ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

མོ་ཞི་ཁོ་ཡིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ཐོག་ནས་སློབ་གསོའི་སྤུས་ཚད་ལེགས་སུ་བཏང་བ།

སྤེལ་དུས 2018-01-08 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། བདེ་སྐྱིད་བུ་ཁྲིད།
            ཉིན་ཤས་གོང་། མོ་ཞི་ཁོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཡོངས་ཁྱབ་ཞིབ་བཤེར་གྱི་སྙན་ཞུའི་ནང་2016ལོར་མོ་ཞི་ཁོ་ཡི་རྒྱལ་ཡོངས་ཀྱི་ལོ་15(ལོ་15ཚུད་པ)ཡན་གྱི་མི་འབོར་ནང་སློབ་འབྲིང་སློབ་གསོའམ་ཡང་ན་སློབ་རིམ་མ་ཐིམ་པའི་སློབ་མས་བཟུང་བའི་བསྡུར་ཚད་དེ་34.4%ཟིན་ཡོད་པས་མོ་ཞི་ཁོ་ཡི་སློབ་ལོ་ལོན་པའི་མི་འབོར་གྱི་སློབ་གསོའི་ཆུ་ཚད་རྗེས་ལུས་ཀྱི་གནད་དོན་དེར་དོ་སྣང་བྱེད་དགོས་པ་ཞིག་ཡོད་ཅེས་བསྟན་ཡོད།
            མོ་ཞི་ཁོ་ཡི་ཁྱོན་ཡོངས་ཀྱི་སློབ་གསོའི་མ་ལག་བལྟོས་བཅས་ཀྱིས་ཞན་པོ་ཡོད་པ་དང་ལྷག་པར་དུ་རྨང་གཞིའི་སློབ་གསོ་ཞན་པོ་ཡོད་པ་རེད། དཔལ་འབྱོར་མཉམ་ལས་རྩ་འཛུགས་རྒྱལ་སྤྱིའི་སློབ་མའི་ཚོད་སྐོར་རྣམ་གྲངས་ཀྱི་2015ལོའི་ཚོད་ཚོར་སྙན་ཞུ་ཞིག་ནང་མོ་ཞི་ཁོ་ཡི་ལོ་15ལ་སླེབས་པའི་སློབ་མའི་ཚན་རིག་དང་། ལྟ་ཀློག ཨང་རྩིས་བཅས་གསུམ་གྱི་ནུས་པའི་ཚོད་རྒྱུགས་སྦྱངས་འབྲས་ཚང་མ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་དམའ་ཤོས་ཡིན་པ་དང་རྩ་འཛུགས་དེའི་ཁོངས་མིའི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པ་མངོན་ཡོད།
            སློབ་གསོ་སྒྱུར་བཅོས་ནི་མོ་ཞི་ཁོའི་ཙུང་ཐུང་ཧྥ་ཉི་ཡའི་སྒྱུར་བཅོས་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། མོ་ཞི་ཁོ་མནའ་འབྲེལ་སྲིད་གཞུང་གི་གཞུང་ཕྱོགས་དྲ་བའི་ཐོག་མོ་ཞི་ཁོ་མནའ་འབྲེལ་སྲིད་གཞུང་གིས་2013ལོ་ནས་བཟུང་སློབ་གསོར་སྒྱུར་བཅོས་བྱས་ཏེ་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་བཅོས་དང་། དགེ་རྒན་གྱི་ཆེད་ལས་ཆུ་ཚད་མཐོར་གཏོང་། སློབ་གསོའི་ཐོན་ཁུངས་བཟང་སྒྲིག་བགོ་བཤའ་སོགས་ཀྱི་བྱེད་ཐབས་ཐོག་ནས་སློབ་གསོའི་ཆུ་ཚད་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་འགོ་ཚུགས་ཡོད་ཅེས་འཁོད་ཡོད།
            མོ་ཞི་ཁོ་ཡི་སློབ་གསོ་པུའུ་ཀྲང་ནུའུ་ཉི་ཨའོ་ཡིས་གཏམ་བཤད་སྤེལ་སྐབས་2012ལོར་མོ་ཞི་ཁོ་རུ་ཉིན་གང་ལམ་ལུགས་ཀྱི་སློབ་ཆུང་6000ལྷག་ཙམ་ལས་མེད་པ་དང་ད་ཆ་སློབ་ཆུང་ཁྲི་2.5ཡོད། མོ་ཞི་ཁོ་སྲིད་གཞུང་གིས་ཉེ་བའི་ལོ་བཞིའི་ནང་པི་སོ་དུང་ཕྱུར་420(མི་དམངས་ཤོག་སྒོར་དུང་ཕྱུར་160དང་མཚུངས་པ)བཏང་ནས་རྒྱལ་ཡོངས་ཀྱི་སློབ་གྲྭའི་སློབ་གསོའི་ཆ་རྐྱེན་ལེགས་སུ་གཏོང་བའི་ཐད་སྤྱད་པ་དེ་སྐབས་གོང་མའི་སྲིད་གཞུང་གིས་བཏང་བ་ལས་ལྡབ་3ཟིན་པ་དང་སྐབས་འདིའི་སྲིད་གཞུང་གིས་སློབ་གསོའི་ཐད་པི་སོ་དུང་ཕྱུར་800གཏོང་རྒྱུ་རེད་ཅེས་བཤད་ཡོད།
            མཁྲེགས་ཆས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ནི་སློབ་གསོའི་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞི་ཡིན་པ་དང་མཉེན་ཆས་ལེགས་སུ་གཏོང་རྒྱུ་དེ་ཡང་སློབ་གསོའི་སྤུས་ཚད་འགན་ལེན་ཡོང་བའི་འགག་རྩ་རེད། 2013ལོར་མོ་ཞི་ཁོས(སློབ་གསོའི་ཆེད་དོན་ཞབས་ཞུའི་བཅའ་ཁྲིམས)ཁྱབ་བསྒྲགས་བྱས་པ་དང་འབྲེལ་2015ལོ་ནས་འགོ་བཙུགས་ཏེ་དགེ་རྒན་གྱི་ཆེད་ལས་བྱང་ཚད་ལ་ཚད་ལེན་དཔྱད་འདེམས་བྱས་ཡོད། དགེ་རྒན་གྱི་ཐོབ་ཐང་བདེན་དཔང་མེད་པའམ་ཡང་ན་ཆེད་ལས་བྱང་ཚད་ཚད་ལེན་དཔྱད་འདེམས་མེད་པའི་མོ་ཞི་ཁོ་ཡི་ངོས་ནས་བརྗོད་ན་ཡར་རྒྱས་ཆེན་པོ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚད་ལེན་དཔྱད་འདེམས་གྲུབ་འབྲས་སོགས་ལེགས་པའི་ཕུལ་བྱུང་དགེ་རྒན་གྱི་རྨང་གཞིའི་གླ་ཆ་35%སྤོར་རྒྱུ་དང་སློབ་གསོའི་ལག་ལེན་ནང་སློབ་གསོའི་ཐད་གྲུབ་འབྲས་མངོན་གསལ་ཐོབ་པའི་དགེ་རྒན་ལ་གཟེངས་བསྟོད་བྱ་ཆེད་མོ་ཞི་ཁོ་ཡིས་ད་དུང་རྒྱལ་ཡོངས་ཀྱི་གསར་གཏོད་སློབ་གསོའི་བྱ་དགའ་བཙུགས་ཡོད་པ་རེད།