མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》(འབར་མའི་སྐད་ཀྱི་པར་གཞི)སྟོན་འགོ་ཚུགས་པའི་མཛད་སྒོ་རང་ཀོང་དུ་གཉེར་བ།

སྤེལ་དུས 2020-01-19 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབར་མར་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པའི་སྐབས་སུ་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》(འབར་མའི་སྐད་ཀྱི་པར་གཞི)སྟོན་འགོ་ཚུགས་པའི་མཛད་སྒོ་ཚེས་16ཉིན་འབར་མའི་རང་ཀོང་དུ་གཉེར་བ་རེད།
          ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། འབར་མའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
          ལེའུ་གསུམ་ཡོད་པའི་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》ཞེས་པ་དེ་ཀྲུང་གོ་གླིང་ལྔ་བརྒྱུད་སྤེལ་ལྟེ་གནས་དང་ཨ་རིའི་འཚོལ་ཞིབ་འཕྲིན་ལམ་གྱིས་མཉམ་འབྲེལ་ཐོག་བཟོས་པ་ཞིག་ཡིན་པ་དང་གསོན་ཉམས་དོད་ལ་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ལས་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ལག་ལེན་དངོས་དང་གྲུབ་འབྲས་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་རེད། གློག་བརྙན་འདི་དེ་གོང་འཚོལ་ཞིབ་འཕྲིན་ལམ་སོགས་རྒྱལ་སྤྱིའི་སྨྱན་སྦྱོར་མང་པོས་བསྟན་མྱོང་བས་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། གློག་བརྙན་དེ་ཚེས་16ནས་18ཉིན་གྱི་དགོང་མོའི་དུས་ཚོད་ཡག་ཤོས་སུ་འབར་མའི་གནམ་དྲ་བརྙན་འཕྲིན་ལས་ཁུངས་ཀྱིས་བསྟན་རྒྱུ་ཡིན་པ་དང་ད་དུང་གློག་བརྙན་དེ་འབར་མའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ས་གནས་དེ་གའི་གཙོ་རྒྱུན་སྨྱན་སྦྱོར་ལས་སྟེགས་སུ་གཅིག་རྗེས་གཉིས་མཐུད་ངང་བསྟན་རྒྱུ་ཡིན་པ་རེད།
          མཛད་སྒོར་ཞུགས་མཁན་འབར་མའི་ལས་རིགས་ཁག་གི་འཐུས་མིས་གནས་ཚུལ་དངོས་མཚོན་གློག་བརྙན་དེར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་པ་དང་མི་རིང་བར་ཀྲུའུ་ཞི་ཞི་ཅིན་ཕིང་འབར་མར་འཚམས་འདྲི་གནང་བར་ཕེབས་མཁན་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་དེར་གློག་བརྙན་དེ་འབར་མར་བསྟན་པར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། གནས་ཚུལ་དངོས་མཚོན་གློག་བརྙན་དེ་བརྒྱུད། འབར་མའི་ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་འགོ་ཁྲིད་མི་སྣའི་རྒྱལ་སྐྱོང་མཛད་ཇུས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་དཔེ་བལྟ་ཐུབ་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།
          བྱེད་སྒོ་སྤེལ་ཡུལ་དུ་ད་དུང《དུས་ཚོད་ཀྱི་གཏམ་རྒྱུད—“སྤུན་ཟླའི”བརྩེ་དུང》ཞེས་པའི་གློག་བརྙན་པར་རྒྱག་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད།
          ཟླ་1ཚེས་14ནས་16ཉིན་བར་ཀྲུང་གོ་དང་འབར་མའི་འབྲེལ་ཡོད་སྡེ་ཚན་དང་སྒྲིག་གཞིས་རང་ཀོང་དུ་མཉམ་དུ་དངོས་མཚོན་གློག་བརྙན《ཞི་ཅིན་ཕིང་གི་རྒྱལ་སྐྱོང་མཛད་ཇུས》(འབར་མའི་སྐད་ཀྱི་པར་གཞི)སྟོན་འགོ་ཚུགས་པའི་མཛད་སྒོ་དང་། “དེང་སྐབས་ཀྱི་ཀྲུང་གོ་དང་འཛམ་གླིང—ཀྲུང་གོ་དང་འབར་མའི་ཇུས་འདོན་ཚོགས་པའི་གླེང་མོལ་ཚོགས་འདུ”“ཀྲུང་གོ་དང་འབར་མའི‘སྤུན་ཟླའི’བརྩེ་དུང”གི་པར་རིས་འགྲེམས་སྟོན། ཆེད་དོན་གློག་བརྙན《ང་ཚོ་ལམ་ཆེན་ཐོག་སྐྱོད་བཞིན་ཡོད》(འབར་མའི་སྐད་ཀྱི་པར་གཞི)སྟོན་འགོ་ཚུགས་པའི་མཛད་སྒོ་དང་དཔེ་དེབ་སྤྱི་ཕན་ཞལ་འདེབས་རྒྱག་པ་་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་གཉེར་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།