དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་ཨའི་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ལས་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་གདེང་འཇོག་བྱས་པ།

སྤེལ་དུས 2020-01-23 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཨའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གླེང་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་མི་སྣ་བཅས་ཡིན་པའི་ལིའུ་ཧོ་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཝ་ཧྲིང་ཐོན་གྱི་ཕོ་བྲང་དཀར་པོའི་ཚོམས་ཆེན་ཤར་མར་གྲོས་མཐུན་ཡིག་ཆར་ཐུན་མོང་ཐོག་མིང་རྟགས་བཀོད་ཅིང་། འདི་ནི་ལིའུ་ཧོ་དང་ཐེ་རོན་ཕུས་གྲོས་མཐུན་ཡིག་ཆ་སྟོན་བཞིན་པ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཕྱོགས་བསྡུས་ཤིན་ཧྭ་གསར་འགྱུར་ཁང་གི་ཕྱིར་སྡོད་གསར་འགོད་པས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཀྲུང་ཨས་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ཐོག་དངོས་སུ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་གང་ལེགས་ཐོབ་ཡོད། ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས་ཀྲུང་ཨའི་དབར་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་བྱུང་བ་དེས་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་དང་། རྒྱལ་སྤྱིའི་ཁྲོམ་ར་བརྟན་པོ་ཡོང་བར་སྐུལ་མ་ཐེབས་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིན་གྱིས། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་འཛམ་གླིང་ཡོངས་ལ་བརྡ་རྟགས་ཡག་པོ་ཞིག་བཏང་ཡོད་ཅེས་བཤད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཨའེ་ལུའེ་ཐེ་·ཧ་ལི་སིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་མ་འཇོག་གི་གཏན་འཁེལ་མེད་པའི་རང་བཞིན་ཆུང་དུ་འགྲོ་བ་དང་དཔལ་འབྱོར་སླར་གསོའི་ཚོང་དོན་བྱེད་སྒོར་མགྱོགས་མྱུར་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅེས་བཤད། ཁོང་གིས་གྲོས་མཐུན་དེ་བཞག་རྗེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འདས་ཟིན་པའི་ལོ་ཤས་རིང་འཕར་ཚད་ཆག་པའི་གནས་ཚུལ་ཡག་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་སློབ་ཆེན་གྱི་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧན་སི་·ཧེང་ཏེ་ལི་ཧྲེ་ཁེས་གྲོས་མཐུན་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་དང་ཁྲོམ་རར་གཏན་འཁེལ་རང་བཞིན་མཁོ་འདོན་བྱས་པ་དང་ཀྲུང་ཨ་ཕྱོགས་གཉིས་པོར་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།
         མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་ཉིས་ཁེ་མིན་གྱིས། ཀྲུང་ཨ“མཐུན་ན་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀར་གནོད་པ”དང་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ཚེ་གོ་ལ་ཧྲིལ་པོར་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།
         སིང་ཀ་ཕོར་གྱི་བཟོ་ཚོང་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པའི་ཀྲུའུ་ཞི་ཀྲང་སུང་ཧྲེང་གིས། ཉེ་ཆར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་ཨའི་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི་གཏམ་བཟང་ཞིག་རེད། དེས་2020ལོར་གོ་ལ་ཧྲིལ་པོའི་ཁྲོམ་ར་འཕེལ་རྒྱས་འགྲོ་བའི་འགོ་ཡག་པོ་ཞིག་འཛུགས་ཐུབ་རྒྱུ་རེད་ཅེས་བཤད།
         འཇར་མན་གྱི་ཏུའུ་དབྱི་སི་པའོ་ཨའེ་སེན་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་མ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ལི་ཡོན་གྱིས། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་དྲང་ནུས་གསར་པ་བསྣན་རྒྱུ་དང་ཀྲུང་ཨ་ཕྱོགས་གཉིས་པོས་དེ་བས་ལུགས་མཐུན་ངང་རྒྱལ་སྤྱིའི་ཁྲོམ་རའི་ཐོག་ཐོན་སྐྱེད་བཀོད་སྒྲིག་བྱེད་པར་ཕན་པ་ཡོད་ལ་གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་སླར་ཡར་ཆེས་ལེགས་ཤོས་ཀྱི་དོ་སྙོམས་རྣམ་པར་ལོག་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད། ལི་ཡོན་གྱིས་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་དང་བཟོ་ལས་ཀྱི་རྨང་གཞིའི་ལེགས་ཆ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་ཨ་རིའི་ཐེ་སི་ལ་དང་ཝོ་ཨར་མ་སོགས་ཁེ་ལས་ཀྲུང་གོར་ལམ་ལྷོངས་བྱུང་བ་དེས་ཀྲུང་ཨའི་མཉམ་ལས་ཀྱིས་ཕྱོགས་གཉིས་པོར་ཕན་པ་ཐོབ་པ་མཚོན་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཨ་རིའི་ཏེ་ཁེ་ས་སི་ཀྲོའུ་ཡི་གྲོས་མི་ཝུའུ་ཡོན་ཀྲེ་ཡིས། ཀྲུང་ཨའི་མཉམ་ལས་འབྲེལ་བ་ནི་འཛམ་གླིང་ཐོག་ཆེས་གལ་ཆེ་ཤོས་ཀྱི་མཉམ་ལས་འབྲེལ་བའི་གྲས་ཤིག་ཡིན་པ་དང་ཀྲུང་ཨས་དུས་མཚམས་དང་པོའི་དཔལ་འབྱོར་ཚོང་དོན་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི་རྣམ་པ་བཟང་པོ་ཞིག་ཡིན་པ་དང་དེས་དེ་གོང་གི་ཚོང་དོན་རྩོད་གཞི་ཞི་ལྷོད་དུ་སོང་ཡོད། ཀྲུང་ཨའི་མཉམ་ལས་གཉིས་ཁེས་ཀྲུང་གོའི་དཔལ་འབྱོར་ལ་ཕན་པ་ཡོད་ལ་ཨ་རིའི་དཔལ་འབྱོར་ལའང་ཕན་པ་ཡོད་ཅེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།