མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འཇར་པན་གྱི་རིགས་གཅིག་མཁས་པས་ཀྲུང་ལྗར་འབྲེལ་བ་དེ་མཐུན་སྦྱོར་མཉམ་ལས་ཀྱི་དུས་རིམ་གསར་པར་སླེབས་ཡོད་ཅེས་བཤད་པ།

སྤེལ་དུས 2018-10-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          སྤྱི་ཟླ་༡༠པའི་ཚེས་༢༥ཉིན་ནས་༢༧ཉིན་བར་འཇར་པན་གྱི་དབུ་ཞུགས་བློན་ཆེན་ཨན་ཧྥེ་ཅིང་སན་གྱིས་ཀྲུང་གོར་འཚམས་འདྲི་གནང་བ་རེད། ཀྲུང་ལྗར་རྒྱལ་ཁབ་གཉིས་པོས་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། མི་ཆོས་རིགས་གནས་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་ཁག་ལ་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བ་རེད། འཇར་པན་གྱི་རིགས་གཅིག་མཁས་པས། ཀྲུང་ལྗར་འབྲེལ་བ་དེ་མཐུན་སྦྱོར་མཉམ་ལས་ཀྱི་དུས་རིམ་གསར་པར་སླེབས་པ་དང་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཨ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་དུ་ལེགས་སྐྱེས་གསར་པ་ཕུལ་བའི་ངོས་འཛིན་གནང་ཡོད་པ་རེད།
          འཇར་པན་ཨའེ་ཀྲེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀའོ་ཇའོ་ཝུའུ་ལེང་གིས། ཨན་ཧྥེ་ཡིས་ད་ཐེངས་ཀྲུང་གོར་འཚམས་འདྲི་ཞུས་པ་འདི་ནི་ལྗར་ཀྲུང་གི་དུས་རབས་གསར་པའི་འབྲེལ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཅེས་བཤད་ཆོག་ཅེས་གསུངས་པ་རེད།
          འཇར་པན་ཨའེ་ཀྲེ་རྫོང་བཙུགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ལིང་མུའུ་ལུང་གིས། འཇར་པན་གྱི་དེ་བས་དགེ་མཚན་ལྡན་པའི་སྒོ་ནས་ཀྲུང་གོའི་རེས་སྐོར་གསར་པའི་བསྒྱུར་བཅོས་སྒོ་འབྱེད་ནང་ཞུགས་དགོས་པ་དང་། འཇར་པན་ཁེ་ལས་ཀྱིས་དེ་བས་ནུས་ལྡན་སྒོ་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་དང་ཁོར་ཡུག་སྲུང་སྐྱོབ། ན་གཞོན་ལོ་བགྲེས་ཅན་དུ་འགྱུར་བ། སྨན་བཅོས་སོགས་ཁྱབ་ཁོངས་ལ་ལག་རྩལ་དང་ཉམས་མྱོང་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
          འཇར་པན་ཐོ་ཁིའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀའོ་ཡོན་མིང་ཧྲེང་གིས། ཀྲུང་གོའི་ཁྲོམ་ར་ནི་འཇར་པན་ཁེ་ལས་ལ་བློ་ཡིད་འགུག་ཤུགས་ཆེན་པོ་ལྡན་ཡོད་པས་ད་ཐེངས་འཇར་པན་གྱི་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་༥༠༠ལྷག་ཙམ་ཨན་ཧྥེ་སིང་ཅན་ལ་ཕེབས་རོགས་དང་སྦྲགས་ཀྲུང་གོར་འཚམས་འདྲིར་བསྐྱོད་ཡོད། ད་ཐེངས་ཕྱོགས་གཉིས་པོས་མཉམ་ལས་ཀྱི་འདོད་འདུན་མང་པོ་ཞིག་གི་ཐད་ལ་མོས་མཐུན་བྱུང་ཡོད་ཅིང་། འདི་ནི་འཇར་པན་དཔལ་འབྱོར་ལས་རིགས་ངོས་ནས་བཤད་ན་དགའ་འོས་པ་དོན་དག་གཅིག་ཡིན་ཞེས་གསུངས་པ་རེད།
          ཧྲང་ཧའེ་རུ་བཅའ་སྡོད་དེ་སྔའི་ཁྱབ་གཞུང་ཚབ་ཆེན་མོ་བ། ཐོ་ཁེའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞའོ་ཡོན་ཡ་པོ་ཀྲེས། ཨ་ཤེ་ཡའི་ས་ཁུལ་དུ་སྟོབས་ཆེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་དགོས་མཁོ་ཁེངས་བསྡད་ཡོད་པས། ལྗར་ཀྲུང་མཉམ་ལས་ནི་དགོས་མཁོ་དེ་རིགས་ལ་མཁོ་བ་ཞིག་ཡིན་པ་དང་། ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་ཨ་ཤེ་ཡའི་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་དེ་བས་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ་རེད།
          འཇར་པན་སློབ་སྦྱོང་གླིང་གི་བུད་མེད་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཅིན་ཡཱ་ཁྲུན་གྱིས། མིག་སྔར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་དང་ཕྱོགས་རྐྱང་པའི་རིང་ལུགས་ལ་རྒོལ་བའི་སྣེ་མོ་ཐོན་བཞིན་པས་ལྗར་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱབ་ལྗོངས་དེ་འདྲའི་འོག་ལ་ཐུན་མོང་ཐོག་ཕྱོགས་གསུམ་ཁྲོམ་ར་གསར་གཏོད་བྱས་ཏེ་ཕྱོགས་མང་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།