དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

​ རྒྱལ་སྲུང་པུའུ་ཡིས་བརྗོད་དོན་ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཐའེ་དབན་ལ་མཚོན་ཆ་འཚོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

སྤེལ་དུས 2020-05-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་ཨ་རིས་ཐའེ་དབན་ལ་མཚོན་ཆ་འཚོང་བའི་ཐད་གཏམ་བཤད་སྤེལ་ཞིང་། ཁོང་གིས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དམག་དོན་འབྲེལ་བ་སྔར་བས་ཇེ་སྡུག་ཏུ་མི་འགྲོ་བ་བྱ་ཆེད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་མཚོན་ཆ་འཚོང་མཚམས་འཕྲལ་མར་འཇོག་དགོས་པ་དང་ཨ་རི་དང་ཐའེ་དབན་གྱི་དམག་དོན་འབྲེལ་བ་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་སྐུལ་འདེབས་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཝུའུ་ཆན་གྱིས། ཟླ་5ཚེས་20ཉིན་ཨ་རིའི་རྒྱལ་དོན་ཁང་གིས་ཐའེ་དབན་ལ་ཨ་སྒོར་དུང་ཕྱུར་1.8རི་བའི་ཆུ་མདེལ་སོགས་མཚོན་ཆ་འཚོང་རྒྱུའི་ཆོག་མཆན་སྤྲད་པའི་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་བྱེད་སྤྱོད་དེས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་ཇུས་བྱས་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མི་འདོད་པའི་རྣམ་འགྱུར་བསྟན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཝུའུ་ཆན་གྱིས། མིག་སྔར་ངོགས་གཉིས་ཀྱི་འབྲེལ་བ་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་ཅིང་། ཐའེ་དབན་ས་ཁུལ་གྱི་འགོ་ཁྲིད་པ་ཚའེ་དབྱིང་ཝུན་གྱིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”དང་ལེན་མི་བྱེད་པར་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་ཉིད་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྩིས་བྱེད་པའི་རེ་སྟོང་བཅངས་ཏེ་ངོགས་གཉིས་ཁ་གཏད་དུ་ལངས་ཚད་ཇེ་སྡུག་ཏུ་གཏོང་བ་དང་ངོགས་གཉིས་ཀྱི་འབྲེལ་བར་གཏོར་བཤིག་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད། དུས་བབ་དེ་འདྲའི་འོག་ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་རེས་སྐོར་གསར་པའི་མཚོན་ཆ་འཚོང་རྒྱུ་ཡིན་པ་མངོན་སུམ་འཛེམས་མེད་ངང་ཁྱབ་བསྒྲགས་བྱས་ཏེ་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་ཚབས་ཆེན་གྱི་བརྡ་རྟགས་ཤིག་བཏང་ཡོད་པ་རེད། དེས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཟོས་པ། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དམག་དོན་འབྲེལ་བའི་འཕེལ་རྒྱས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་པ་རེད།
         ཝུའུ་ཆན་གྱིས། མི་རིགས་བསྐྱར་དར་དང་རྒྱལ་ཁབ་གཅིག་གྱུར་ཡོང་བ་ནི་མི་སེམས་ཕྱོགས་ས་དང་དུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་འགོག་ཐབས་མེད་པ་ཞིག་རེད། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་དམག་དོན་འབྲེལ་བ་སྔར་བས་ཇེ་སྡུག་ཏུ་མི་འགྲོ་བ་བྱ་ཆེད། ང་ཚོས་ཨ་རི་ཕྱོགས་ཀྱིས་ཐའེ་དབན་ལ་མཚོན་ཆ་འཚོང་མཚམས་འཕྲལ་མར་འཇོག་དགོས་པ་དང་ཨ་རི་དང་ཐའེ་དབན་གྱི་དམག་དོན་འབྲེལ་བ་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་སྐུལ་འདེབས་ཤུགས་ཆེན་བྱ་རྒྱུ་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དགོས་ངེས་ཀྱི་བྱ་ཐབས་ཐམས་ཅད་སྤྱད་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་ཐའེ་དབན་མཚོ་འགག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།