དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོས་ཧ་སག་སི་ཐན་ལ་ཞལ་འདེབས་བརྒྱབ་པའི་རིམས་འགོག་སྨན་བཅོས་དངོས་རྫས་ཁག་དང་པོ་རྩིས་སྤྲད་པ།

སྤེལ་དུས 2020-03-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          ཚེས་20ཉིན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བརྒྱུད་ཨ་སི་ཐ་ན་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་དང་། ཧ་སག་སི་ཐན་འཕྲོད་བསྟེན་པུའི་ཁོངས་གཏོགས་ཀྱི་སཱ་མུའུ་ལུའུ་ཁེ་སྨན་ལས་ཀུང་སི། དེ་བཞིན་ཧ་སག་སི་ཐན་ཟླ་གསར་དམར་པོ་ཚོགས་པ་བཅས་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་བརྒྱབ་པ་དང་དངོས་རྫས་དེ་དག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་སྤྱོད་རྒྱུ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཞལ་འདེབས་བརྒྱབ་པའི་དངོས་རྫས་དེ་དག་གི་ཁྲོད་དུ་སྨན་སྤྱོད་ལག་ཤུབས་དང་། ཁ་རས། མིག་སྲུང་མིག་ཤེལ་སོགས་ཡོད། དེའང་ཧ་སག་སི་ཐན་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་གོས་ཧ་སག་སི་ཐན་ཕྱོགས་ལ་རྩིས་སྤྲད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཁག་དང་པོ་དེ་རེད།
          ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྲིད་དོན་ཚན་ཙན་ཝང་ཐུང་དང་། སཱ་མུའུ་ལུའུ་ཁེ་སྨན་ལས་ཀུང་སིའི་སྐུ་ཚབ་ཡེའར་ལེན·ཨ་སི་ཕེན་ནུའོ་ཕུའུ། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཨ་སི་ཐ་ན་ཡན་ལག་དངུལ་ཁང་གི་སྤྱི་ཁྱབ་ཅིང་ལི་ཝང་སུང་ཧྭ་སོགས་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།