འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ།
སྤེལ་དུས 2018-10-15
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
སྤྱི་ཚེས་༡༡ཉིན། སི་ཁྲོན་དང་བོད་ལྗོངས་འབྲེལ་མཚམས་སུ་རི་ཉིལ་བའི་དབང་གིས་འབྲི་ཆུའི་བཞུར་རྒྱུན་ཆད་ནས་འགག་འཁྱིལ་མཚེའུ་ཆགས་ཡོད། གནས་ཚུལ་སྤེལ་བའི་ནང་། རི་ཉིལ་ནས་འགག་འཁྱིལ་མཚེའུ་ཆགས་པའི་རི་དེར་སེར་ཁ་གས་ཡོད་པས་སླར་ཡང་རི་ཉིལ་བཟོ་ཆེན་པོ་ཡོད། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་སྟབས་བསྟུན་རོགས་སྐྱོབ་ལས་དོན་ཚོགས་ཆུང་གི་ས་གཤིས་རིགས་གཅིག་མཁས་པར་བཅར་འདྲི་ཞུས་ཡོད།
རང་བྱུང་ཐོན་ཁུངས་པུའི་ས་གཤིས་གནོད་འཚེ་འགོག་བཅོས་ལག་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་མཁས་པ་དབྱིན་ཡོས་ཕིང་གིས། འགག་འཁྱིལ་མཚེའུ་ཆགས་པའི་བོད་ལྗོངས་ངོགས་ཀྱི་རི་ལ་སེར་ཁ་གས་ཡོད་ནའང་ཆེད་ལས་ཀྱི་ཐོག་ནས་བལྟས་ན། དེ་ནི་རི་ཧྲིལ་པོར་སེར་ཁ་གས་པ་ཞིག་མིན་པར་གནས་མང་པོར་སེར་ཁ་གས་པ་ཞིག་རེད་ཅེས་ར་སྤྲོད་གནང་བ་དང་། ཁོང་གིས། འགག་འཁྱིལ་མཚེའུའི་ཆགས་སའི་ངོགས་གཉིས་ཀྱི་རིར་ལྟ་ཞིབ་ཚད་ལེན་བྱེད་མཚམས་མི་བཞག་པར་ཕྱིན་ཆད་ཉིན་ཁ་ཤས་ནང་སྐུལ་འོད་ཚད་འཇལ་དང་། སྲུང་སྐར་གྱི་གནས་གཏན་འཁེལ་སོགས་ཀྱི་སྒྲིག་ཆས་བེད་སྤྱོད་བྱ་རྒྱུ་རེད་ཅེས་གསུངས་གནང་ཡོད།
འབྲི་ཆུའི་འགག་འཁྱིལ་མཚེའུའི་གནོད་འཚེའི་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པའི་གནས་ཚུལ་འོག སྟབས་བསྟུན་དོ་དམ་པུའི་རོགས་སྐྱོབ་མཐུན་སྦྱོར་དང་སྔོན་ཇུས་དོ་དམ་ཅུད་ཀྱི་འགན་ཁུར་བ་ཁྲེན་ཧྲེང་གིས། མིག་སྔར་དོན་དེར་སྣང་ཆུང་བྱེད་མི་རུང་བའི་ངོས་འཛིན་གནང་ཡོད།
སྤྱི་ཚེས་༡༣ཉིན་གྱི་དགོང་མོ། སྟབས་བསྟུན་དོ་དམ་པུའི་སྟབས་བསྟུན་མཉམ་འགུལ་གྲོས་ཚོགས་ཐོག་ལྷན་དུ་གྲོས་བསྡུར་བྱས་པའི་མཇུག་འབྲས་ལ་གཞིགས་ན། མིག་སྔར། འགག་འཁྱིལ་མཚེའུའི་ཆུ་མགྱོགས་པོ་བཤངས་པ་དེས་ཆུ་ཁ་མུ་མཐུད་ཆག་པ་དང་། ཆུའི་གནས་ཚུལ་བརྟན་པོ་ཡོད། ཉིལ་བའི་རིའི་སེར་ཁ་རི་ཧྲིལ་པོར་ཁྱབ་མེད། མིག་སྔར་རི་ཧྲིལ་པོ་ཉིལ་བཟོ་ཆེན་པོ་མེད་ནའང་སླར་ཡང་རི་ཉིལ་བའི་ཉེན་ཁ་ཡོད་པས་ལྟ་ཞིབ་ཚད་འཇལ་དང་སྔོན་འགོག་ལ་ཤུགས་སྣོན་དང་། དོགས་ཟོན་ཆེར་སྐྱེད་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གནས་ཚུལ་སྤེལ་བར་གཞིགས་ན། འགག་འཁྱིལ་མཚེའུའི་ཆུ་རགས་ཀྱི་ཆུ་ཁར་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞིར་དབྱེ་ཞིབ་བྱས་པར། མིག་སྔར། འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་། ཆུ་རགས་ཀྱི་ཆུ་ཁ་བརྟན་པོ་ཡོད་པ། གནོད་འཚེའི་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཆུ་བེད་པུས་ཆུའི་གནས་ཚུལ་གྱི་འགྱུར་བར་གཞིགས་ཏེ། འབྲི་ཆུའི་དབུས་རྒྱུད་གློག་ཁང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་གཏོང་ཞིབ་ཚགས་བྱས་ནས་ཆུ་ལོག་འགོག་པའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།