དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

རྒྱལ་ཁབ་ཉི་ཤུ་ཚོགས་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་པ།

སྤེལ་དུས 2020-03-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།

          ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆབ་སྲིད་ཀྱི་ཁས་ལེན་ཆེན་པོ་མངོན་པར་བྱེད་པ་དང་མཐུན་སྦྱོར་ངང་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
          ཐན་ཏེ་སའེ་ཡིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག མིག་སྔར། སྤྱིར་ན་རྒྱལ་ཁབ་ཚང་མས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཏོག་གསར་གློ་ཚད་ཀྱི་ནད་དཔེའི་སྙན་ཞུ་ཕུལ་བའི་ནང་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་30ལས་བརྒལ་བ་དེ“མི་རྣམས་སེམས་ཁྲལ་ཆེན་པོ་བྱེད་དགོས་པ”ཞིག་དང་། “ཏོག་གསར་གློ་ཚད་མཆེད་ཁྱབ་ཆེ་རུ་མགྱོགས་མྱུར་འགྲོ་བཞིན་ཡོད”ཅེས་བརྗོད། 
          ཁོང་གིས་ནན་བཤད་གནང་དོན། “ང་ཚོ་གྲངས་གཞིའི་ཁྲོད་ཀྱི་བཙོན་པ་མིན་ལ། རེ་བ་ཟད་པའི་ཟུར་ལྟ་བ་ཞིག་ཀྱང་མིན་པར། ང་ཚོས་རིམས་ནད་མཆེད་ཚབས་ཤུགས་ཆེན་དེར་འགྱུར་ལྡོག་གཏོང་ཐུབ” 
          ཐན་ཏེ་སའེ་ཡིས། མི་རྣམས་ཁྱིམ་དུ་སྡོད་པའམ་ཡང་ན་དེ་མིན་ལོགས་སུ་འཇོག་པའི་བྱ་ཐབས་སྤྱོད་དགོས་པའི་བླང་བྱ་འདོན་པ་ནི་ནད་དུག་མཆེད་འགོར་དུ་གཏོང་བ་དང་དུས་ཚོད་བརྩོན་ལེན་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་དེ་འགོག་ཟོན་བྱ་ཐབས་ཙམ་རེད། རིམས་འགོག་ལ་རྒྱལ་ཁ་ཐོབ་ཆེད། དོགས་པ་ཡོད་པའི་ནད་དཔེ་ཚང་མར་བརྟག་དཔྱད་བྱེད་པ་དང་། གཏན་འཁེལ་བྱུང་བའི་ནད་དཔེ་ཚང་མ་ལོགས་སུ་འཇོག་པ་དང་ལྟ་རྟོགས་བྱེད་པ། འབྲེལ་འདྲིས་དམ་ཟབ་ཡོད་མཁན་ཚང་མར་རྗེས་སྙེག་དང་ལོགས་སུ་འཇོག་པ་བཅས་དགེ་མཚན་ལྡན་པ་དང་དམིགས་སའི་རང་བཞིན་གྱི་ཐབས་ཇུས་སྤེལ་དགོས་ཞེས་བརྗོད།
          ཐན་ཏེ་སའེ་ཡིས། མིག་སྔར། སྔོན་ལ་སྨན་དོན་མི་སྣར་སྲུང་སྐྱོབ་བྱེད་དགོས། གལ་སྲིད་སྨན་དོན་མི་སྣར་སྔོན་ལ་སྲུང་སྐྱོབ་མ་ཐུབ་ན། མི་དེ་བས་མང་བ་འཆི་ཉེན་ཡོད་ཅེས་བརྗོད། 
          ཁོང་གིས། འགག་རྩའི་སྲུང་སྐྱོང་སྒྲིག་ཆས་མི་འདང་བའི་གནད་དོན་སེལ་བར་གོ་ལ་ཧྲིལ་པོའི་ངོས་ཀྱི་ཆབ་སྲིད་ཀྱི་ཁས་ལེན་དང་ཆབ་སྲིད་ཀྱི་མཐུན་སྦྱོར་གྱི་དགོས་མཁོ་ཡོད་ཅེས་བརྗོད་པ་དང་། གཟའ་འཁོར་འདིར་ཁོང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་གཏམ་བཤད་སྤེལ་ནས། ཁོང་ཚོར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཐོན་ཚད་མང་དུ་གཏོང་བ་དང་། ཕྱིར་གཏོང་གི་བཀག་རྒྱ་ལག་ལེན་མི་བསྟར་བར་དྲང་གཞག་གི་བགོ་བཤའ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།