དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གློག་ཤུགས་ཅན་གྱི་ལས་གྲྭ་སྐྲུན་འགོ་ཚུགས་པ།

སྤེལ་དུས 2020-03-18 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          ཀྲུང་གོ་ལྕགས་ལམ་ཝུའུ་ཧན་གློག་ཤུགས་ཅན་ཅུས་ཀྱིས་སྐྲུན་འགན་ཁུར་བའི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྣམ་གྲངས་གློག་ཤུགས་ཅན་གྱི་ལས་གྲྭ་ཚེས་15ཉིན་དངོས་སུ་སྐྲུན་འགོ་ཚུགས་ཤིང་། འདི་ནི་ཟླ་3ཚེས་15ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་བྱང་རྒྱུད་ཀྱི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྣམ་གྲངས་སྐྲུན་ཡུལ་དུ་བཟོ་པས་གློག་ཤུགས་ཅན་གྱི་གློག་ཤིང་འཛུགས་བཞིན་པ།
          ཚེས་15ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལྕགས་ལམ་ཝུའུ་ཧན་གློག་ཤུགས་ཅན་ཅུས་ཀྱིས་སྐྲུན་འགན་འཁུར་བའི་ཀྲུང་ལོའི་ལྕགས་ལམ་རྣམ་གྲངས་གློག་ཤུགས་ཅན་གྱི་ལས་གྲྭ་ཨར་སྐྲུན་དུས་མཚམས་སུ་སླེབས་ཡོད་པ་རེད། 
          ཀྲུང་གོ་ལྕགས་ལམ་ཝུའུ་ཧན་གློག་ཤུགས་ཅན་ཅུས་ཀྱི་ཀྲུང་ལོའི་ལྕགས་ལམ་རྣམ་གྲངས་པུས་ཀྲུང་གོ་ལྕགས་ལམ་ཝུའུ་ཧན་གློག་ཤུགས་ཅན་ཅུས་ཀྱིས“ཀྲུང་ལོའི་ལྕགས་ལམ་ཡག་པོ་བསྐྲུན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི”དམིགས་ཡུལ་གྱི་དགོངས་དོན་གཞིར་བཟུང་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགའ་ལན་ཞིག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
          ཀྲུང་ལོའི་ལྕགས་ལམ་ནི་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལོ་སིའི“སྐམ་སའི་ནང་ཁུལ་སྒོ་སྟེམས་རྒྱལ་ཁབ་དེ་སྐམ་སའི་ནང་ཁུལ་འབྲེལ་བྱེད་རྒྱལ་ཁབ་ཏུ་འགྱུར་རྒྱུའི”འཐབ་ཇུས་ཀྱི་འབྲེལ་མཐུད་རྣམ་གྲངས་ཤིག་ཡིན་པ་དང་ལོ་སིའི་དུམ་བུའི་བྱང་ནས་ལོ་ཀྲུང་གི་མཐའ་མཚམས་འགག་སྒོ་མོ་ཏིང་བར་དང་ལྷོ་ལོ་སིའི་རྒྱལ་ས་ཝན་ཐེན་བར་ཡིན་པ་དང་སྤྱིའི་རིང་ཚད་སྤྱི་ལེ་414ཡོད་པ་རེད།  ལྕགས་ལམ་དེ་ཀྲུང་གོའི་དོ་དམ་ཚད་གཞི་དང་ལག་རྩལ་ཚད་གཞི་གཞིར་བཟུང་བསྐྲུན་པ་ཞིག་ཡིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་གྱི་ཡོད་པ་དང་། གློག་ཤུགས་ཅན་གྱི་འགྲུལ་སྐྱེལ་ཟོག་སྐྱེལ་མཉམ་འདྲེས་ཀྱི་ལྕགས་ལམ་ཞིག་ཡིན་པས་ལས་གྲྭ་དེ་2016ལོའི་ཟླ་12པར་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་ཏེ་2021ལོའི་ཟླ་12པར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།