ་ལི་ཧྥོར་ཉི་ཡ་སློབ་ཆེན་གྱི་ལའོ་སན་ཅི་ཡན་ལག་སློབ་གྲྭ་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་སློབ་མ་ཆེད་དོན་གསོ་སྦྱོང་ཐེངས་བརྒྱད་ལ་སྤེལ་བ་དང་། འབུམ་རམས་པ་ཕྱི་རྒྱལ་དུ་སློབ་སྦྱོང་ལ་མངགས་པའི་མི་ཐེངས20ལ་བསླེབས། དགེ་རྒན་རྣམས་རྒྱལ་ཁབ་ཕྱི་ནང་དུ་གསོ་སྦྱོང་དང་ལས་གཞི་མཉམ་ལས་སྒོས་ཞིབ་འཇུག་བྱེད་པ། གྲོས་ཚོགས་དང་གསོ་སྦྱོང་ལ་ཞུགས་པ་སོགས་ཀྱི་མི་ཐེངས218ལ་བསླེབས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་མཚོ་སྔོན་སློབ་ཆེན་དུ་བརྗེ་རེས་དང་སློབ་སྦྱོང་དུ་ཡོང་བའི་མི་གྲངས500ལྷག་ལ་བསླེབས་ལ། རྒྱལ་སྤྱིའི་མིང་གྲགས་ཅན་གྱི་དུས་དེབ་སྟེང་བཀོད་པའི་དཔྱད་རྩོམ་གྱི་ཁ་གྲངས་ཀྱང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་མཆིས།
          ཐེངས་འདིའི་ཚོགས་ཐོག་ཏུ་ཞུགས་པའི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་མ་འོངས་པའི་འཆར་འགོད་ཀྱི་ཐད་ནས་གཏམ་བཤད་གནང་། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། དུས་རིམ་རྗེས་མར་མུ་མཐུད་དུ་ཀྲུང་ལུགས་གསོ་རིག་གི“རྒྱུད་གཅིག་ལམ་གཅིག”འཕེལ་རྒྱས་འཆར་འགོད་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡོ་རོབ་གླིང་དང་ཨ་མེ་རི་ཁ་སོགས་ཀྱི་བོད་ལུགས་གསོ་རིག་གི་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་བྱས་ཏེ། དུས་ཡུན་ཐུང་ངུའི་ནང་དུ་གསོ་སྦྱོང་བྱེད་པའི་བྱ་བ་དེ་དངོས་གཞི་རིམ་པ་ནས་འབུམ་རམས་པའི་བར་དུ་ཁེབས་པར་བྱེད་དགོས་པ་དང་། འཇར་པན་དང་ཨ་མེ་རི་ཁའི་བོད་ལུགས་གསོ་རིག་རྒྱལ་སྤྱིའི་བརྗེ་རེས་ལྟེ་གནས་སོགས་དང་སྔར་ནས་འབྲེལ་བ་ཡོད་པའི་རྨང་གཞིའི་སྟེང་། བོད་ལུགས་གསོ་རིག་རྒྱལ་སྤྱིའི་བརྗེ་རེས་ལས་མཚོ་སྔོན་གྱི་རྣམ་པ་གསར་བ་གསར་འཛུགས་བྱེད་དགོས་ལ། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་སྨན་བཅོས་དང་སློབ་གསོ། ཚན་རིག་ཞིབ་འཇུག རིག་གནས། ཐོན་ལས། ཞབས་ཞུའི་ཉོ་འཚོང་། ཡུལ་སྐོར་སོགས་ཀྱི་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་ཁྱད་འཕགས་རིག་གནས་དར་སྤེལ་དང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་འཐབ་ཇུས་ལ་ཞབས་ཞུ་བསྒྲུབ་ནས། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་བརྗེ་རེས་ཀྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་དགོས་ཟེར།
          མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་རྒྱལ་སྤྱིའི་མཉམ་ལས་རྟེན་གཞིའི་སྒོ་བྱང་གི་ཡོལ་རས་དངོས་སུ་ཕྱེ་བ་དེས་མ་འོངས་པར་སྔར་ལས་འོད་སྟོང་ལྡན་པའི་བོད་ལུགས་གསོ་རིག་གི་བསྟན་པ་འཛམ་གླིང་ལ་མཆེད་ཅིང་། གཡུ་ཐོག་ཕྱག་བརྒྱུད་ཀྱི་གདམས་པས་འཛམ་བུ་གླིང་གི་མིའི་རིགས་ཀྱི་ནད་སེལ་བའི་བྱང་སེམས་ཀྱི་གཤོག་རུ་མཁའ་རུ་བརྐྱངས་ཏེ། ཡན་ལག་བརྒྱད་ཀྱི་བརྗོད་བྱའི་བྱིན་རླབས་མ་ལུས་འཛམ་གླིང་ཤེས་རིག་གི་ཁྲོད་དུ་ལྷམ་མེར་འཚེར་བའི་ཐད་ནུས་པ་བླ་ལྷག་འདོན་ཐུབ་པ་ཡིན་ལ། དུས་རབས་གསར་བའི་བོད་ལུགས་གསོ་བ་རིག་པའི་རྒྱུན་འཛིན་དང་དར་སྤེལ་ཕྱོགས་སུ་སྔར་མེད་མཐུན་རྐྱེན་སྦྱོར་བ་ལ་དོན་སྙིང་གལ་ཆེན་ལྡན།
རྩོམ་སྒྲིག་པ། བདེ་སྒྲོལ།