དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་དབྱི་ཐ་ལི་ཕྱོགས་ཀྱི་དགའ་བསུ་ཚད་མེད་དང་ཚད་མཐོའི་ཁས་ལེན་ཐོབ་པ།

སྤེལ་དུས 2020-03-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          ཚེས་16ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོས་དབྱི་ཐ་ལིར་མངགས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་དབྱི་ཐ་ལི་ཕྱོགས་ཀྱི་དགའ་བསུ་ཚད་མེད་དང་ཚད་མཐོའི་ཁས་ལེན་ཐོབ་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་མུ་མཐུད་དབྱི་ཐ་ལིའི་བྱང་རྒྱུད་ཀྱི་རིམས་ནད་ཚབས་ཆེ་ཤོས་ཐོན་པའི་ས་ཁུལ་དུ་བསྐྱོད་རྒྱུ་རེད་ཅེས་བརྗོད་པ་རེད།
          གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་13ཉིན་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏི་མ་གཡོད་དང་། རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོའི་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ལོ་ཁ་ཡིས་རོ་མའི་རྒྱ་གྲམ་དམར་རྟགས་ཚོགས་པའི་སྤྱི་ཁྱབ་པུའུ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དབྱི་ཐ་ལིར་རོགས་རམ་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་པར་དགའ་བསུ་ཞུས་ཡོད་ པས། ཁྱེད་ཀྱིས་དབྱི་ཐ་ལིར་རོགས་རམ་བྱེད་མཁན་ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོགས་པས་དབྱི་ཐ་ལིར་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་རོགས་ཞེས་དྲིས་པར།
          ཀེང་ཧྲོང་གིས་དབྱི་ཐ་ལིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་རོགས་རམ་བྱེད་ཆེད། ཀྲུང་གོ་སྲིད་གཞུང་གིས་དབྱི་ཐ་ལིར་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངག་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པ་མི་9ཡིས་སྨན་བཅོས་རིམས་འགོག་དངོས་ཟོག་དང་སྒྲིག་ཆས་ཁྱེར་ནས་ཟླ་3ཚེས་12ཉིན་ཧྲང་ཧའེ་ནས་རོ་མར་བསྐྱོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རིགས་གཅིག་མཁས་ཅན་ཚོགས་ཆུང་དབྱི་ཐ་ལིར་འབྱོར་རྗེས་འཕྲལ་མ་ཉིད་དུ་ལས་དོན་སྤེལ་འགོ་ཚུགས་པ་དང་། དབྱི་ཐ་ལིའི་རིམས་ནད་ཀྱི་དུས་བབ་གཞིར་བཟུང་། དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་དང་། རྒྱ་གྲམ་དམར་རྟགས་ཚོགས་པ། མཐོ་རིམ་འཕྲོད་བསྟེན་ཞིབ་འཇུག་ཁང་བཅས་དང་དེ་བཞིན་རོ་མའི་རྒྱལ་ཁབ་འགོས་ནད་སྨན་ཁང་སོགས་དབར་ནད་པ་སྐྱོབ་བཅོས་དང་། སྨན་རྫས་བེད་སྤྱོད། སྨན་ཁང་ནས་འགོ་ནད་འགོས་རྒྱུ་ཚོད་འཛིན་བཅས་ཀྱི་ཐད་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། དབྱི་ཐ་ལིའི་ལས་དོན་མི་སྣ་དང་མཉམ་དུ་སྤྱི་དམངས་དང་སྨན་དོན་མི་སྣའི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྨན་བཅོས་སྒྲིག་གཞིའི་འགོག་སྲུང་རིམ་པ་ཁ་གསལ་བཟོ་བའི་ཐད་བསམ་འཆར་བརྗེ་རེས་བྱས་ཡོད་ཅེས་བརྗོད་པ་རེད།
          ཀེང་ཧྲོང་གིས“རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལས་དོན་སྤེལ་ནས་ཉིན་ཤས་ལས་ཕྱིན་མེད་ཀྱང་། དབྱི་ཐ་ལི་ཕྱོགས་ཀྱི་དགའ་བསུ་ཚད་མེད་དང་ཚད་མཐོའི་ཁས་ལེན་ཐོབ་ཡོད”ཅེས་བརྗོད་པ་རེད།
           ཀེང་ཧྲོང་གིས་རིགས་གཅིག་མཁས་ཅན་གྱིས་ད་ཐེངས་ཀྲུང་གོ་སྲིད་གཞུང་གིས་དབྱི་ཐ་ལིར་བྱེས་སྡོད་ཀྲུང་གོའི་སྤྱི་དམངས་ལ་དྲོ་སྐྱིད་ཚོར་བའི་རོགས་སྐྱོར་བྱེད་ལུགས་མཚོན་པར་བྱས་ཡོད། དབྱི་ཐ་ལི་དང་བྲེལ་འཚུབ་ཆེ་བའི་སྤེལ་རེས་བྱེད་རིང་། རིགས་གཅིག་མཁས་ཅན་གྱིས་དབྱི་ཐ་ལིར་ཡོད་པའི་བྱེས་སྡོད་སྤུན་ཟླ་དང་ཕྱི་སྦྱོང་སློབ་མར་ཕྱོགས་པའི་བརྙན་ལམ་ཐོག་གི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཟུར་ཁྲིད་བཀོད་སྒྲིག་བྱས་ཏེ། ཁོང་ཚོར་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཁྱད་ཆོས་དང་། སྔོན་འགོག་ཐད་ཀྱི་རྒྱུན་ཤེས་དང་སྨན་བཅོས་བྱེད་སྟངས་ངོ་སྤྲོད་བྱས་པས། ཐད་གཏོང་ལྟ་མཁན་མི་ཐེངས་ཁྲི་70ཙམ་ཟིན་པ་དང་། ས་ཁོངས་ཕྱི་ནང་གི་དྲ་ཚིགས་གཙོ་བོ་མང་པོ་བརྒྱུད་འབྲེལ་ཡོད་བརྙན་ལམ་བརྒྱུད་བསྐུར་བྱས་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།